བུ་སྟོན་ཆོས་འབྱུང་།
༣. རྗེས་སུ་གནང་བའི་བཀའ།
上一章
16a
(༣. རྗེས་སུ་གནང་བའི་བཀའ།)
གསུམ་པ་ནི། གླེང་གཞི་དང་མཚམས་སྦྱོར་དང་མཐུན་འགྱུར་ཡི་རང་རྣམས་ཏེ། ཆོས་ཡང་དག་པར་སྡུད་པ་ལས། དགེ་སློང་དག་འདི་སྐད་བདག་གིས་ཐོས་པ་ཞེས་གྱིས་ལ་ཆོས་བསྡུ་བར་བྱའོ་ཞེས་དང་། འབྲེལ་བ་དང་གོ་རིམ་ཡང་བསྟན་པར་བྱའོ་ཞེས་རྗེས་སུ་གནང་བའི་ཕྱིར་རོ། །