༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བརྒྱད་པ། ཡུལ་ཁམས་རྒྱ་བསྐྱེད་མཐའ་དམག་རྣམས་བཏུལ་བའི་སྐབས།
Previous Chapter
Next Chapter

(ལེའུ་བརྒྱད་པ། ཡུལ་ཁམས་རྒྱ་བསྐྱེད་མཐའ་དམག་རྣམས་བཏུལ་བའི་སྐབས།)

ཡུལ་ཁམས་རྒྱ་བསྐྱེད་མཐའ་དམག་དགྲ་རྣམས་འདུལ༔ ཞེས་པས༔ ཡུལ་ཁམས་རྒྱ་ནི་ཇི་ལྟར་བསྐྱེད་པ་ནི༔ དགོས་འདོད་སྐོང་བྱེད་གསང་བའི་རྒྱས་བཏབ་པ༔ མངོན་སུམ་གསལ་བྱེད་སེམས་ཀྱི་གསང་བརྟོལ་མཛོད༔ ཁྱད་པར་ལྷོ་ཕྱོགས་འཛམ་བུ་གླིང་འདི་ནི༔ ཤར་དུ་ལི་ཁ་ར་ཡི་ཤིང་འཕེལ་ནས༔ ལྷོ་རུ་འདམ་བུ་འདམ་རྒྱུད་ཀྱི་ཚལ་ནས༔ ནུབ་ན་དྲི་ཟ་ཀ་བ་ཉེ་བའི་ཚལ༔ བྱང་དུ་ཨུ་ཤྲཱིའི་རི་བོ་ཚུན་ཆད་ན༔ འཛམ་བུ་གླིང་གི་སུམ་གཉིས་ཡུལ་རྒྱ་བསྐྱེད༔ བཀའ་ཁྲིམས་བཟང་པོས་མཐའ་ཡི་དགྲ་རྣམས་བཏུལ༔ ཕྱོགས་བཞིའི་དགྲ་རྣམས་བོད་ཀྱི་དགྲ་སྐལ་ཡིན༔ རྒྱ་ནག་རྒྱལ་པོ་བོད་ལ་སྤྱང་ལྟར་འཇབ༔ དམག་དཔོན་ལྷ་བཟང་ཀླུ་དཔལ་རྒྱ་ནག་བཅོམ༔ བོད་དུ་ལེགས་

5-20a

༄༅༔       ༔ཉེས་རྩིས་གཞི་གཏན་ལ་ཕབ༔ མི་ཆོས་ཟབ་མོ་བཀའ་དྲིན་ཀུན་ཆེར་མཛད༔ པཎ་ཆེན་བརྒྱ་དང་རྩ་བརྒྱད་བོད་དུ་བཞུགས་༔ འོད་མའི་དུག་མདའ་རྒྱ་ནག་འོག་ཏུ་འདུ༔ རྒྱ་གར་རྒྱལ་པོ་བོད་ལ་སྦྲུལ་ལྟར་འཁྲིལ༔ བདོས་པས་མ་ཐུབ་སྐྱེས་ཀྱིས་དབང་དུ་བསྡུས༔ ལྕགས་ཤིང་དུང་མདའ་རྒྱ་གར་འོག་ཏུ་འདུ༔ ཏ་ཟིག་རྒྱལ་པོ་བོད་ལ་ཁྲ་ལྟར་གདུག༔ ཐབས་མི་འདྲ་བ་བཞི་བཅུ་ཐམ་པས་བཏུལ༔ གཟི་མཆོང་གསེར་སོགས་རིན་པོ་ཆེ་རྣམས་བརྡོལ༔ མཚོན་འདེབས་རལ་གྲི་ཏ་ཟིག་འོག་ཏུ་འདུས༔ གེ་སར་རྒྱལ་པོ་བོད་ལ་རྟ་ལྟར་འཚབ༔ རྫུ་འཕྲུལ་ཡ་མ་ཟུང་གིས་གེ་སར་བཏུལ༔ འཕྲུལ་ཐབས་སྒྱོགས་དང་ལག་ཆ་གོ་མཚོན་བྱུང་༔ བོད་དཔུང་འདྲིལ་བས་གེ་སར་འོག་ཏུ་འདུས༔ དུས་བཟང་མཚོན་ཁ་ཕྱི་ལ་བསྟན་པ་ཡིས༔ ཕྱོགས་བཞིའི་རྒྱལ་བྲན་ཐམས་ཅད་མངའ་འོག་འདུས༔ རྒྱལ་ཁམས་ཀུན་ཀྱང་ས་བཅད་ཡུལ་ཡངས་

5-20b

བསྐྱེད༔ ཤར་ཕྱོགས་གསེར་ཟམ་སེར་པོའི་ནོར་སྒོ་བྱེ༔ ལྷོ་ཕྱོགས་དོམ་སྒྲོ་ནག་པོའི་ཁ་ནི་བསྡམས༔ ནུབ་ཕྱོགས་བདུད་རྩིའི་ཆུ་རྒྱུན་རྒྱུན་མ་ཆད༔ བྱང་ཕྱོགས་ཤ་ལྤགས་སྐྱ་བོ་ཁ་ཕྱིར་བསྟན་༔ བཟང་སེམས་ཅན་དང་ལེགས་པའི་ཡོན་ཏན་ཅན༔ འབངས་ཀྱི་དམ་པ་ཞབས་འོག་དར་བས་འབོལ༔ རྗེ་ཡི་བཀའ་ལུང་ཉི་མ་ཤར་བ་འདྲ༔ རྒྱལ་ཁྲིམས་ལྕགས་ཀྱི་ནན་ཐག་ལྟ་བུར་བསྡམས༔ ངན་སྤྱོད་རྐུ་འཕྲོག་མེད་པས་བློ་གཏད་ཐུང་༔ བློན་པོ་ལོངས་སྤྱོད་ཆེ་བས་གྲོས་ཕུགས་མཐུན༔ ཕྱོགས་ཀྱི་མགྲོན་པོ་འདུ་བས་སྟབས་ཆགས་མེད༔ རྒྱ་ཆེ་དོན་འདྲིལ་མཐའ་ཡི་མཆིད་ནས་བཏོན༔ ཡུལ་ཁམས་རྒྱ་བསྐྱེད་མཐའ་དམག་དགྲ་རྣམས་བཏུལ་བའི་སྐབས་ཏེ་བརྒྱད་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔