བུ་སྟོན་ཆོས་འབྱུང་།

གཉིས་པ། བསྒྲུབ་བྱ་ཉན་པ་པོའི་མཚན་ཉིད་བསྟན་པ།

上一章
下一章
30b

(གཉིས་པ། བསྒྲུབ་བྱ་ཉན་པ་པོའི་མཚན་ཉིད་བསྟན་པ།)

གཉིས་པ་ནི། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བརྗོད། །ཅེས་པས་རྟོགས་པར་ནུས་པའི་བློ་གྲོས་དང་། དོན་དུ་གཉེར་བའི་འདུན་པ་དང་། ང་རྒྱལ་མེད་པའི་གུས་པའོ། །