(ལེའུ་བཅུ་དགུ་པ། བློན་པོའི་ལག་རིས་ཇི་ལྟར་བྱས་པའི་སྐབས།)
བློན་པོའི་ལག་རིས་ཇི་ལྟར་བྱས་པ་ནི༔ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན༔ དགུང་ལོ་བཅོ་ལྔའི་ལོ་ལ་ཡབ་འདས་ཏེ༔ ལོག་པའི་འདུ་ཤེས་ལྔ་པོ་སྤངས་ནས་སུ༔ དབུ་རྨོག་བཙན་པས་མཐའ་ཡི་རྒྱལ་དྲུག་བཏུལ༔ ལྷ་བཙན་དཀའ་སྤྱད་ནུས་པའི་ཐུགས་རུས་ཅན༔ མཛངས་ལས་འཕྲུལ་བྱུང་ཞང་གསུམ་བློན་བཞིར་གྲགས༔ མཆིད་ངན་རྗེས་སུ་མི་འཇུག་བློན་པོ་ནི༔ བློན་ཁྲི་ཐོག་རྗེ་ཐང་ལ་འབར༔ ཁྲིམས་
༄༅༔ ༔བཅོས་ལེ་ལོ་མ་བགྱིས་ཏེ༔ བདག་དང་འབངས་རྣམས་བློ་མཐུན་པ༔ རྗེ་ཡི་ཞབས་ནས་མ་ནོར་ཡུན་རིང་བཏེག༔ ངན་པའི་ཁ་སྣམས་མ་ཕོག་པ༔ ཅོག་རོ་སྐྱེས་ཟ་རྒྱལ་འགོང་བས༔ དགྲ་གཉེན་ཕུ་མྱུལ་བཀའ་བཞིན་རྗེས་སུ་སྤེལ༔ དཀོན་པའི་དོན་རྣམས་སྐྱོ་ངལ་མེད་པར་བསྒྲུབས༔ འཇིག་རྟེན་ཁ་ན་མ་ཐོ་མེད་པའི་ཀློད༔ ཞང་མ་ཞང་གསུམ་ཡིན་ཏེ་ཁྲོ་ལ་བསྒྲུབས༔ དེ་གོང་བསྟན་པ་ཡན་ཆོད་རིགས་མ་ཤོར༔ མཐའ་ཡི་བསོད་ནམས་མངའ་ཐང་དབུས་སུ་བསྡུས༔ རྗེ་ཡི་བཀའ་སྩལ་ནམ་ཡང་མི་བཅག་པ༔ མྱང་སུས་རྒྱན་མ་འདྲེན་པ་སྔགས་ལ་སྣང་༔ བྱེད་དགའ་སྐུ་ཚེ་སྟོད་ཀྱི་བློན་པོ་བྱས༔ མི་གྲོས་མ་ནོར་དབུས་ཀྱི་འདུན་ས་བཟུང་༔ མཐའ་མི་དགྲ་ཡིས་གླགས་མི་རྙེད་པའི་བློན༔ བློན་པོ་སྟག་སྣ་ལྡོང་གཟིགས་ནི༔ ཚིག་ལེགས་ཞུ་འ་བུལ་རྣ་བར་སྙན༔ འཕྲལ་སྤྱོད་ལེགས་པས་སྤྱན་སྔར་མཛེས༔ ཐུགས་
དད་གཏིང་སྐྱེས་ཆོས་ཀ་བཟུང་༔ བསམ་མནོ་དྲག་པོ་ཡང་ཡང་བཏང་༔ འཐད་པར་གདའ་ནས་ཐུགས་གཞག་ཞུས༔ བདུད་དང་བར་ཆད་མི་ཚུགས་བློན༔ སླད་མ་སྦས་གནམ་བཞེར་ཟླ་བཙན༔ ཚེ་འདིའི་སྣང་ལ་ཞེན་པ་ཆེ༔ ཡུལ་རིགས་མི་གཅིག་ཟས་གཡོས་མཁས༔ རྒྱལ་པོ་རྣམས་ཀྱང་མངའ་འོག་བསྡུས༔ དགེ་སྡིག་རྒྱུ་འབྲས་འབྱེད་ཤེས་པ༔ བློན་འགོས་ཁྲི་བཟང་ཡབ་ལྷག་གི༔ ལས་སྐལ་ལྷ་མིའི་སྲིད་བསྲུང་མཛད༔ བོད་འབངས་ཡོངས་ལ་རྒྱལ་ཁྲིམས་བསྡམས༔ ཕྱི་ནང་ཉེར་ལེན་བྲོད་བསྐྱེད་པ༔ བློན་པོ་མཆིམས་རྒྱལ་གཟིགས་ཀླུ་མཐོང༔ བཟང་སེམས་ལེགས་པའི་ཡོན་ཏན་སྤེལ༔ འབངས་བསྐྱངས་སྐྱིད་པའི་རེ་མོས་སོང་༔ འཇིག་རྟེན་ན་ནི་གྲགས་དང་ལྡན༔ མ་གོ་བ་རྣམས་གོ་བར་བསྐུལ༔ བློན་པོ་ངན་ལམ་རྟ་ར་ཀླུ་གོང་གིས༔ རྣམ་པར་དག་པ་བོན་གྱི་ཁ་བཟུང་ནས༔ བོན་འབྱུང་བསྟན་པ་གསེར་གྱི་སྡོང་པོ་ལྔ༔ རང་གིས་
༄༅༔ ༔མྱོང་བ་གཞན་ལ་སྤེལ་བའི་བློན༔ མཆིམས་པ་མདོ་བཞེར་རྡོ་རྗེ་སྤྲེ་ཆུང་གིས༔ བོན་སྣུབས་རྗེ་ལ་དབུ་གཡོགས་འོང་ཞེས་གླེང་༔ བོན་ཆོས་དབང་ཁྱད་ཆེས་པས་ལན༔ བོན་ནི་མཐའ་ལ་སྤྱུགས་པས་མཐའ་ལ་དར༔ འཕྲུལ་ཆེ་ཐབས་གཡོ་མང་ལྡན་པ༔ བློན་ཆེན་ལྷ་བཟང་ཀླུ་དཔལ་དམག་ལ་མཁས༔ རྒྱ་ནག་ཡུལ་འཕུང་ཐུགས་ནག་བྱས་ནས་བཏུལ༔ དེ་ལྟར་བཀའ་མཆིད་གསུང་ལ་མི་ཉན་ནོ༔ ཤེས་རབ་གསུམ་གྱི་སྐྱོན་སྤངས་བློ་ཞིབ་པ༔ བློན་པོ་ཁྲི་འབྲིང་ལྷ་ལོད་དེ་ཉིད་ཀྱིས༔ བཀའ་མཆིད་མདུན་མ་གང་འཚམས་མཐའ་རུ་བཏོན༔ ཐམས་ཅད་སེམས་འཕངས་བསྐྱེད་པའི་ཚིག་བཟང་སྨྲ༔ ལྕེ་མཁས་ཐབས་འཕྲུལ་ཟོལ་ཅན་བློན༔ སྣ་ནམ་ཞང་དང་རྒྱ་ཚ་ལྷ་སྣང་གིས༔ ལྷ་འདྲེ་དཔང་བཙུགས་མནའ་མཐོའི་མདུན་མ་བྱས༔ ཚེ་འདིའི་ཆེད་དུ་བྱེད་པ་དམ་ཚིག་ཡིན༔ ཕྱི་མ་མཐོ་རིས་ལྷ་གནས་བདེ་སྐྱིད་བཞེད༔ བློན་
པོ་ཤུད་པུ་དཔལ་གྱི་སེང་གེ་ཡིས༔ གཏམ་ལ་གླེང་ལུགས་མང་ཡང་བཞི་ནས་གླེང་༔ བཀའ་དང་ལུང་དང་མཆིད་དང་ཚིག་དང་བཞི༔ སེམས་ཅན་བདེ་བྱེད་རྒྱལ་ཁྲིམས་འཚོ༔ ཞང་གི་ཉེ་བཟང་བློན་པོ་དང་༔ མཛངས་འཕྲུལ་བློན་པོ་འགོས་ཀྱིས་ཀྱང་༔ འགྱོད་པ་དྲུག་གཟུང་མི་ཆོས་བཀག༔ ཆོས་བྱེད་དགྲར་འཛིན་འདུ་ཤེས་སྤངས༔ བློན་ཆེན་ལེ་ཏི་གུ་ན་ཡིས༔ ཁྲིམས་བསྟན་ལས་ཀ་བརྒྱད་དུ་བསྡུས༔ བླང་དོར་དམིགས་པ་ཤེས་པའི་བློ༔ མེ་འགོ་ལྷ་ལུང་གཟིགས་ཀྱིས་ནི༔ སེང་གེ་འགྱིང་འདྲའི་བློན་པོ་ལ༔ དད་པ་གསུམ་དང་བརྩོན་འགྲུས་གསུམ༔ བན་སྔགས་རྗེ་འབངས་ཀུན་ལ་བསྐུལ༔ བསྟན་པའི་སྤྱི་སྲོལ་གཞི་ཚུགས་པ༔ བློན་པོ་བྷ་སང་ཤི་ཏ་ཡིས༔ དཔྱད་པའི་ཡུལ་ལ་རྣམ་པ་དྲུག༔ ཐོས་པ་མཐོང་བ་ཤེས་པ་གསུམ༔ དྲན་པ་སེམས་པ་སྨྲ་བ་གསུམ༔ བོད་ཁམས་ཡོངས་ཀྱི་སྤྱི་ཚིས་བྱས༔ གཉེར་སྟག་མཚན་གདོང་གཟིག་བློན་
༄༅༔ ༔གྱིས༔ སྐུ་ལ་བདོ་བར་དམག་དྲངས་བཏུལ༔ སྤྲོ་ནི་རྒྱལ་པོ་དག་ཀྱང་སྤྲོ༔ ཕྱི་བློན་ལག་རིས་འདི་ལས་མེད༔ ནང་བློན་ལག་རིས་མཁར་དང་རྫོང་༔ གནས་སྐབས་བདེ་བ་ཐོབ་སྟེ་མཆི༔ མཐར་ཐུག་འབྲས་བུ་འབྱིན་པར་འགྱུར༔ ཕྱི་རབས་སླད་ནས་འབྱོན་པ་རྣམས༔ བཀའ་བཞིན་ཉན་ལ་གསུང་བཞིན་སྒྲུབས༔ བློན་པོའི་ལག་རིས་ཇི་ལྟར་བྱས་པའི་སྐབས་ཏེ་བཅུ་དགུ་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔