བུ་སྟོན་ཆོས་འབྱུང་།

དང་པོ། མཚན་ཉིད་བསྟན་པ།

上一章
下一章
16a

(དང་པོ། མཚན་ཉིད་བསྟན་པ།)

དང་པོ་ནི། རྩོམ་པ་པོ་རྣམ་གཡེང་མེད་བའི་ཡིད་ཅན་གྱིས་བཀའི་དོན་བཤད་ཅིང་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པ་སྟེ། རྒྱུད་བླ་མར། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། ཞེས་སོ། །