༄༅། །བཀའ་ཐང་སྡེ་ལྔ།
ལེའུ་སོ་གཅིག་པ། སྤྱི་ཏིའི་ཐེག་པ་བསྟན་པ།
Previous Chapter
Next Chapter

(ལེའུ་སོ་གཅིག་པ། སྤྱི་ཏིའི་ཐེག་པ་བསྟན་པ།)

སྤྱི་ཏིའི་ཐེག་པ་ལ་ཡང་གསུམ༔ ངོ་བོ་ངེས་ཚིག་དབྱེ་བའོ༔ ངོ་བོ་སྤྱི་ཏིའི་ལྟ་སྤྱོད་བསྡོངས༔ ངེས་ཚིག་ཁྱད་པར་ཐེག་བ་དགུ༔ སྤྱི་ཏིའི་དབྱེ་བ་ལ་ཡང་བཅུ༔ དང་པོ་སྤྱི་ཏིའི་དམ་ཚིག་ནི༔ སྣང་བ་གང་ཤར་སྐུ་གསུམ་ཡིན༔ གཉིས་པ་སྤྱི་ཏིའི་སྤྱོད་པ་ནི༔ ཐེག་དགུ་གཅིག་ཏུ་དྲིལ་ནས་སྤྱོད༔ རེས་འགའ་ཉན་ཐོས་པ་ཡི་སྤྱོད༔ རེས་འགའ་རང་རྒྱལ་པ་ཡི་སྤྱོད༔ དེས་འགྲེ་ཐེག་པ་གོང་མ་རྣམས༔ གསུམ་པ་སྤྱི་ཏིའི་ལྟ་བ་ནི༔ སྣང་སྲིད་དབྱིངས་རིག་འདུ་

4-74b

འབྲལ་མེད༔ འཁོར་བའི་མདོ་དང་མྱང་འདས་མདོ༔ དྭངས་སྙིགས་གཉིས་ཀྱི་དབྱེ་བས་འཕགས༔ བཞི་པ་སྤྱི་ཏིའི་ཡེ་ཤེས་ནི༔ སྤྱོད་ཡུལ་མ་གྱུར་གང་ཡང་མེད༔ གོལ་སའི་རྩ་བ་ཐམས་ཅད་འགྱེལ༔ མཁའ་འགྲོ་གསང་བའི་བཀའ་རྒྱ་བཀྲོལ༔ ཡེ་ཤེས་རྣམ་ཐར་འཆད་རྒྱུ་མེད༔ ཐེག་པ་ཐམས་ཅད་ཀུན་ལ་འཕྲོ༔ ཡེ་ཤེས་སྣང་བ་འཆད་རྒྱུ་མེད༔ སྣང་གྲགས་དབང་སྒྱུར་བཅོས་མ་མེད༔ འདུ་བྱེད་གྲོགས་འཆར་ལམ་དུ་སློང་༔ ལྔ་པ་སྤྱི་ཏིའི་ཚོགས་མཆོད་ནི༔ ཡོ་བྱད་གཉིས་ལ་ལོངས་སྤྱད་པས༔ ཕྱོགས་དེར་སྡུག་སྒུར་མི་ཚུགས་ཤིང་༔ མ་འགག་མ་ཞི་ཉམས་འབར་འདི༔ འཁོར་གསུམ་ཡོངས་བདག་ཚོགས་མཆོད་ཡིན༔ དྲུག་པ་སྤྱི་ཏིའི་སངས་རྒྱས་ནི༔ བློ་ཡི་བྱ་རྒྱུ་ཀུན་མེད་པས༔ ཡེ་ཡིན་ཁུ་ཡིན་འུར་རྒྱངས་མེད༔ མྱོང་ཐོག་འཁེལ་བའི་གདེངས་ཐོབ་པ༔ མངོན་པར་རྫོགས་པའི་སངས་རྒྱས་སོ༔ བདུན་པ་སྤྱི་ཏིའི་འཕྲིན་ལས་ནི༔ གཡོ་བ་མེད་པའི་སྐྱེས་བུ་ལ༔ ལྷ་ཡི་བུ་དང་བུ་མོ་

4-75a

༄༅༔       ༔རྣམས༔ མང་པོ་མང་པོ་རྒྱན་ལྡན་ནི༔ ལ་ལ་ནམ་མཁའ་དག་ལ་ལྡིང་༔ ལ་ལ་བར་སྣང་དག་ལ་འཕྱོ༔ ལ་ལ་ས་གཞི་དག་ལ་འཁྲབ༔ ལྷ་དང་ལྷ་མོའི་སྐུར་སྟོན་འོང་༔ གསུང་སྒྲོག་ཆོས་སྟོན་མཆོག་ཐུན་སྟེར༔ མཁའ་འགྲོ་མང་པོས་འདོད་ཡོན་འབུལ༔ ལྷ་འདྲེ་མང་པོས་ཀུ་ཅོ་འདེབས༔ མ་མགོན་ཆོས་སྐྱོང་འཕྲིན་ལས་བྱེད༔ བརྒྱད་པ་སྤྱི་ཏིའི་སྒྲིབ་པ་ནི༔ ལྐུགས་བྱེད་འབྱམས་འདུས་སྦས་གབ་དང་༔ བྱིང་བ་རྨུགས་པ་རྒོད་པ་སྟོངས༔ འཐས་པ་ངོ་ཞེན་དྲན་འཛིན་མེད༔ སྒྲིབ་པ་བཅུ་གསུམ་མཆོག་གི་ཀློང་༔ དགུ་པ་སྤྱི་ཏིའི་རིག་འཛིན་ནི༔ ལས་རུང་མི་སྣང་སྣང་བར་ནུས༔ སྣང་བ་སྒྱུར་ནུས་འཇའ་འོད་སྒྲ༔ དགེ་དང་མི་དགེ་ལྟས་རྣམས་ཤེས༔ བདེ་བར་གཤེགས་པ་སྐར་ཚོགས་ཙམ༔ དབྱིབས་དང་ཁ་དོག་མི་འདྲ་བ༔ འོད་ཀྱི་གཟུགས་བརྙན་ཉམས་སྣང་འཁྲིགས༔ རིག་འཛིན་མང་པོས་བྱིན་གྱིས་བརླབས༔ ཆད་པ་ལ་ཟླ་བོགས་སུ་འདོན༔ རིག་འཛིན་རིགས་

4-75b

གསུམ་རིགས་བཞི་ལྔ༔ ཡུལ་ནི་ཉི་ཤུ་རྩ་བཞིའམ༔ སུམ་ཅུ་རྩ་བཞི་བརྡ་དོན་གཉིས༔ དུར་ཁྲོད་ཀྱིས་ནི་བོགས་སུ་ཐོན༔ ས་གསུམ་ས་བཞི་ས་ལྔ་པ༔ ཀྲི་ཡ་ཨོ་ག་ཨུ་པ་བསྟན༔ ས་དྲུག་ས་བདུན་བོགས་འདོན་དུས༔ མ་ཧཱ་ཡོ་ག་ཨ་ནུ་བསྟན༔ ས་བརྒྱད་ས་དགུ་བོགས་འདོན་དུས༔ ཨ་ཏི་སྤྱི་ཏི་ཡོ་ག་བསྟན༔ ས་བཅུ་བཅུ་གཅིག་ཀུན་ཏུ་འོད༔ ཨ་ཏི་ཡོ་ཁ་མཐའ་ཆེན་བསྟན༔ དེ་དག་སྤྱི་ཏི་ཆེ་བས་ཏེ༔ ཉོན་མོངས་སྤྱད་ཀྱང་སྐྱོན་མེད་དོ༔ ལོ་པཎ་བཀའི་ཐང་ཡིག་ལས་སྤྱི་ཏིའི་ཐེག་པ་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔