(ལེའུ་བཅུ་བདུན་པ། ཆོས་དང་ཆོས་མིན་ཕྱེ་བའི་སྐབས།)
ཆོས་ལྟར་བཅོས་པ་ཆོས་མ་ཡིན༔ སངས་རྒྱས་བསྟན་པ་བདུད་ཀྱིས་འཇིག༔ བདུད་ཀྱི་ལས་ནི་གང་ཞེ་ན༔ འདོད་ལྷ་སྡིག་ཅན་ཅེས་བྱ་བ༔ ཆུང་མ་པདྨའི་འཕྲེང་བ་ཅན༔ འཁོར་ནི་འཇིག་རྟེན་སྐྱོང་བ་དང་༔ བསྟན་གཉིས་ཆོས་ལ་དགྲར་གྱུར་པ༔ བྱང་ཆུབ་གེགས་བྱེད་འདྲེ་ཡི་ཆོས༔ རྒྱལ་བའི་བཀའ་ཡིས་མ་གནང་བའོ༔ འཕགས་པའི་ལུང་གིས་མ་གྲུབ་པའོ༔ རིག་པ་ལ་ནི་མི་འཐད་པའོ༔ གཏན་ཚིགས་ཀྱིས་རྒྱས་མ་ཐེབས་པའོ༔ རྩོམ་པ་ཚད་ལྡན་མ་བརྩམས་ཆོས༔ སྨོན་ལམ་མ་དག་ཚོགས་མ་བསགས༔
༄༅༔ ༔ཤེས་རབ་མ་འཕེལ་དཀོན་ཅོག་སྤངས༔ ལས་དང་རྒྱུ་འབྲས་ཡིད་མ་ཆེས༔ ནོར་དང་རྫས་དང་ཟས་ལ་ཆགས༔ འདོད་པ་ལ་འདུན་གནོད་སེམས་དང་༔ གཉིད་རྨུགས་རྒོད་གྱོང་ཐེ་ཚོམ་ཟ༔ བདུད་འདི་ཆོས་པར་ཅིས་ཀྱང་བརྫུ༔ བདུད་ངོ་མ་ཤེས་ལྕགས་ཀྱུས་བཟུང་༔ ཁྱིམ་གྱི་བཙོན་ར་ཟབ་མོར་བཅུག༔ འཁོར་ནི་འཇིག་རྟེན་སྐྱོང་བ་བརྒྱ༔ འཐབ་པར་བྱེད་དང་རྩོད་པར་བྱེད༔ གཡེང་བར་བྱེད་དང་ཆགས་པར་བྱེད༔ འདུ་ཤེས་ལོག་པར་བྱེད་པ་དང་༔ གྲིམས་པར་བསྲུང་དང་སྲེད་པ་འཆིང་༔ དམ་པོར་བསྡམས་པར་བྱ་ཐབས་མེད༔ དེ་དག་ལ་ནི་འདོད་པའི་ལྷ༔ ཆུང་མ་དང་བཅས་སྤྱི་བོ་ན༔ མེ་ཏོག་མདའ་ལྔ་ཡོད་པ་ནི༔ དྲེགས་པར་བྱེད་པ་འདོད་ཆགས་མདའ༔ རྨོངས་པར་བྱེད་པ་ཞེ་སྡང་མདའ༔ ཀུན་ཏུ་རྨོངས་བྱེད་གཏི་མུག་མདའ༔ རྒྱལ་བར་བྱེད་པ་ང་རྒྱལ་མདའ༔ སེམས་མེད་བྱེད་པ་ཕྲག་དོག་མདའ༔ དེ་ཡི་མེ་ཏོག་བསྣུན་པ་དང་༔ དེ་ལ་
ཕོག་པས་ཉོན་མོངས་ལྔ༔ གང་ཤས་ཆེ་བ་དེ་ཁོ་ན༔ རབ་ཏུ་འབར་བར་འཁྲུལ་ནས་སུ༔ མ་ཞི་བ་དེའི་དབང་སོང་བས༔ འཛམ་བུ་གླིང་འདི་ཉམས་པར་འགྱུར༔ འཇིག་རྟེན་སྐྱོང་བརྒྱད་ལས་མཐའ་དང་༔ དང་པོ་འཐབ་བྱེད་བདུད་ཕོ་མོ༔ ལ་ལ་མངོན་སུམ་ལ་ལ་བརྒྱུད༔ ལ་ལ་འཇམ་པོ་ལ་ལ་རྩུབ༔ ཅི་ནས་ཀྱང་ནི་སེམས་བསྒྱུར་རོ༔ ཀླུ་རིགས་མ་རུངས་པ་རྣམས་བསྐུལ༔ ལྷ་མ་ཡིན་རྣམས་སྐུལ་བར་བྱེད༔ མི་ཆོས་ལྡན་པའི་སྲོག་འཕྲོག་གོ༔ གཉིས་པ་རྩོད་པར་བྱེད་པ་ནི༔ གནས་བརྟན་ཕལ་ཆེར་བདུད་དབང་གྱུར༔ དགེ་སྦྱོང་གནས་དགོན་རྣམས་དང་ནི༔ ཚུལ་སྤངས་ཁྱིམ་པ་རྣམས་དང་ནི༔ རྒྱལ་པོ་དང་ནི་རྒྱལ་ཕྲན་དང་༔ བློན་པོ་དང་ནི་བློན་ཕྲན་རྣམས༔ རྩོལ་བ་མི་བཟད་པ་ཕྱིར་རྩོལ༔ ཉོན་མོངས་འབར་ཅིང་དེས་རྐྱེན་བྱས༔ གསུམ་པ་གཡེང་བར་བྱེད་པ་ནི༔ ལོག་པའི་སེམས་འབར་གཡེང་རྐྱེན་མང་༔ བསྡུ་ན་འགྲེལ་པ་རྣམ་པ་བདུན༔
༄༅༔ ༔ཡོངས་སུ་གྲགས་དང་བསྟོད་པ་དང་༔ རྙེད་པ་དང་ནི་བཀུར་སྟི་དང་༔ བསོད་ནམས་དང་ནི་མངའ་ཐང་འདུས༔ ཚོང་དང་སོ་ནམས་བྱ་བའོ༔ བཞི་པ་ཆགས་པར་བྱེད་པ་ནི༔ ངན་ལེན་ཉོན་མོངས་ལྔ་པོ་དེ༔ གཅིག་ཞི་ཙ་ན་གཅིག་རྒྱས་ནས༔ བད་གཤེགས་སྐུ་གཟུགས་རྣམས་ཀྱང་འཇིག༔ དྲང་སྲོང་ངུར་སྨྲིག་རྣམས་ཀྱང་བསྲེག༔ ལག་ན་གསོད་པའི་མཚོན་ཆ་ཐོགས༔ རེས་འགའ་ཆོས་ལ་ཡོན་ཏན་བརྗོད༔ རེས་འགའ་ཆོས་ལ་སྨོད་པར་བྱེད༔ བདུད་ཀྱི་རིག་བྱེད་མི་འདྲ་བ༔ རྟག་ཏུ་ཁྲོ་བ་ཆེ་བར་བཤད༔ ལྔ་པ་འདུ་ཤེས་ལོག་བྱེད་ནི༔ བདུད་རིགས་ཡི་དགས་དང་བཅས་ཡིན༔ ཀླུ་རིགས་གྱུར་པ་རྣམས་ཀྱི་རྗེ༔ ཀླུ་ནི་མལ་གྲོ་གཟི་ཅན་ཡིན༔ སེ་འཕང་ནག་པོ་ཞེས་ཀྱང་བྱ༔ སྲོག་དཀར་རྒྱལ་པོ་ཞེས་ཀྱང་བྱ༔ མི་ཡི་ལུས་ལ་སྦྲུལ་མགོ་བདུན༔ སྐུ་མདོག་ནག་པོ་སྨད་སྦྲུལ་འཁྱིལ༔ སྲོག་སྙིང་དུས་སྐྱོད་ཅི་ཏིག་ཅི་ཏི་ལོང་༔
དེ་ཡི་འོག་མ་ཚོང་དཔོན་ནག་པོ་ཡིན༔ དཀར་པོ་སྦྲུལ་མགོ་ལྔ་པ་གཡས་རུ་འདྲེན༔ དེ་འོག་ཁམས་ཀྱི་བྱ་ཐུལ་ཡིན༔ མི་ལུས་སེར་པོ་སྦྲུལ་མགོ་གཉིས༔ གཡོན་གྱི་རུ་ནི་འདྲེན་པའོ༔ གང་གི་གཅུང་པོ་སྤ་གྲོ་སྐྱེར་ཆུའི་ལྷ༔ ཁ་རྒྱལ་ཞྭ་འོད་སེར་པོ་གླང་མགོ་ཅན༔ སྔུན་གྱི་ཤུལ་ནི་སེལ་བ་ཡིན༔ དེ་ཡི་འཁོར་ནི་གདུག་པ་ཅན་བཞི་གནས༔ མཐོང་བའི་དུག་ཅན་མི་ལུས་སྦྲུལ་མགོ་ཅན༔ བསམ་པའི་དུག་ཅན་མི་ལུས་རྟ་མགོ་ཅན༔ ཁ་རླངས་དུག་ཅན་མི་ལུས་ཁྱི་མགོ་ཅན༔ རེག་པའི་དུག་ཅན་མི་ལུས་རྒྱ་མགོ་ཅན༔ ཀླུ་གཉན་ས་བདག་མང་པོ་སླད་རྗེས་ཉུལ༔ མལ་གྲོ་གཟི་ཅན་གཡས་གཡོན་གཉིས༔ བུད་མེད་སྔོན་མོ་གཡུ་ཡི་ཐོར་ཅོག་གཉིས༔ དེ་གཉིས་མལ་གྲོའི་བཙུན་མོ་ཡིན༔ ཚལ་ནག་ཀླུ་ནི་སྦྲུལ་ནག་གཅིག༔ རྒྱང་བུ་ཚལ་ཀླུ་ཁྱིའུ་ཆུང་ཟུར་ཕུད་ཅན༔ ནག་པོ་ཀློང་བརྡོལ་ཀླུ་ནག་སྐུར་མེ་འབར༔ ལུ་མ་ནག་པོའི་ཀླུ་རྟགས་སྔོན་མོ་མི་
༄༅༔ ༔མགོ་ཅན༔ ཟངས་གྲི་མཚོ་དམར་ཀླུ་ནི་གླང་དམར་པོ༔ སྦྲུལ་དང་སྦལ་པ་ལ་སོགས་པ༔ ས་བདག་གཟུགས་རྣམས་ཐམས་ཅད་བྱ༔ ཁམ་སའི་གླང་པོ་ཤིན་ཏུ་ཆེ་བར་བྱ༔ དབུས་སུ་མལ་གྲོ་པ་ནས་རིམ་པར་བཟུང་༔ གཞན་ཚོ་ཕྱོགས་དང་ཁ་དོག་བསྟུན་ལ་གཟུགས༔ གསེར་དངུལ་ལ་སོགས་རིན་པོ་ཆེ༔ རྫས་དང་རྩི་ཤིང་སྣ་ཚོགས་དང་༔ དཀར་གཏོར་ཆུ་གཏོར་དཀར་གསུམ་མངར་གསུམ་བླུག༔ ཞར་ལ་མལ་གྲོ་འཁོར་དང་བཅས་པ་མཆོད༔ ཀླུ་ཁ་སྒྱུར་དང་གྱེར་གཞན་ཤེས་པར་བྱ༔ ལུས་ལ་ནད་རིགས་སྣ་ཚོགས་གཏོང་བ་དང་༔ ལྷ་འདྲེ་ཁེངས་ལོག་འཇིགས་པ་བཅུ་དྲུག་གཡོ༔ དུས་ནི་རྩི་་་་...ཐོག་མང་པོའི་དུས་བྱས་ཟློག༔ དྲུག་པ་གྲིམས་པར་བསྲུང་བ་ནི༔ བདུད་རིགས་ཡི་དྭགས་སུམ་ཅུ་རྩ་དྲུག་ལ༔ འདི་དག་རྣམས་ནི་རིགས་གཅིག་བགྲངས་པ་ཡིན༔ ནག་པོའི་རྩ་ལག་རྒྱས་པར་ལྟ་ཅི་སྨོས༔ གཙུག་ལག་
ཁང་དང་གནས་གཞི་རྣམས༔ ཕྱི་ཧྲུལ་ནང་ན་མཆོད་པ་མེད༔ སྡིག་པའི་གནས་བཅུར་འགྱུར་པས་ཏེ༔ ཆང་འཚོང་གནས་དང་བཤན་པའི་གནས༔ སྨད་འཚོང་གནས་དང་རྔོན་པའི་གནས༔ ཉ་པའི་གནས་དང་ཁྭ་མཁན་གནས༔ དུག་མི་གནས་དང་སྨྱུག་མ་མཁན༔ ཁ་ཚང་གནས་དང་ཆོམ་རྐུན་གནས༔ སངས་རྒྱས་དུས་ཆེན་བཞི་ཡི་དུས༔ ཆང་བཙོས་ཚག་པོ་བཤས་གནས་སུ༔ བཙས་མི་ཡུལ་མི་ཐམས་ཅད་བསགས༔ ཆོས་མིན་དགེ་ལོག་སྤང་བྱའོ༔ བདུན་པ་སྲེད་པ་འཆིང་བ་ནི༔ རབ་ཏུ་བྱུང་བའི་ཕྱོགས་སུན་འབྱིན༔ འཁྲིག་པ་བཟའ་བ་བཏུང་བ་དང་༔ འདྲིད་པ་སྡིག་པར་གཟུང་བར་བྱ༔ སངས་རྒྱས་སྐུ་ནི་མཚན་དཔེས་སྤྲས་པ་ཡང་༔ འཇིགས་པ་བསྐྱེད་ལ་བདུད་ཡིན་སྤང་བར་བྱ༔ བརྒྱད་པ་དམ་པོར་བསྡམས་པ་ནི༔ འཁོར་བའི་འདམ་ཚོགས་འབྱིང་བ་རྣམས༔ བསྟན་པ་ཉིད་ལ་སྤྱི་ཁྱབ་ཆེ་བ་ཆོས༔ བསྟན་
༄༅༔ ༔པ་འཛིན་སྐྱོང་བསྲུང་དང་གསུམ་དུ་འདུས༔ དཀྲིས་སྣང་ཡོངས་གྲགས་ལྟར་དུ་མ་ཡིན་པས༔ གྲགས་པ་ངན་པས་ཕོག་ན་དགའ༔ མེ.་འདོད་ཐམས་ཅད་བྱུང་ན་དགའ༔ མཇེ་ཐོག་ཏུ་ཕོལ་བྱུང་ན་དགའ༔ ན་ན་དགའ་ལ་ཤི་ན་དགའ༔ ཅིས་ཀྱང་དགོས་མེད་གར་འགྲོར་སོང་༔ བསོད་ནམས་ལ་ནི་མ་འཁང་ངེས་འབྱུང་སྐྱེད༔ བརྟན་པ་མ་ཐོབ་བར་དུ་བརྩོན་པར་བྱ༔ འཁོར་བའི་གཡུལ་ངོ་བཟློག་པའི་དམག་དཔོན་ཡིན༔ སྒྲུབ་པ་རྩེ་གཅིག་བརྩོན་པ་དེ༔ ཆོས་དང་ཆོས་མིན་ངེས་པར་ཕྱེ༔ ཆོས་དང་ཆོས་མིན་ཕྱེ་བའི་སྐབས་ཏེ་བཅུ་བདུན་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔