༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉེར་བདུན་པ། ཡོ་གའི་ཐེག་པ་བསྟན་པ།
Previous Chapter
Next Chapter

(ལེའུ་ཉེར་བདུན་པ། ཡོ་གའི་ཐེག་པ་བསྟན་པ།)

ཡོ་གའི་ཐེག་པ་ལ་ཡང་གསུམ༔ ངོ་བོ་ངེས་ཚིག་དབྱེ་བའོ༔ ངོ་བོ་ཡོ་གའི་ལྟ་སྤྱོད་བསྡོངས༔ ངེས་ཚིག་ཆོས་ཉིད་རྣལ་མ་ལ༔ རིག་པ་ཡེ་ཤེས་འབྱོར་བའོ༔ གསུམ་པ་དབྱེ་བ་ལ་ཡང་བཅུ༔ དང་པོ་ཡོ་གའི་དམ་ཚིག་ནི༔ དཀོན་ཅོག་གསུམ་དང་བྱང་ཆུབ་སེམས༔ རྡོ་རྗེ་སློབ་དཔོན་ལྷ་ལྟར་དམིགས༔

4-69b

རྡོ་རྗེ་སྤུན་དང་མིང་སྲིང་དང་༔ དབང་མ་ཐོབ་པར་མཆོད་པ་དང་༔ ལྟ་བ་དམན་ལ་མི་སྨོད་ཅིང་༔ རྡོ་རྗེ་དྲིལ་བུ་བཅང་བར་བྱ༔ གཉིས་པ་ཡོ་གའི་སྤྱོད་པ་ནི༔ ཏིང་ངེ་འཛིན་གྱིས་གཙོར་བྱས་ཏེ༔ དེ་ལྟར་དམ་ཚིག་སྤྱོད་པ་རྣམས༔ ཤིན་ཏུ་གཞུང་དང་མཐུན་པར་སྤྱད༔ སྦྱོར་དང་སྒྲོལ་བ་ཨ་མྲྀ་ཏ༔ འདི་དག་སྤྱོད་པར་མ་གསུངས་སོ༔ གསུམ་པ་ཡོ་གའི་ལྟ་བ་ནི༔ ཏིང་ངེ་འཛིན་གྱིས་གཙོར་བྱས་ནས༔ ཡེ་ཤེས་སེམས་དཔའ་གྲོགས་སུ་དམིགས༔ ཡིད་ཀྱིས་མངོན་སུམ་སྤྱན་དྲངས་ཏེ༔ བདག་གི་མདུན་ན་བཞུགས་པར་བསམ༔ བཞི་པ་ཡོ་གའི་ཡེ་ཤེས་ནི༔ ཉན་ཐོས་རང་རྒྱལ་ཨུ་པ་དང་༔ དེ་བཞིན་ཀྲི་ཡའི་གཞུང་ལུགས་རྣམས༔ གཞན་ཡང་སྤྱོད་པ་ཐམས་ཅད་ཀུན༔ གསལ་བར་མ་གྱུར་གང་ཡང་མེད༔ ལྔ་པ་ཡོ་གའི་རྣལ་འབྱོར་ནི༔ ཏེང་ངེ་འཛིན་གྱི་ཁྱད་པར་གྱིས༔ ཡང་དང་ཡང་དུ་ལྕེ་དཀྱིལ་སྔགས༔ སྙིང་པོས་བསྐོར་བ་ཆོ་འཕྲུལ་བཞི༔ དྲུག་པ་ཡོ་གའི་སངས་རྒྱས་ནི༔ སངས་རྒྱས་

4-70a

༄༅༔       ༔ཐམས་ཅད་ང་ལས་བྱུང་༔ བདག་དང་སངས་རྒྱས་སེམས་ཅན་རྣམས༔ དབྱེ་བར་བྱ་བ་རྡུལ་ཙམ་མེད༔ འདི་ལྟར་རྟོགས་ན་སངས་རྒྱས་རྣམས༔ བདུན་པ་ཡོ་གའི་འཕྲིན་ལས་ནི༔ ཏིང་ངེ་འཛིན་གྱིས་གཙོར་གྱུར་ཏེ༔ འོད་ཟེར་འཕྲོ་འདུ་མང་པོ་དང་༔ ཞི་རྒྱས་དབང་དྲག་མངོན་སྤྱོད་དང་༔ སེམས་ཅན་མང་པོའི་དོན་བྱའོ༔ བརྒྱད་པ་ཡོ་གའི་སྒྲིབ་པ་ནི༔ ཏིང་ངེ་འཛིན་གྱིས་གཙོར་བྱས་ཏེ༔ ཉན་ཐོས་རང་རྒྱལ་ཐམས་ཅད་དང་༔ ཨུ་པ་ཀྲི་ཡ་ལ་སོགས་པ༔ མ་རྟོགས་པ་ནི་ཅི་ཡང་མེད༔ དགུ་པ་ཡོ་གའི་རིག་འཛིན་ནི༔ ཏིང་ངེ་འཛིན་གྱི་ཁྱད་པར་གྱིས༔ ཇི་ལྟར་དམ་ཚིག་སྤྱོད་བ་དང་༔ ལྟ་བ་ཡེ་ཤེས་གསལ་གྱུར་ནས༔ རིག་པ་འཛིན་པའི་ས་ནོན་ནོ༔ བཅུ་པ་ཡོ་གའི་ཆད་པ་ནི༔ ཨུ་པ་རྣམས་ཀྱི་ཆད་པ་དང་༔ ཀྲི་ཡའི་དམ་ཚིག་ལྟ་བ་དང་༔ སྤྱོད་པ་མ་རྟོགས་གཅིག་ཀྱང་མེད༔ ལོ་པཎ་བཀའི་ཐང་ཡིག་ལས་ཡོ་གའི་ཐེག་པ་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ༔

4-70b

ཐྲཐཉྲརྦྱ།རྦྱ།༔       ༔