(ལེའུ་ཉེར་གཅིག་པ། མ་མཆོད་པའི་ཉེས་དམིགས་བསྟན་པའི་སྐབས།)
མ་མཆོད་ཉེས་དམིགས་བསྟན་པ་ནི༔ ལྷ་མི་འགྲོ་ཀུན་སྐྱེ་བཞིས་བསྡུས༔ ལོངས་སྤྱོད་མེད་པས་ཡི་དྭགས་སྲེད༔ དཔེར་ན་མཁའ་ལ་བྱ་
འཕུར་བའི༔ གྲིབ་མ་རྗེས་སུ་འབྲང་བ་བཞིན༔ གང་ཞིག་མཆོད་པ་འདི་ཉིད་མེད༔ ཤིན་ཏུ་རྨོངས་པར་གྱུར་པའི་མི༔ ཐར་པའི་ལམ་ལ་དགྲར་ཞུགས་པས༔ མགོན་དང་སྐྱབས་མེད་དགྲ་ཡིས་འཁྱེར༔ བདེ་འགྲོ་མི་རུ་སྐྱེ་བ་དཀའ༔ ངན་འགྲོར་སྐྱེ་བ་ངེས་པའི་ཕྱིར༔ མཆོད་མེད་ངན་འགྲོའི་གནས་སུ་འགྱོད༔ མ་མཆོད་ཉེས་པ་བསམ་མི་ཁྱབ༔ སྟོབས་ཉམས་འཛུད་ལམ་ཐུར་ལ་བདེ༔ མི་ཡི་གནས་སྐབས་འདི་མིན་པར༔ དཔེར་ན་ཡི་ག་བཅིངས་པ་རྣམས༔ ཁ་ཟས་ལ་ནི་སྨོད་བྱེད་བཞིན༔ དེ་ནི་སྡུག་བསྔལ་དེ་དུད་འགྲོ༔ དེ་ནི་དམྱལ་བ་དེ་ཡི་དྭགས༔ བདུད་དང་མུ་སྟེགས་ལོག་འདྲེན་བགེགས༔ རྒྱུ་དེ་ལ་ནི་ཡི་རང་ངམ༔ ཏིལ་དང་རི་རབ་ཁྱད་པར་ཡིན༔ མཆོད་རྣམས་མི་ལྡན་ཐ་མལ་པ༔ འབྱོར་པ་ཆེ་ཡང་དབུལ་པོ་ཡིན༔ ཆོས་རྣམས་བདེན་མེད་མ་རྟོགས་ཤིང་༔ རྫུ་འཕྲུལ་དུ་མར་མངའ་མ་བརྙེས༔ ས་གཞི་
༄༅༔ ༔ལ་ནི་རག་ལུས་པས༔ སྐྱེ་འཆིའི་འཇིགས་པ་ཆེན་པོ་ཡོད༔ རྣམ་ཤེས་རླུང་ལ་དབང་མ་ཐོབ༔ ལམ་ལ་གང་ཕན་གྲོགས་མི་འགྲོ༔ རྟེན་འབྲེལ་དུ་མར་དབང་མི་འགྱུར༔ སངས་རྒྱས་བསྟན་མེད་སེམས་ཅན་བདེ་སྐྱིད་ཟད༔ རྒྱལ་པོ་རྣམས་ནི་སྒྱུར་ཁར་ཡང་༔ བློན་པོ་རྣམས་ནི་གདུག་རྩུབ་ཆེ༔ བཙུན་མོ་རྣམས་ནི་ཕྲ་མ་མཁན༔ དམངས་མི་ཀུན་གྱིས་ཆོས་མི་གོ༔ དཀོན་ཅོག་རྟེན་བཙུགས་འོ་རེ་བརྒྱལ༔ ཀུན་རྫོབ་བདེན་པ་མ་བསྟན་ན༔ དོན་དམ་ལ་ནི་ཡིད་མི་ཆེས༔ མ་མཆོད་པའི་ཉེས་དམིགས་ཀྱི་སྐབས་ཏེ་ཉེར་གཅིག་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔