བུ་སྟོན་ཆོས་འབྱུང་།
གཉིས་པ། བརྗོད་བྱའི་སྒོ་ནས་དབྱེ་བ།
上一章
12a
(གཉིས་པ། བརྗོད་བྱའི་སྒོ་ནས་དབྱེ་བ།)
གཉིས་པ་ནི། ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་པས་ཀུན་རྫོབ་རིགས་པས་མི་གནས་པ་སྟོན་པ་དྲང་དོན་དང་། དོན་དམ་རིགས་པས་འཐད་པ་སྟོན་པ་ངེས་པའི་དོན་གཉིས་ཏེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། ཀུན་རྫོབ་སྒྲུབ་པ་སྟོན་པ་ནི། དང་བའི་དོན་ཏེ། དོན་དམ་སྒྲུབ་པ་སྟོན་པ་ནི། ངེས་པའི་དོན་ཏོ་ཞེས་སོ། །གང(མཁའ་རག་པ།)དག་མདོ་ཐམས་ཅད་སངས་རྒྱས་ལ་ལྟོས་ཏེ་དྲང་དོན། གདུལ་བྱ་ལ་ལྟོས་ཏེ་ངེས་དོན་དུ་འདོད་པ་ནི༏ རྣམ་པར་འཁྱམས་སོ། །