(ལེའུ་ཉེར་དྲུག་པ། ཀྲི་ཡའི་ཐེག་པ་བསྟན་པ།)
ཀྲི་ཡའི་ཐེག་པ་ལ་ཡང་གསུམ༔ ངོ་བོ་ངེས་ཚིག་དབྱེ་བའོ༔ ངོ་བོ་ཀྲི་ཡའི་ལྟ་སྤྱོད་བསྡོངས༔ ངེས་ཚིག་ལུས་ངག་ཡིད་ཀྱི་ནི༔ བྱ་བ་གཙོ་བོས་བྱ་བའི་རྒྱུད༔ ཀྲི་ཡའི་དབྱེ་བ་རྣམ་བཅུ་ལ༔ དང་པོ་ཀྲི་ཡའི་དམ་ཚིག་ནི༔ དཀོན་ཅོག་གསུམ་དང་སློབ་དཔོན་དང་༔ རྡོ་རྗེ་སྤུན་དང་མིང་སྲིང་དང་༔ གཉིས་པ་ཀྲི་ཡའི་སྤྱོད་པ་ནི༔ ལྕེ་ཐོག་སྔགས་དང་སྤྱོད་པ་དང་༔ འདི་རྣམས་གཙང་མའི་སྤྱོད་པར་གསུངས༔ གསུམ་པ་ཀྲི་ཡའི་ལྟ་བ་ནི༔ ཡེ་ཤེས་སེམས་དཔའ་རྗེར་དམིགས་ཏེ༔
དམ་ཚིག་སེམས་དཔའ་བྲན་དུ་དམིགས༔ ལྷ་ལ་གཙང་མའི་མཆོད་པས་མཆོད༔ དབང་དང་དངོས་གྲུབ་ཐོབ་པར་བསམ༔ བཞི་པ་ཀྲི་ཡའི་ཡེ་ཤེས་ནི༔ ཉན་ཐོས་མདོ་སྡེ་ཐམས་ཅད་དང་༔ དེ་བཞིན་ཀྲི་ཡའི་ཁྱད་པར་གྱིས༔ གསལ་བར་མ་གྱུར་གང་ཡང་མེད༔ ཡེ་ཤེས་ཀུན་གྱི་ཁྱད་པར་གྲུབ༔ ལྔ་པ་ཀྲི་ཡའི་ཚོགས་མཆོད་ནི༔ དམ་ཚིག་དངོས་དང་སྤྱོད་པ་དང་༔ རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱིས༔ ཚོགས་སུ་མ་གྱུར་གང་ཡང་མེད༔ འདི་ནི་ཚོགས་མཆོད་དམ་པའོ༔ དྲུག་པ་ཀྲི་ཡའི་སངས་རྒྱས་ནི༔ ཉན་ཐོས་རང་རྒྱལ་ཐམས་ཅད་དང་༔ མདོ་སྡེ་དབུ་མའི་ཁྱད་པར་ལས༔ དེ་བཞིན་ཀྲི་ཡ་འཕགས་པས་ཏེ༔ རྡོ་རྗེ་འཛིན་པའི་ས་བརྙེས་སོ༔ བདུན་པ་ཀྲི་ཡའི་འཕྲིན་ལས་ནི༔ ཞི་དང་རྒྱས་དང་དབང་དྲག་རྣམས༔ གཙང་མ་སྤྱོད་པའི་འཕྲིན་ལས་ཀྱིས༔ སེམས་ཅན་དོན་ལ་རབ་ཏུ་བརྩོན༔ བརྒྱད་པ་ཀྲི་ཡའི་སྒྲིབ་པ་ནི༔ ཉོན་མོངས་ཤེས་བྱའི་སྒྲིབ་པ་དང་༔ དམ་ཚིག་སྒྲིབ་པ་གང་
༄༅༔ ༔ཡིན་པ༔ བདག་གིས་དེ་དག་རབ་གསལ་ནས༔ སྐད་ཅིག་གཅིག་གིས་བྱང་བར་འགྱུར༔ དགུ་པ་ཀྲི་ཡའི་རིག་འཛིན་ནི༔ དེ་བཞིན་དམ་ཚིག་སྤྱོད་པ་དང་༔ ལྟ་བ་ཡེ་ཤེས་ཚོགས་རྣམས་ཀྱིས༔ སངས་རྒྱས་འཕྲིན་ལས་ཀུན་རྫོགས་ནས༔ འདི་ནི་རིག་འཛིན་ས་ཡིན་ནོ༔ བཅུ་པ་ཀྲི་ཡའི་ཆད་པ་ནི༔ དམ་ཚིག་ཉེས་དང་ལྟ་བ་ཉམས༔ སྒྲུབ་དང་སྤྱོད་པ་ཉམས་རྣམས་ཀྱིས༔ འབྲས་བུ་སངས་རྒྱས་མི་ཐོབ་སྟེ༔ དེ་ནི་ཆགས་པའི་གནས་སུ་ལྟུང་༔ ལོ་པཎ་བཀའི་ཐང་ཡིག་ལས་ཀྲི་ཡའི་ཐེག་པ་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔