༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་པ། དྲང་དོན་རིམ་གྱིས་པ་ཡོད་སྨྲའི་སྡེ་པའི་སྐབས།
Previous Chapter
Next Chapter

(ལེའུ་བཅུ་པ། དྲང་དོན་རིམ་གྱིས་པ་ཡོད་སྨྲའི་སྡེ་པའི་སྐབས།)

དེ་ནས་ལྷ་ཆོས་མི་ཆོས་གཉིས་སུ་ཇི་ལྟར་སྦྲེལ་བ་ནི༔ དང་པོ་ལྷ་ཆོས་ལོ་པཎ་ཉི་ཤུ་ལ༔ ཨཱ་ཙཱཪྻ་བྷོ་དྷི་ས་ཏྭ་དང་༔ ཨཱ་ཙཱཪྻ་པདྨ་འབྱུང་གནས་དང་༔ ཨཱ་ཙཱཪྻ་བི་མ་ལ་མི་ཏྲ་དང་༔ ཨཱ་ཙཱཪྻ་དྷརྨ་ཆོས་མཆོག་དང་༔ ཨཱ་ཙཱཪྻ་དེ་བ་མ་ཏི་དང་༔ ཨཱ་ཙཱཪྻ་ཕྱོགས་ཀྱི་གླང་པོ་དང་༔ ཨཱ་ཙཱཪྻ་ཏ་ཐཱ་ག་ཏ་སཾ་སྐྲྀ་ཏ་དང་༔ ཨཱ་ཙཱཪྻ་བུདྡྷ་ཀུབྟ་དང་༔ ཨཱ་ཙཱཪྻ་ཧཱུཾ་ཀཱ་ར་དང་༔ ཨཱ་ཙཱཪྻ་ཤཱན་ཏིངྐར་དང་༔ བལ་པོ་དུ་ཧ་ར་ནག་པོ་དང་༔ མཁན་ཆེན་བོ་ཏི་དྷརྨོ་ཏྟཱིར་དང་༔ རྒྱ་ནག་ཧྭ་ཤང་མ་ཧཱ་ཡཱ་ན་དང་༔ སིངྒ་ལ་ཀླུའི་དབང་ཕྱུག་དང་༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་༔ ལོ་ཙཱ་བ་ལ་གསུམ་རྒྱལ་བ་བྱང་ཆུབ་དང་༔ ལོ་ཙཱ་བ་རྨ་རིན་ཅེན་མཆོག་དང་༔ ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་དང་༔ ལོ་ཙཱ་དཱ་ན་དྷ་ལ་དང་༔ ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང་༔ རྒྱ་བོད་གྲགས་པའི་ལོ་པཎ་རྣམས༔ བཀའ་དང་གཞུང་ལུགས་

5-22b

མང་པོ་དང་༔ སློབ་དཔོན་བཞེད་གཞུང་མང་པོ་རྣམས༔ རྒྱུ་ཡི་ཐེག་པའི་ལུགས་ལ་ནི༔ དབང་པོ་རྣོ་རྟུལ་གཉིས་སུ་འདོད༔ རིམ་གྱིས་པ་དང་ཅིག་ཅར་བ༔ རིམ་གྱིས་འཇུག་པོའི་ལོ་རྒྱུས་ལ༔ ལྷ་མིའི་སྟོན་པ་ཤཱཀྱ་ཐུབ་པ་དེ༔ ནཻ་རཉྫ་རའི་མཆོད་རྟེན་རྣམ་དག་དྲུང་༔ རང་གི་དབུ་སྐྲ་རང་བཞར་རབ་ཏུ་བྱུང་༔ འཇིག་རྟེན་འདས་པའི་མཛད་པ་མཐར་ཕྱིན་མཛད༔ རྒྱལ་རིགས་སྒྲ་གཅན་འཛིན་ནི་རབ་ཏུ་བྱུང་༔ ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་བྱུང་༔ ཡབ་ནི་རྒྱལ་པོ་ཚངས་འདོད་ཅེས་བྱ་ཡབ༔ ཡུམ་ནི་སྐྲ་ཡི་ལྭ་བ་ཅན་ཞེས་ཡུམ༔ ཁྱི་རྒྱལ་དགེ་སློང་ཀུ་ཀུ་རཱ་ཛ་ཡིན༔ སྒྲ་གཅན་འཛིན་ལས་རབ་བྱུང་ལོ་སྟོང་ཐུབ༔ ཐུབ་པའི་བསྟན་པ་ཐེག་པ་གསུམ་ལ་མཁས༔ དེ་བཞིན་གཤེགས་པ་རིན་ཆེན་མང་སྤྲུལ་གྲགས༔ དེ་ལ་དགེ་སློང་ལི་ཙ་བྱིས་རབ་བྱུང་༔ མཁན་ཆེན་དྲི་མ་མེད་པ་ཞེས་བྱར་གྲགས༔ དེ་ལ་བོ་དྷི་ས་ཏྭས་རབ་ཏུ་བྱུང་༔ མཁན་ཆེན་ཡབ་མེས་ཟ་ཧོར་རྒྱལ་པོ་ཛ༔ ལོ་བརྒྱས་

5-23a

༄༅༔       ༔ཕུང་པོ་ལྷག་མེད་འཇའ་ལྟར་ཡལ༔ ནམ་མཁའ་བྱ་རྒོད་ལྗོངས་ཀྱི་ཁྲིམས་འཕྱོ་གླིང་༔ གསང་སྔགས་ཕྱི་ནང་གཉིས་ཀ་མཁས་མཁྱེན་པ༔ སངས་རྒྱས་རྡོ་རྗེ་སེམས་དཔའི་སྤྲུལ་པ་ནི༔ སློབ་དཔོན་མ་ཧཱ་རཱ་ཛ་དུས་གསུམ་མཁྱེན༔ རྒྱལ་པོ་ཛཿཡི་བླ་མ་ཡིན་པར་བཤད༔ ཛ་ཡི་སྲས་ནི་ཨིནྡྲ་བྷཱུ་ཏི་ཡིན༔ ཉིས་བརྒྱ་ལོར་འདས་ཕུང་པོ་ལྷག་མེད་ཡལ༔ དེ་སྲས་རྒྱལ་པོ་གོ་མ་དེ་བྱི་ཡིན༔ ཕྱེད་དང་ཉིས་བརྒྱ་ཐུབ་ནས་འཇའ་ལྟར་ཡལ༔ དེ་སྲས་མཁན་པོ་བོ་དྷི་ས་ཏྭ་ཡིན༔ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་༔ སྐྱེ་བ་སྔ་མའི་ལས་འབྲེལ་ཐུགས་དམ་གཅིག༔ རྒྱལ་པོས་དགུང་ལོ་བཅུ་གསུམ་ལོན་ཙ་ན༔ བོ་དྷི་ས་ཏྭ་བོད་དུ་འབྱོན་པ་ལ༔ རྒྱ་གར་གཙིགས་ཆེ་བས་ནི་མ་བཏང་དོགས༔ བལ་ཡུལ་འཕགས་པ་ཤིང་འཁུན་གཙུག་ལག་དང་༔ གོ་ཏ་བི་རའི་གཙུག་ལག་ཁང་གཉིས་ལ༔ ཕྱག་སྐོར་མཆོད་པ་བྱེད་དུ་འགྲོ་གསུངས་བྱོན༔ བོད་ཀྱི་རྒྱལ་པོས་འབྱོན་

5-23b

པ་མ་མཁྱེན་ནས༔ བློན་པོ་རྫས་ཆེས་བང་ཆེན་བཏང་ནས་སུ༔ ཡབ་རྒྱལ་གྲོངས་ནས་རྒྱལ་སྲིད་མ་ཟིན་ཅིང་༔ བོད་ན་དགེ་བ་བཅུ་ཡི་སྒྲ་མི་གྲག༔ ད་རེས་མ་འབྱོན་དུས་ཕྱིས་འབྱོན་པར་ཞུས༔ བློན་འབངས་དབང་ཞིག་བསྐུར་ནས་རྒྱ་གར་བཞུད༔ དེ་ནས་དུས་ཕྱིས་མཁན་པོས་འབྱོན་རན་མཁྱེན༔ ཚོང་དུས་འགུར་མོར་བྱོན་འདུག་ཟེར་བ་དང་༔ རྒྱལ་པོས་བང་ཆེན་བཏང་བས་ལྷ་སར་བྱོན༔ རྗེ་ཡིས་བློན་འབངས་རྣམས་ལ་བཀའ་སྩལ་པ༔ ལྷ་སར་པཎྜི་ཏ་ཞིག་འབྱོན་འདུག་ཟེར༔ ང་ནི་མཇལ་འགྲོ་ཁྱེད་རྣམས་འགྲོའམ་གསུངས༔ བློན་པོ་རྒན་རིམ་རྣམས་ཀྱིས་གྲོས་བྱས་ནས༔ མཐའ་མིས་མགོ་སྐོར་བྱུང་བའི་ཉེན་ཡོད་པས༔ རྒྱལ་པོའི་སྐུ་ཚེའི་བར་ཆོད་འགྲོ་ཉེན་ཡོད༔ ངེད་ཀྱིས་མཚན་ཉིད་བརྟག་གིས་ཟེར་ནས་བཏང་༔ མཁན་པོས་དེ་བར་མི་རྣམས་ཐམས་ཅད་ལ༔ སོར་མོ་བཅུ་ནི་ཡར་ལ་བསྟན་ནས་སུ༔ དགེ་བཅུ་སྤྱད་ན་མཐོ་རིས་ལྷ་མི་འཐོབ༔ ཐུར་དུ་བསྟན་ནས་མི་

5-24a

༄༅༔       ༔དགེ་བཅུ་སྤྱད་ན༔ ཕྱི་མ་ངན་སོང་འགྲོ་བའི་བརྡ་ཆོས་བསྟན༔ བང་ཆེན་རྣམས་ལ་ཕན་སེམས་ཆོས་གསུམ་བསྐུར༔ བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་གསུམ་སྟེ༔ དོན་ལ་མཁན་པོའི་བློ་སྦྱོང་ལམ་རིམ་ཡིན༔ བློན་པོས་རྒྱལ་པོའི་ཕྱག་ཏུ་ཕུལ་བས་མཉེས༔ མགོ་སྐོར་བྱེད་པར་མི་འདུག་སྤྱན་འདྲེན་གསུངས༔ བསམ་ཡས་སྤྱན་དྲངས་རྒྱལ་པོས་མཇལ་ཕྲད་མཛད༔ མཁན་པོའི་ཞལ་ནས་རྗེ་ལ་འདི་སྐད་གསུངས༔ རྒྱལ་པོ་ཁྱོད་ཀྱིས་དཀོན་ཅོག་གསུམ་གྱི་རྟེན༔ སངས་རྒྱས་དཀོན་ཅོག་རྟེན་དུ་གཙུག་ལག་ཁང་༔ བརྒྱ་དང་རྩ་བརྒྱད་བཞེངས་པའི་དམ་བཅའ་མཛོད༔ དམ་པའི་ཆོས་ཀྱི་དཀོན་ཅོག་རྟེན་དུ་ནི༔ སྐྱེ་འཆི་གཉིས་སྤངས་རྡོ་རྗེའི་སྐུར་བཞུགས་པ༔ ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་དང་༔ ལོ་པཎ་མང་པོ་སྤྱན་དྲོངས་ཆོས་བསྒྱུར་ལས༔ འགྲོ་བ་བྱང་ཆུབ་ལམ་ལ་དགོད་ཅིག་གསུངས༔ འདི་

5-24b

ལ་སྨོད་པ་ངན་སོང་སྡུག་བསྔལ་གསུམ༔ ཆོས་ནི་སྐྱེ་བ་འདི་ལ་མ་སྤྱད་ན༔ སྐྱེ་བ་ཕྱི་མ་མིར་སྐྱེའི་ངེས་པ་མེད༔ འདྲེན་པ་དགེ་འདུན་དཀོན་ཅོག་རྟེན་དུ་ནི༔ ཆོས་བྱེད་ཀུན་གྱི་མཁན་པོ་ཡིན་པས་ན༔ འབངས་མི་སུམ་བརྒྱ་རབ་ཏུ་བྱུང་ཞིག་གསུངས༔ དགའ་བར་བྱེད་པ་སྦྱིན་པའི་མཆོག་ཞིང་ཡིན༔ སྒོ་གསུམ་བསྡམས་པ་ཚུལ་ཁྲིམས་མཆོག་ཞིང་ཡིན༔ ཁོང་མི་ཁྲོ་བ་བཟོད་པའི་མཆོག་ཞིང་ཡིན༔ དོན་དུ་གཉེར་བ་བརྩོན་འགྲུས་མཆོག་ཞིང་ཡིན༔ སེམས་མི་གཡེང་བ་བསམ་གཏན་མཆོག་ཞིང་ཡིན༔ རྟོག་དང་བྲལ་བ་ཤེས་རབ་མཆོག་ཞིང་ཡིན༔ འགྲོ་བས་འདི་དྲུག་རབ་ཏུ་སྦྱོད་བྱས་ན༔ རྫོགས་སངས་རྒྱས་སུ་མི་རྣམས་འགྱུར་གྱི་་་གསུངས༔       ༔དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བོད་ཀྱི་སད་མི་མི་བདུན་རབ་ཏུ་བྱུང་༔ སྦ་གསལ་སྣང་༔ སྦ་དཔལ་དབྱངས༔ ལ་གསུམ་རྒྱལ་བ་མཆོག༔ ལྷ་ལུང་དཔལ་གྱི་རྡོ་རྗེ༔ རྨ་རིན་

5-25a

༄༅༔       ༔ཅེན་མཆོག༔ སྦ་ཁྲི་བཞེར༔ བཻ་རོ་ཙ་ན་དང་བདུན་ནོ༔ སྡོམ་པ་ཐུབ་པས་བོད་ལ་བཀའ་དྲིན་ཆེ༔ དེ་ནས་འབངས་ནི་སུམ་བརྒྱ་རབ་ཏུ་བྱུང་༔ བདུད་དང་མུ་སྟེགས་བགེགས་དང་ལོག་འདྲེན་ཚོགས༔ མ་ལུས་བཅོམ་ནས་བསྟན་པའི་གཞི་བཞག་ཚུགས༔ སྒྲ་གཅན་འཛིན་ནི་སངས་རྒྱས་རང་རྒྱུད་འདོད༔ ཡོད་པར་སྨྲ་བའི་སྡེ་བ་སྡེ་བདུན་གྱིས༔ བསླབ་པའི་གོས་གཙང་འདི་ཐབས་རྒྱ་གར་གྲགས༔ གཞི་ལ་ཐམས་ཅད་ཡོད་སྨྲའི་སྡེ་བ་དང་༔ འོད་སྲུངས་སྡེ་པ་་་ས་སྲུང་སྡེ་པ་དང་༔ ཆོས་སྲུང་སྡེ་པ་མང་དུ་ཐོས་པའི་སྡེ༔ གོས་དམར་ཅན་སྡེ་རྣམ་པར་ཕྱེ་སྨྲའི་སྡེ༔ རྒྱས་པར་འདུལ་བའི་སྡེ་སྣོད་ཤེས་པར་གྱིས༔ དེ་ཡང་བོད་ཀྱི་མཁན་པོར་སྔ་བ་ནི༔ མཁན་ཆེན་བོ་དྷི་ས་ཏྭའི་ཞལ་ནས་སུ༔ དུས་ཕྱིས་ཙ་ན་རྒྱ་ནག་ཧྭ་ཤང་ཞེས༔ ཆོས་ལོག་རྩོམ་པ་བོད་དུ་འོང་སྲིད་པས༔ དེ་དུས་སློབ་དཔོན་བི་མ་མི་ཏྲ་དང་༔ རྒྱ་གར་ཀ་མ་ཤཱི་ལ་སྤྱན་

5-25b

དྲོངས་གསུངས༔ ཁྱེད་བོད་ཀླུ་ཡི་རིགས་ནས་ཆད་པ་ཡིན་པས༔ ཚེ་ཐུང་ནད་མང་འདྲེ་གདོན་བར་ཆད་མང་༔ སྙིང་རུས་ཆུང་བས་ཐོས་བསམ་མཐར་མ་ཕྱིན༔ རྒྱལ་པོའི་རྒྱལ་སྲིད་ཆོས་དང་བསྟུན་ན་བཟང་༔ ངས་ནི་གསོན་པོ་རྣམས་ཀྱི་ཚེ་བསྲིང་དང་༔ གཤིན་པོ་རྣམས་ཀྱི་སྒྲིབ་པ་སྦྱོང་བའི་ཕྱིར༔ སྨན་བླ་སངས་རྒྱས་བདུན་གྱི་མཆོད་པ་བྱ༔ དྲང་དོན་རིམ་གྱིས་པ་ཡོད་སྨྲའི་སྡེ་པའི་སྐབས་ཏེ་བཅུ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔