བོན་པོའི་བཀའ་འགྱུར།

XI གྱིས་བཀོར་ནས།

上一章
下一章
1-42a

དུས་ན་རི་རབ་ཀྱི་རྩེ་མོ་ནས་དཔལ་གྱི་ལྷ་ཚངས་པ་དང་། བརྒྱ་བྱིན་གཡུང་དྲུང་གི་ལྷ་ཆེན་མོ་ཆེ་བཞི། སྲིད་པའི་ལྷ་རྒྱལ་པོ་ཆེན་པོ་བཞི། རྫུ་འཕྲུལ་གྱི་ལྷ་ལྷེའུ་རྗེ་བདུན། རོལ་མཚོའི་ཀླུ་རྣམས་ལ། འོལ་མོ་ལུང་རིང་དུ་ནམ་མཁའ་ནས་ཆར་བཞིན་དུ་བབས་སོ། །སྟོན་པ་ལ་བསྐོར་བ་བྱས་ལྷ་ཕྱག་བཙལ་ནས་ཞུས་པའི་མདོ། གསས་མཁར་སུམ་བརྒྱ་དྲུག་ཅུ་ལས། ངེས་ཚིག་བདེན་པའི་བོན་ཅིག་བཤད་དུ་གསོལ། དེ་སྐད་ཅེས་ཞུས་པས། སྟོན་པ་གཤེན་རབ་ཀྱིས་བཀའ་སྩལ་པ། བདག་ལ་ཞུ་བ་ཁྱོད་རྣམས་ནི། །མཐུ་སྟོབས་བྱིན་རླབས་ཅན་ཡིན་པས། །ནག་པོ་སྔགས་ཀྱི་བོན་བསྟན་ནོ་གསུངས་ནས། འཇིག་རྟེན་ཁམས་ཀྱི་སེམས་ཅན་ལ། །ཞི་བའི་ངང་གིས་མ་ཐུལ་ན། །དྲག་པོའི་སྔགས་ཀྱིས་བསྒྲལ་བའི་ཕྱིར། །ནག་པོ་སྔགས་ཀྱི་བོན་བསྟན་ནས། །ལྷ་རྩེ་དགུང་ནམ་བདག་ཏུ་གཤེགས། །འཇིག་རྟེན་ལྷ་ཚོགས་དེ་རྣམས་ཀྱང་། །ཕྱོགས་བཞི་མཚམས་བརྒྱད་གླིང་ཁམས་ན། །བར་ཆད་བྱེད་པའི་བདུད་འདུལ་ལོ། །དེའི་ཚེ་དེའི་དུས་ཙམ་ན། །སྟོན་པ་གཤེན་རབ་མི་བོ་ནི། །དགུང་ལོ་གསུམ་བཞེས་ནས་རྒྱ་མཚོ་ལ་ཁྲུས་བྱེད་པ་དང་། གྲོང་ཁྱེར་ལ་

1-42b

སྐུ་འཆག་པ་དང་། རྒྱལ་པོ་ས་ལ་ལ་ཞེ་ས་འབུལ་བའི་དུས་ཡིན་པས། གཤེགས་པར་དགོངས་ནས་འཁོར་པ་རྣམས་ལ་བཀའ་སྩལ་ནས། ཡབ་ཀྱི་ཤིང་རྟ་གསེར་གྱི་འཁོར་ལོ་བརྒྱད་པ་ལ་ཆིབས། སྐུ་ལས་འོད་ཟེར་མང་པོ་ཕྱུང་བས། སྟོན་པའི་ཤ་ཁྲག་དྲོད་དབུག་བཞི་ལས། འབྱུང་བའི་གཤེན་པོ་བཞིར་སྤྲུལ་ལོ། །ཤར་ཕྱོགས་འབྱུང་བ་མེའི་བོན་པོ་འོད་ཀྱི་ལྕང་ལོ་ཅན། གསལ་བའི་མར་མེ་དགུ་ཕྲུག་བསྣམས་ནས། སྟོན་པ་གཤེན་རབ་དང་ཐབས་ཅིག་ཏུ་གཤེགས་སོ། །བྱང་ཕྱོགས་འབྱུང་བ་རླུང་གི་བོན་པོ་ཕྱོད་དེ་གསང་རྒྱལ་ནམ་མཁའ་གཡུ་མདངས་སྔོན་པོ་ཅན་དྲི་ཞིམ་སྤོས་ཀྱི་དུད་པ་སྣ་ཚོགས་བསྣམས་ནས། སྟོན་པ་གཤེན་རབ་དང་ཐབས་ཅིག་ཏུ་གཤེགས་སོ། །ནུབ་ཕྱོགས་འབྱུང་བ་ཆུའི་བོན་པོ་བདུད་རྩིའི་ཟིལ་པ་ཅན་དང་། བདུད་རྩི་ཁྲུས་ཀྱི་བུམ་པ་བསྣམས་ནས། སྟོན་པ་གཤེན་རབ་དང་ཐབས་ཅིག་ཏུ་གཤེགས་སོ། །ལྷོ་ཕྱོགས་འབྱུང་བ་སའི་བོན་པོ་རིན་ཆེན་ཐོར་ཚུགས་ཅན་ཞལ་ཟས་རོ་མཆོག་སྣ་ཚོགས་བསྣམས་ནས། སྟོན་པ་གཤེན་རབ་དང་ཐབས་ཅིག་ཏུ་གཤེགས་སོ། །དེའི་ཚེ་དེའི་དུས་ན་འཁོར་པ་མང་པོ་ཡང་། ལ་ལ་ནི་རྔ་བརྡུང་། ལ་ལ་ནི་གཤང་འཁྲོལ། ལ་ལ་

1-43a

ནི་དུང་འབུད། ལ་ལ་ནི་གཙང་ཚན་འཐོར། ལ་ལ་ནི་སྐུ་ཁྲུས་གསོལ། ལ་ལ་ནི་སྐུ་ཕྱྭ་ལྡོན། ལ་ལ་ནི་སྐུ་གླུད་གཏོང་། དེ་ནས་སྟག་དང་གཡག་དང་གླང་པོ་ཆེ་དང་སེང་གེ་བཞིས་མཐའ་མནན་ནས་གཤེགས་སོ། །ནམ་མཁའ་ལས་འཇའ་ཚོན་སྣ་ལྔའི་འོད་འཐིབས་སོ། །ས་གཞི་ལས་མེ་ཏོག་སྣ་ཚོགས་ཀྱི་ཚལ་སྐྱེས་སོ། །སྒྲ་སྙན་པ་ཕྱོགས་བཅུ་ཀུན་ནས་གྲག་གོ། །འཇིག་རྟེན་གྱི་ཁམས་ཀྱང་ཤིན་ཏུ་འགུལ་ལོ། །གྲོང་ཁྱེར་ལང་ལིང་གི་མི་རྣམས་ཀྱང་ཤིན་ཏུ་འཇིགས་ནས་རྒྱལ་པོ་ས་ལའི་སྤྱན་སྔར་འདུས་སོ། །རྒྱལ་པོ་ས་ལ་ལ་འདི་ཅི་ལགས་ཞེས་ཞུས་ན། རྒྱལ་བུ་གསལ་ཁྱབ་ཀྱིས་བཀའ་སྩལ་པ། འདི་གཞན་གང་ཡང་མ་ལགས་སོ། །སྔོན་རྒྱལ་པོའི་སྲས་མོ་བདག་གི་སྲིང་མོ་རྒྱལ་བཞད་མ་འོལ་མོ་ལུང་རིང་དུ་རྒྱལ་བོན་ཐོད་དཀར་ལ་ཕུལ་བས། སྲས་རྒྱལ་བུ་ཅིག་སྐུ་འཁྲུངས་པས། དེའི་ཞལ་མཐོང་མ་ཐག་ཏུ་ཡབ་ཡུམ་དང་། ཡུལ་ཁམས་དེའི་སེམས་ཅན་ཐམས་ཅད་ནི། ལུས་ལ་དཔལ་ཤར་བས་མངོན་སུམ་དུ་སངས་རྒྱས་སོ། །དེའི་རྟིང་ལ་སྲས་རྒྱལ་བུ་དེ་དགུང་ལོ་གསུམ་བཞེས་ནས། ཡབ་དང་མཐུན་པར་རྒྱ་

1-43b

མཚོ་ལ་ཁྲུས་ལ་གཤེགས་ཤིང་གྲོང་ཁྱེར་ལ་སྐུ་འཆག་ཏུ་གཤེགས་པ་དང་། རྒྱལ་པོ་ས་ལ་ལ་ཞེ་ས་འབུལ་བའི་དུས་ནི་དེ་རིང་གི་གདུགས་འདི་ཡིན་པར་ངེས་སོ། །རྒྱལ་བུ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སྤྲུལ་པའི་སྐུ་གཅིག་འཇིག་རྟེན་(གྱི་ཁམས་སུ་)དུ་བྱུང་བ་ལགས་པས། གྲོང་ཁྱེར་ལང་ལིང་གི་མི་རྣམས་ཀྱི་སྐྱོན་གྱི་བྱིངས་ནས་སྐྱེས་པའི་ལུས་ཕུང་ཀུན་དག་པར་ཁྲུས་གྱིས་ཤིག །མེ་ཏོག་སྣ་ཚོགས་པ་ཐུས་ཤིག །རྒྱལ་བུ་དེའི་ཞལ་མཐོང་མ་ཐག་ཏུ་མདུན་བསུ་ནས་ལྷ་ཕྱག་འཚལ། བསྐོར་བ་བྱས། མེ་ཏོག་ཕུལ་ན། རྒྱལ་བཞད་མའི་སྲས་ལགས་པས། འོ་སྐོལ་ཡང་དེའི་རྟིང་ལ་སངས་རྒྱས་ཏེ་འགྲོ་ངེས་སོ། །དེ་སྐད་ཅེས་གསུངས་པས། རྒྱལ་པོ་ཡབ་ཡུམ་དང་གྲོང་ཁྱེར་གྱི་མི་རྣམས་ཤིན་ཏུ་དགའ་འོ། །མེ་ཏོག་སྣ་ཚོགས་པ་བཏུས་ནས། ཁྲུས་དག་པར་བྱས་སོ། །རྒྱལ་པོ་ས་ལ་ཡང་རིན་པོ་ཆེའི་རྒྱལ་ཆས་སུ་ཞུགས། རོལ་མོ་སྣ་ཚོགས་པ་ནི་བཅས། རྒྱལ་བུའི་ཞལ་ལྷག་གིས་བྱུང་ནས་མདུན་བསུའོ། །བསྐོར་བ་བྱས་སོ། །ལྷ་ཕྱག་བཙལ་ལོ། །མཆོད་པ་ཕུལ་ལོ། །རྒྱལ་བུ་ཤིང་རྟ་ལས་བབས་ནས་རྒྱལ་པོ་ས་ལ་ལ་ཞེ་ས་ཕུལ་བས་ཞབས་གར་བཞགས་པའི་རྗེས་ན། རིན་པོ་ཆེ་འབར་

1-44a

བའི་མེ་ཏོག་འདབ་མ་བརྒྱ་རྩ་བརྒྱད་ཕྱིན་པ་རེ་རེ་བཀྲ་ལམ་ལམ་ཐལ་བས། རྒྱལ་པོས་ཀྱང་སྤྲུལ་པའི་སྐུ་ཅིག་ལགས་པར་མཁྱེན་ནས། ཞེ་ས་ཕར་ལ་ཕུལ་ལོ། །དེའི་ཡོན་ཏན་གྱིས་སྒྲིབ་པ་བྱང་ནས། གྲོང་ཁྱེར་ལང་ལིང་གི་རྒྱལ་པོ་དང་མི་རྣམས་དང་། སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པར་སངས་རྒྱས་སོ། །དེ་ནས་འབྱུང་བའི་གཤེན་པོ་བཞི་ཡིས། སྟོན་པ་ལ་འདི་སྐད་ཅེས་གསོལ་ཏོ། །སྟོན་པའི་སྒྲོན་མ་གཤེན་རབ་མི་བོ་ལགས། །བདག་ཅག་འཁོར་གྱི་དམ་པ་འདི་སྙེད་ཙམ་ཅིག་ལ། །གཅིག་ཀྱང་ཐར་པའི་འབྲས་བུ་མི་ཐོབ་པར། །གྲོང་ཁྱེར་འདིའི་སེམས་ཅན་ཐམས་ཅད་ནི། །གཅིག་ཀྱང་མ་ལུས་ཐམས་ཅད་སངས་རྒྱས་པའི་རྒྱུ་དང་འབྲས་བུ་ཇི་ལྟར་ལགས། ཤིང་རྟའི་ཁ་ནས་ཐང་ལ་ཞབས་ཕབ་སྟེ། ཞེ་ས་ཕར་ཕུལ་བའི་མི་རྣམས་དེ། དཔག་པའི་ཡོན་ཏན་ཅི་ལྟ་བུ་ཅིག་མཆིས། དེ་སྐད་ཅེས་ཞུས་པས། གཤེན་རབ་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འབྱུང་བའི་གཤེན་ཆེན་པོ་བཞི། དེ་ནི་འདི་ལྟར་སྟེ། སྔོན་དང་པོ་བདག་གི་ཡབ་རྒྱལ་བོན་ཐོད་དཀར་གྱིས་ཞབས་ཀྱིས་བཅགས་ཤིང་བསྟན་པ་བཞག་པའི་ཡུལ་དང་མི་ཡང་འདི་ལགས་སོ། །

1-44b

བདག་གི་མ་ལུས་ཀྱི་སྒྲོམ་བུ་མི་ཕྱི་ལྷ་ཕྱི་ཡོ་ཕྱི་རྒྱལ་བཞེད་མ་ཡང་ཡུལ་འདིར་སྐུ་འཁྲུངས་པ་ལགས་སོ། །ཞེ་ས་ཕར་ཕུལ་བ་ནི་བདག་གི་ཕྱི་མེས་དང་ཞང་པོ་ལགས་སོ། །འོ་སྐོལ་གདོང་ལ་གཅིག་ཀྱང་མ་ལུས་པར་སངས་རྒྱས་པ་ནི། ལས་འཕྲོ་མཐུན་པ་ཕྱོགས་གཅིག་ཏུ་སྐྱེས་ཏེ། སྔོན་ནས་སྒྲིབ་པ་བྱང་བ་དེ་རིང་བདག་ལ་བསྐོར་བ་བྱས། ལྷ་ཕྱག་བཙལ། མཆོད་པ་ཕུལ་བས། ཚོགས་རྫོགས་ནས་སངས་རྒྱས་པ་ལགས་སོ། །ཡང་འབྱུང་བའི་གཤེན་ཆེན་པོ་བཞིས། སྟོན་པ་ལ་ཞུས་སམ་གསོལ་པ། སྟོན་པའི་སྒྲོན་མ་གཤེན་རབ་མི་བོ་ལགས། །བདག་ཅག་འཁོར་པ་འབྱུང་བའི་གཤེན་པོ་རྣམས། །གཡུང་དྲུང་བོན་གྱི་སྒོ་མོ་མང་པོ་ལ། །ཇི་ལྟ་བུ་བསླབ་ན་སྒྲིབ་གཉིས་འབྱོང་བ་ལགས། །ཇི་ལྟ་བུ་བསླབ་ན་ཚོགས་གཉིས་རྫོགས་པ་ལགས། །ཇི་ལྟ་བུ་བསླབ་ན་མངོན་སངས་རྒྱས་པ་ལགས། །དེ་སྐད་ཅེས་ཞུས་སམ་གསོལ་པས། གཤེན་རབ་ཀྱིས་བཀའ་སྩལ་པ།བདག་ལ་ཞུ་བའི་གཤེན་པོ་རྣམས། །དབང་པོའི་ཐ་མའི་བློ་ཡོད་པས། །འོད་ཟེར་སྤྲོས་པའི་བོན་བསྟན་ནོ་གསུངས་ནས། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་། རྒྱས་པ་འབུམ་