༄༅། །བཀའ་ཐང་སྡེ་ལྔ།
ལེའུ་དྲུག་པ། རྒྱལ་ཁྲིམས་བཅས་པའི་སྐབས།
Previous Chapter
Next Chapter

(ལེའུ་དྲུག་པ། རྒྱལ་ཁྲིམས་བཅས་པའི་སྐབས།)

དེ་ནས་རྒྱལ་ཁྲིམས་

5-17b

ཇི་ལྟར་བཅས་པ་ནི༔ མགོ་ནག་མི་ཡི་འཁོར་གཡོག་བསྟེན་པ་ལ༔ གཙུགས་དང་ཕྲ་མ་གོང་དུ་ཤོར་དོགས་བྱེད༔ ཚིག་ལེགས་ཞུ་འབུལ་རྣ་བར་སྙན་མི་འཁྱོལ༔ འཕྲལ་སྤྱོད་ལེགས་པ་སྤྱན་སྔར་མཛེས་པ་མེད༔ ལམ་སྣ་བླ་མས་འདྲེན་པ་གོ་བར་དཀའ༔ ཆོས་མེད་བློན་པོ་རྣམས་ཀྱི་མཐོང་ལུགས་བསྟན༔ རྒྱལ་ཁྲིམས་ཉེས་པ་ཕོག་པ་མེད་ཕྱིན་ཆད༔ མོས་ན་འབངས་བདེ་ངེས་ཤེས་འཕྲལ་ལ་སྐྱེ༔ བཀའ་མཆིད་རྣམ་པ་ལྔ་ལ་བསྐོར་བའི་གྲོས༔ སྤྱིར་དཔེ་རྒྱལ་བློན་རྣམས་ཀྱི་བཀའ་མཆིད་དང་༔ རང་གི་རྒྱུད་ལ་སྦྱར་བའི་བཀའ་མཆིད་དང་༔ བཟང་ངན་འབྲིང་གསུམ་སྐྱོང་ཤེས་བཀའ་ཡི་མཆིད༔ གསང་གཏམ་གབ་ཅིང་སྦ་བ་བཀའ་ཡི་མཆིད༔ བུད་མེད་གྲོས་ཁྱུར་མི་གཞུག་བརྩམས་མཐར་ཕྱིན༔ རྒྱལ་ཁྲིམས་རྗེ་ཡིས་བཀའ་སྩལ་དབང་མཛད་ཁྲིམས༔ སྟོད་གསུམ་སྨད་གསུམ་མཛད་གསུམ་མི་མཛད་གསུམ༔ མཁས་བཙུན་བཟང་པོ་གྲལ་གྱི་སྟོད་དང་གཅིག༔ དགྲ་འདུལ་དཔའ་བོ་

5-18a

༄༅༔       ༔སྟག་གི་སྟོད་དང་གཉིས༔ བྱས་གཟེ་མཛངས་དང་ཡིག་ཚངས་སྟོད་དང་གསུམ༔ སྨད་གསུམ་རྐུན་མ་གསོད་དང་གཏམ་པོ་སྤྱུག༔ བྱི་ཆལ་སྣ་མིག་འཆོལ་མ་བཅིང་དང་གསུམ༔ མཛད་གསུམ་སྐུ་གསུང་ཐུགས་རྟེན་དམ་ཆོས་མཛད༔ ཁྲིམས་འོག་མི་བསད་སྟོང་དང་གསོས་ཐང་མཛད༔ རྗེ་ལ་མ་བྱིན་བླངས་ན་བརྒྱ་འཇལ་དང་༔ དཀོན་ཅོག་མ་བྱིན་བླངས་ན་བརྒྱད་ཅུ་འཇལ༔ སྐྱེ་བོར་མ་བྱིན་བླངས་ན་དགུ་འཇལ་མཛད༔ མི་མཛད་གསུམ་ལ་ཡོ་ལོག་ཡ་མི་སྲོང་༔ སྔ་ཕྱི་དཔེ་སྲོལ་གནོད་པའི་དྲན་མི་གསལ༔ ཁེངས་རྒོད་མི་བཏང་བྲན་མོ་བཀའ་བཞིན་བགྱི༔ སྙིང་ཉེ་ཤ་ཚས་གང་ལ་གང་ཕན་གྱིས༔ གྲོས་གདབ་བྱས་པས་ཕལ་ཆེར་ངེས་ཤེས་སྐྱེ༔ ཚོད་ནི་མ་ཟིན་མཐོང་གོམས་མྱོང་ལ་དྲིས༔ ལེགས་ཉེས་དཔེ་དོན་སྤྱོད་ཡུལ་བསྟུན་པར་བྱེད༔ རྒྱལ་ཁྲིམས་བཅས་པའི་སྐབས་ཏེ་དྲུག་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔