༄༅། །བཀའ་ཐང་སྡེ་ལྔ།
ལེའུ་གཉིས་པ། མིའི་རྒྱལ་པོ་ཇི་ལྟར་བྱོན་བསྟན་པ།
Previous Chapter
Next Chapter

(ལེའུ་གཉིས་པ། མིའི་རྒྱལ་པོ་ཇི་ལྟར་བྱོན་བསྟན་པ།)

མི་ཡི་རྒྱལ་པོ་ཇི་ལྟར་བྱོན་པ་ནི༔ གོང་མ་རྗེ་ཡི་གདུང་རབས་ཡིན༔ བསྐོས་དང་གློ་བུར་གདུང་བརྒྱུད་གསུམ༔ གདུང་བརྒྱུད་རྒྱལ་པོ་རྗེ་ཡི་དབང་གིས་ན༔ མང་པོས་བཀུར་བ་ཡར་དེད་ལྷ་དགུ་ནས༔ མར་དེད་སྒྲ་གཅན་འཛིན་པ་ཡན་ཆད་དུ༔ ཤཱཀྱའི་རིགས་ཀྱི་གདུང་བརྒྱུད་ཡ་མཚན་གླེང་བ་ལས༔ བསྐོས་པའི་རྒྱལ་པོ་སྡེ་བཞི་ཡང་༔ ཤར་ནས་སྐར་མ་སྨིན་དྲུག་འཆར་བའི་འོག༔ རྒྱ་ནག་གཙུག་ལག་རྒྱལ་པོ་ཡོད༔ འཇམ་དཔལ་རྣམ་པ་དུ་བྱོན་ནས༔ རྒྱ་ནག་རི་བོ་རྩེ་ལྔའི་ཤར༔ རྩིས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས༔ ལྷོ་ནས་སྐར་མ་ལག་སོར་འཆར་

5-10a

༄༅༔       ༔བའི་འོག༔ རྒྱ་གར་ཆོས་ཀྱི་རྒྱལ་པོ་ཡོད༔ སངས་རྒྱས་སྟོང་དང་རབས་བདུན་འབྱོན༔ རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས༔ སངས་རྒྱས་ཤཱཀྱ་ཐུབ་པ་ཡིས༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས༔ ནུབ་ཕྱོགས་ཟླ་བ་ཚེས་པའི་འོག་ན་ནི༔ ཏ་ཟིག་ནོར་གྱི་རྒྱལ་པོ་ཡོད་དོ་སྐད༔ སྟོན་པ་ཨཱརྱ་ཛམྦྷ་ལ་ཡིས་བྱེད༔ ལས་སུ་དབུལ་ཕོངས་སྡུག་བསྔལ་སེལ་བ་ཡིན༔ བྱང་ན་སྐར་མ་སྨེ་བདུན་འཆར་བའི་འོག༔ ཁྲོམ་ནི་གེ་སར་དམག་གི་རྒྱལ་པོ་ཡོད༔ མདོ་དོན་སུམ་ཅུ་ཙམ་ནས་གླེང་བ་ཡིན༔ བསྐོས་པའི་རྒྱལ་པོ་སྡེ་བཞི་ལ༔ ལོངས་སྤྱོད་སྤྱོད་པ་གནས་དང་གང་གིས་བསྐོ༔ འདོད་པ་ལྷ་དང་བཅས་པའི་ལོ་རྒྱུས་མང་༔ གློ་བུར་རྒྱལ་པོ་ཅན་ལྔ་རྐྱང་དང་ཁུག༔ གནམ་ལ་ཁྲི་བདུན་ས་ལ་ལེགས་དྲུག་དང་༔ ལོགས་ལ་ལྡེ་བརྒྱད་ཚིགས་ལ་བཙན་ལྔ་དང་༔ ཁྲིམས་མེད་རྒྱལ་པོ་ཉི་ཤུ་རྩ་ལྔ་བྱོན༔ སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་

5-10b

གསུམ་ནས༔ དེ་ནས་དབུ་བརྙེས་པ་དང་སྲོལ་གཏོད་དང་༔ དར་ཞིང་རྒྱས་པར་མཛད་པའི་རྒྱལ་པོ་གསུམ༔ གནམ་ལྷ་བབས་ཀྱི་རྒྱལ་པོ་གཉའ་ཁྲི་བཙན༔ གླེང་ལུགས་མ་མཐུན་གསང་བསྒྲགས་ལས་གསང་ཟེར༔ གསང་བ་རྒྱལ་པོ་ཆད་པས་ཆོས་ལུགས་གླེང་༔ ཡང་གསང་ཐེའུ་བྲང་ཆད་པས་དམངས་བློན་གླེང་༔ སྤུ་ཡུལ་མོ་བརྩུན་གུང་རྒྱལ་ལ༔ ཐེའུ་བྲང་སྤུན་དགུ་སྐྱེས་པ་ལས༔ ཆུང་དག་ཨུ་པེ་ར་ནས་ཆད་པའོ༔ ཁུར་དུ་གཉེར་ལྗི་ལས་སུ་སྨྲ་དཀའོ༔ ཁྲི་རྒྱལ་བ་དང་དྲི་དམུ་ཏྲི་བཙན་སྲས༔ གཉའ་ཁྲི་བཙན་པོ་ཟླ་བ་ཉ་ལ་སྐྱེས༔ ཉ་ཁྲི་བཙན་པོ་ཞེས་ཀྱང་བྱ༔ དུས་དེ་ཙ་ན་བོད་ལ་རྒྱལ་ཕྲན་བྱེད༔ ཕྱོགས་བཞིའི་རྒྱལ་པོ་ཆེན་པོ་བཞི་མ་ཐུབ༔ ཞང་གསུམ་བློན་བཞི་ཡབ་འབངས་རུས་དྲུག་གི༔ ཤེས་པ་མཁན་མི་གཉིས་ཀྱིས་རྗེ་བཙལ་བས༔ རྗེ་སྐར་མ་ཡོལ་སྡེའི་ཞལ་ནས་སུ༔ གནམ་ས་རིམ་པ་ལྔ་ཡི་སྟེང་བཞུགས་པ༔ གཉའ་ཁྲི་བཙན་པོ་

5-11a

༄༅༔       ༔བྱ་བ་ལྷ་ཡི་སྲས༔ དམུ་ཡི་དབོན་པོ་ཡོད་པས་སྤྱན་དྲོངས་གསུངས༔ གཉའ་ཁྲི་བཙན་པོ་དོགས་དྲུག་ཡོད་གསུངས་པ༔ རྐུ་ཡོད༔ སྡང་ཡོད༔ དགྲ་ཡོད༔ གཡག་ཡོད༔ དུག་ཡོད༔ བྱད་སྟེམས་ཡོད༔ གསུངས་སོ༔ རྩིབས་ལྷ་སྐར་མ་ཡོལ་སྡེས་བོད་འདིར༔ རྐུ་ལ་ལན་ཡོད༔ སྡང་ལ་བྱམས་ཡོད༔ དགྲ་ལ་གཉེན་ཡོད༔ གཡག་ལ་མཚོན་ཡོད༔ དུག་ལ་སྨན་ཡོད༔ བྱད་སྟེམས་ལ་འགྲོལ་ཐབས་ཡོད་སྨྲས་སོ༔ དམུ་ཆས་བཅུ་དང་བཅས་ནས་བྱོན༔ མིའི་རྒྱལ་པོ་ཇི་ལྟར་བྱོན་པའི་སྐབས་ཏེ་གཉིས་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔