བུ་སྟོན་ཆོས་འབྱུང་།

ཞར་བྱུང་། བོད་དུ་དམ་པའི་ཆོས་དར་བར་མཛད་པའི་པཎྜི་ཏ་དང་ལོ་ཙཱ་བའི་མཚན་ཐོ།

上一章
下一章
140b

(ཞར་བྱུང་། བོད་དུ་དམ་པའི་ཆོས་དར་བར་མཛད་པའི་པཎྜི་ཏ་དང་ལོ་ཙཱ་བའི་མཚན་ཐོ།)

དེ་ལྟར་བོད་དུ་དམ་པའི་ཆོས་དར་བར་མཛད་པའི་པཎྜི་ཏ་བོད་དུ་བྱུང་བ་ནི་མཁན་པོ་ཤཱནྟི་རཀྵི་ཏ་བོད་སྐད་དུ་ཞི་བ་འཚོ་དང་། པདྨ་འབྱུང་གནས་དང་། སྔགས་འཆང་དྷརྨ་ཀིརྟི་དང་། བི་མ་ལ་མི་ཏྲ་དྲི་མེད་བཤེས་གཉེན་དང་། སངས་རྒྱས་གསང་བ་དང་། བསམ་ཡས་ཀྱི་རབ་གནས་མཁན་ཤཱནྟི་གརྦྷ་ཞི་བ་སྙིང་པོ་དང་། བི་ཤུདྡྷ་སིངྷ་ཧ་རྣམ་དག་སེང་གེ་དང་། ཀ་མ་ལ་ཤཱི་ལ་པདྨའི་ངང་ཚུལ་དང་། རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤི་ཀ་ར་དང་། བལ་པོ་ཤཱི་ལ་མཉྫུ་དང་། བྲམ་ཟེ་ཨཱ་ནནྟ་དང་། ཀ་ལྱེ་མི་ཏྲ་དགེ་བའི་བཤེས་གཉེན་དང་། ཛི་ན་མི་ཏྲ་རྒྱལ་བའི་བཤེས་གཉེན་དང་། སུ་རེནྡྲ་བོ་དྷི་ལྷའི་དབང་པོ་བྱང་ཆུབ་དང་། ཤཱི་ལེནྡྲ་བོ་དྷི་ཚུལ་ཁྲིམས་དབང་པོ་བྱང་ཆུབ་དང་། དཱ་ན་ཤཱི་ལ་དང་། བོ་དྷི་མི་ཏྲ་དང་།

141a

༄༅།        །མུ་ནི་ཝརྨ་ཐུབ་པའི་གོ་ཆ་དང་། སརྦ་ཛྙཱ་དེ་ཝ་ཀུན་མཁྱེན་ལྷ་དང་། བིདྱ་ཀ་ར་པྲ་བྷ་རིག་བྱེད་འོད་ཟེར་དང་། ཤྲདྡྷཱ་ཀ་ར་ཝརྨ་དད་བྱེད་གོ་ཆ་དང་། པདྨ་གུཔྟ་པདྨ་སྦས་པ་དང་། མུཀྟི་མི་ཏྲ་གྲོལ་བའི་བཤེས་གཉེན་དང་། བུདྡྷ་ཤྲཱི་ཤཱནྟི་དང་། བུདྡྷ་པཱ་ལ་སངས་རྒྱས་སྐྱོང་དང་། དྷརྨ་པཱ་ལ་དང་། པྲ་ཛྙཱ་པཱ་ལ་དང་། སུ་བྷཱ་ཥི་ཏ་ལེགས་པར་གསུངས་པ་དང་། པྲཛྙཱ་ཝརྨ་དང་། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་མར་མེ་མཛད་ཡེ་ཤེས་ཏེ་ཇོ་བོ་རྗེ་དང་། དེའི་དབོན་པོ་དཱ་ན་ཤྲཱི་དང་། སྨྲྀ་ཏི་ཛྙཱ་ན་ཀིརྟི་དྲན་པའི་ཡེ་ཤེས་གྲགས་པ་དང་། ཕྲ་ལ་རིང་བ་དང་། སུནྱ་ཏ་ཤྲཱི་ལེགས་པར་རིག་པའི་དཔལ་དང་། ཁ་ཆེ་ཛྙཱ་ན་ཤྲཱི་དང་། ཙནྡྲ་རཱ་ཧུ་ལ་དང་། དྷཱི་ར་པཱ་ལ་བརྟན་སྐྱོང་སྟེ་འབུམ་ཕྲག་གསུམ་པ་དང་། ཨ་ཏུ་ལྱེ་དཱ་ཤ་མི་མཉམ་ཁོལ་པོ་དང་། སུ་མ་ཏི་ཀིརྟི་བློ་བཟང་གྲགས་པ་དང་། ཨ་མ་ར་ཙནྡྲ་དང་། ཐིག་ལེ་བུམ་པ་དང་། གཞོན་ནུ་བུམ་པ་དང་། ཀ་ན་ཀ་ཝརྨ་དང་། དམ་པ་(དིང་རི་གླང་འཁོར་བཏབ་སྟེ་བོད་དུ་གཤེགས།)རྒྱ་གར་དང་། ཛ་ཡ་ཨ་ནནྟ་དང་། ག་ཡ་(ྋསྤྲིན་གྱི་ཤུགས་ཅན་ཀྱང་ཟེར།)དྷ་ར་དང་། དོན་ཡོད་རྡོ་རྗེ་དང་། ཟླ་བ་མགོན་(ཁ་ཆེ་བ་ཡིན།)པོ་དང་། སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེ་དང་། ཡེ་ཤེས་རྡོ་རྗེ་དང་། ཤེས་རབ་གསང་བ་དང་། མ་ཧཱ་ཛ་ན་དང་། ཝ་ལ་ཙནྡྲ་དང་། མནྟྲ་ཀ་ལཀྵུ་དང་། སུ་ག་ཏ་ཤྲཱི་དང་། ཀརྨ་བཛྲ་དང་། ཛ་མ་རི་དང་། བཻ་རོ་ཙ་ན་བཛྲ་དང་། མཉྫུ་གྷོ་ཥ་དང་། པཱུར་ཡ་ཀིརྟི་དང་། པྲ་ཛྙཱ་ཤྲཱི་ཛྙཱ་ན་དང་། གཾ་གཱ་དྷ་ར་དང་། ནོར་སྦས་དང་། ས་མནྟ་ཤྲཱི་དང་། ནིསྐ་ལངྐ་དེ་ཝ་དང་། ཛ་ག་ཏ་མི་ཏྲ་ཨཱ་ནནྟ་དང་། བུདྡྷ་ཤྲཱི་ཛྙཱ་ན་དང་། ཤཱཀྱ་ཤྲཱི་བྷ་དྲ་དང་། བི་བྷུ་ཏི་ཙནྡྲ་དང་། དཱ་ན་ཤཱི་ལ་དང་། སཾ་གྷ་ཤྲཱི་དང་། ལོངས་སྤྱོད་རྡོ་རྗེ་དང་། རཏྣ་ཤྲཱི་དང་། བལ་པོ་མཧཱ་བ་ན་དང་། བལ་པོ་བཛྲ་ཀིརྟི་དང་། བལ་པོ་ཀཱ་ཡ་ཤྲཱི་དང་། བལ་པོ་གྲགས་པ་དཔལ་དང་། ཀུ་མཱ་ར་དང་། ཐམས་ཅད་མཁྱེན་པའི་དཔལ་དང་། སཱ་དྷུ་ཀིརྟི་དང་།

141b

བི་ན་ཡ་ཤྲཱི་དང་། ཤཱི་ལ་ཤྲཱི་དང་། སཾ་བྷ་ལ་ཤྲཱི་དང་། བི་མ་ལ་ཤྲཱི་དང་། དར་པན་ཨཱ་ཙརྱ་དང་། ཛ་ཡ་དེ་ཝ་དང་། ལཀྵྨི་ཀ་ར་དང་། རཏྣ་ཤྲཱི་དང་། ཨཱ་ནནྟ་ཤྲཱི་དང་། རཱ་ཧུ་ལ་ཤྲཱི་དང་། བླ་མ་ཟངས་གླིང་པ་དང་། ཀིརྟི་པཎྜི་ཏ་ལ་སོགས་པ་བྱོན་ནོ། །ལོཙྪ་པ་ལ་སྔ་བ་ཐོན་མི་སཾ་བྷོ་ཊ་དང་། དྷརྨ་ཀོ་ཥ་དང་། རྡོ་རྗེ་དཔལ་དང་། བྲན་ཀ་མུ་ལ་ཀོ་ཥ་དང་། གཉགས་ཛྙཱ་ན་ཀུ་མཱ་ར་དང་། སྦ་ཡེ་ཤེས་དབང་པོ་དང་། ངན་ལམ་རྒྱལ་བ་མཆོག་དབྱངས་དང་། འབའ་ཁྲི་བཞེར་སང་ཤི་ཏ་དང་། སྦྲང་རྒྱར་ལེགས་གཟིགས་དང་། སེང་གོང་ལྷ་ལུང་གཟིགས་དང་། སྦ་མང་རྗེ་གསལ་སྣང་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས། ལྕེ་ཛྙཱ་ན་སིདྡྷི། མཆིམས་ཤཱཀྱ་པྲ་བྷ། བྲང་ཏི་ཛ་ཡ་རཀྵི་ཏ། ཤུད་པུ་དཔལ་གྱི་སེང་གེ། དབའ་མཉྫུ་ཤྲཱི། རྩངས་དེ་ཝེནྟྲ་རཀྵི་ཏ། བྲན་ཀ་མུ་ཏི་ཀ །པ་གོར་བཻ་རོ་ཙ་ན་རཀྵི་ཏ། འཁོན་ནཱ་གེནྡྲ་རཀྵི་ཏ། རྨ་རིན་ཆེན་མཆོག །གཙང་ས་ལའི་བུ་རིན་ཆེན་ལེགས་གྲུབ། དྷརྨ་ཨཱ་ལོ་ཀ་དང་། དྲན་པ་ནམ་མཁའ་དང་། དགྲ་བཅོམ་རིན་ཆེན་སྡེ་དང་། རྣམ་པར་མི་རྟོག་པ་དང་། ཤཱཀྱ་འོད་དང་། ལྕེ་ཁྱི་འབྲུག་དང་། ཉང་ཁམས་པ་གོ་ཆ་དང་། ཛྙཱ་ན་དེ་ཝ་ཀོ་ཥ་དང་། ཞང་རྒྱལ་ཉེན་ཉ་བཟང་དང་། འགོས་ཆོས་གྲུབ་དང་། སྟོང་ཙ་ཨཱ་ཙརྱ་དང་། དྷརྨ་ཏ་ཤཱི་ལ་དང་། ཀླུའི་རྒྱལ་མཚན་དང་། དཔལ་བརྩེགས་རཀྵི་ཏ་དང་། རཏྣ་རཀྵི་ཏ་དང་། ཡེ་ཤེས་སྡེ་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤྲཱི་ཝ་རྨ་དང་། རཏྣེནྟྲ་ཤཱི་ལ་དང་། བཟང་སྐྱོང་དང་། ལྷའི་ཟླ་བ་དང་། དཔལ་གྱི་ལྷུན་པོ་དང་། དཔལ་འབྱོར་དང་། ཡེ་ཤེས་སྙིང་པོ་དང་། རྒྱལ་བ་ཤེས་རབ་དང་། ཤཱཀྱ་བཤེས་གཉེན་དང་། དགེ་བ་དཔལ་དང་། ལེགས་ཀྱི་སྡེ་དང་། གནུབས་ནམ་མཁའི་སྙིང་པོ་དང་། ཡི་གེ་པ་དགོན་གླིང་རྨ་དང་། གཞོན་ནུ་སྲུང་བ་དང་། ནམ་མཁའ་སྐྱོང་དང་། རིན་ཆེན་བཟང་པོ་དང་།(ཐོ་རངས་སྐར་ཆེན་དུ་གྲགས།) གྲགས་འབྱོར་ཤེས་རབ་དང་།(ལུས་མ་སྤངས་པར་མཁའ་སྤྱོད་ལ་གཤེགས།) འབྲོ་སེང་དཀར་ཤཱཀྱ་

142a

༄༅།        །འོད་དང་། རྔོག་ལེགས་(ྋགསང་ནེའུ་ཐེག་བཏབ།)པའི་ཤེས་རབ་དང་། ལྷ་(ྋམངའ་རིས་རྒྱལ་པོ།)བླ་མ་ཞི་བ་འོད་དང་། རྒྱ་བརྩོན་འགྲུས་སེང་གེ་དང་།(ཇོ་བོ་རྗེ་སྤྱན་འདྲེན་པ་པོ་ཡིན།) ནག་ཚོ་ཚུལ་ཁྲིམས་རྒྱལ་བ་(ཇོ་བོ་རྗེ་སྤྱན་འདྲེན་པ་པོ་ཡིན།)དང་། ཁུ་དངོས་གྲུབ་དང་། ཆོས་ཀྱི་ཤེས་རབ་དང་། མར་ཐུང་དད་པ་ཤེས་རབ་དང་། རྨ་དགེ་བའི་བློ་གྲོས་དང་། ག་རོད་ཚུལ་ཁྲིམས་འབྱུང་གནས་དང་། ཤཱཀྱ་བློ་གྲོས་དང་། འབྲོམ་རྒྱལ་བའི་(དགེ་བསྙེན།)འབྱུང་གནས་དང་། ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས་དང་། སྟག་ལོཙྪ་བ་དང་། འགར་ཆོས་(རི་བོ་རྩེ་ལྔ་ལ་གཤེགས།)ཀྱི་བཟང་པོ་དང་། ཤེའུ་བཛྲ་དེ་ཝ་དང་། རབ་ཞི་བཤེས་གཉེན་དང་། རྔོག་བློ་ལྡན་ཤེས་རབ་དང་། ཟངས་དཀར་འཕགས་པ་ཤེས་རབ་དང་། གཉན་དར་མ་གྲགས་དང་། གཟུ་དགའ་བ་རྡོ་རྗེ་དང་། གྱི་ལྗང་དབུ་དཀར་དང་། ཆོས་ཀྱི་ཡོན་ཏན་དང་། ཆོས་ཀྱི་རིན་ཆེན་དང་། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་དང་། འབྲོག་མི་ཤཱཀྱ་ཡེ་ཤེས་དང་། འགོས་ཁུག་པ་ལྷས་བཙས་དང་། གྱི་ཅོ་ཟླ་བའི་འོད་ཟེར་དང་། ཀློག་སྐྱ་ཤེས་རབ་བརྩེགས་དང་། མལ་ཀྱོ་བློ་གྲོས་གྲགས་དང་། སེ་རྩ་བ་བསོད་ནམས་རྒྱལ་མཚན་(སྨན་ལུང་བཏབ།)དང་། རོང་པ་ཆོས་བཟང་དང་། ཡོལ་ལྕགས་རྡོ་རྗེ་དབང་ཕྱུག་དང་། མང་འོར་བྱང་ཆུབ་ཤེས་རབ་དང་། རྩ་མི་སངས་རྒྱས་(རྒྱ་གར་ལ་བྱོན།)གྲགས་དང་། ཁེའུ་གད་པ་འཁོར་ལོ་གྲགས་དང་། སྤོང་ཞོ་གསལ་བ་གྲགས་དང་། དིང་རི་ཆོས་གྲགས་དང་། རྒྱུས་སྨོན་ལམ་གྲགས་དང་། པ་ཚབ་ཉི་མ་གྲགས་དང་། བ་རི་རིན་ཆེན་གྲགས་དང་། འབྲོ་ཤེས་རབ་གྲགས་དང་། རྭ་རྡོ་རྗེ་གྲགས། ཀྲེ་བོ་ཤེས་རབ་དཔལ་དང་། བཀྲ་ཤིས་རྒྱལ་མཚན་དང་། པ་རེག་ཐོས་པ་དགའ་དང་། རྨ་བན་ཆོས་འབར་དང་། མཚུར་དབྱིག་གི་རྒྱལ་མཚན་དང་། མཚུར་དབང་ངེ་དང་། དཔྱལ་ཀུན་དགའ་རྡོ་རྗེ་དང་། དཔྱལ་དགའ་བ་གྲགས་དང་། མར་དོ་ཆོས་ཀྱི་དབང་ཕྱུག་དང་། ཆོས་ཀྱི་སྙིང་པོ་དང་། ཀམ་ཆོས་ཀྱི་

142b

ཡེ་ཤེས་དང་། ཕྱུགས་མཚམས་དབང་ཕྱུག་རྒྱ་མཚོ་དང་། ཚུལ་ཁྲིམས་ཡོན་ཏན་དང་། ཁྱེའུ་གད་པ་ཡོན་ཏན་དཔལ་དང་། བསོད་ནམས་བཟང་པོ་དང་། སུམ་པ་དཔལ་མཆོག་རྡོ་རྗེ་དང་། ཉི་མ་རྡོ་རྗེ་དང་། ཁུ་དགེ་བསྙེན་ནེ་ཙོ་དང་། ཀློག་སྐྱ་གཞོན་ནུ་འབར་དང་། ལྷ་ཡེ་ཤེས་རྒྱལ་མཚན་དང་། བྱང་ཆུབ་འབྱུང་གནས་དང་། གླན་ཆོས་ཀྱི་བློ་གྲོས་དང་། ཅོག་གྲུ་ཏིང་ངེ་འཛིན་བཟང་པོ་དང་། ཤེས་རབ་ཡེ་ཤེས་དང་། རིག་པ་གཞོན་ནུ་དང་། གཞོན་ཚུལ་དང་། ཁུ་མདོ་སྡེ་འབར་དང་། ཤེས་རབ་བརྩོན་འགྲུས་དང་། གཡུང་དྲུང་འོད་དང་། བསོད་ནམས་རྒྱལ་བ་དང་། ཅོག་གྲུ་ཤེས་རབ་བླ་མ་དང་། ཅོག་གྲུ་མྱ་ངན་མེད་པའི་དཔལ་དང་། ལ་ཆིངས་ཡོན་ཏན་འབར་དང་། བསོད་ནམས་མོས་པ་དང་། དགེ་ཚུལ་ཁྱུང་གྲགས་དང་། ཚུལ་ཁྲིམས་བརྩེགས་དང་། ལྷ་བཙུན་པ་དང་། ལྷ་བཙན་པོ་མུ་ནི་རཱ་ཛཱ་དང་། རྔོག་བུདྡྷ་པཱ་ལ་དང་། རྒྱ་ལོཙྪ་དང་། སྦལ་རྡོ་རྗེ་རྒྱལ་པོ་དང་། ལྷ་རིན་པོ་ཆེ་དང་། ལྷ་ཆོས་ཀྱི་རིན་ཆེན་དང་། སྐྱུ་ར་ཚུལ་ཁྲིམས་འོད་ཟེར་དང་། དགེ་སློང་བྱའི་གདོང་ཅན་དང་། ར་བྱིད་ལོཙྪ་དང་། ཕུར་བུ་འོད་དང་། པ་ཚབ་ཚུལ་རྒྱལ་དང་། ཤེས་རབ་ལེགས་དང་། ནག་ཚོ་དར་མ་གྲགས་དང་། མར་པ་བློ་གྲོས་བཟང་པོ་དང་། སེ་ལོཙྪ་དང་། ཟླ་བ་གྲགས་པ་དང་། མཉལ་མི་ཡེ་ཤེས་ཆོས་དང་། ཆོས་ཀྱི་ཟླ་བ་དང་། དགེ་སློང་ཤེས་རབ་སྐྱབས་དང་། ནག་ཚོ་ཤེས་རབ་རྒྱལ་མཚན་དང་། འ་ཞ་རྒྱ་གར་བརྩེགས་དང་། གཉན་བསོད་ནམས་དང་། བ་རི་ཆོས་གྲགས་དང་། ཨོང་པོ་ལོཙྪ་དང་། གཞོན་ནུ་ཤེས་རབ་དང་། འགར་ཤེས་རབ་འབྱུང་གནས་དང་། འཇམ་དཔལ་གཞོན་ནུ་དང་། ཤེས་རབ་འོད་ཟེར་དང་། ལྕེ་དགའ་བ་དཔལ་དང་། ཡེ་ཤེས་འབྱུང་གནས་དང་། ཤཱཀྱ་བརྩོན་འགྲུས་དང་། རྭ་ཆོས་རབ་དང་། ལོ་བཙུན་ཆུང་རྡོ་རྗེ་རྒྱལ་མཚན་དང་། ཞ་མ་དགེ་བསྙེན་སེང་རྒྱལ་དང་། ལྕེ་བཀྲ་ཤིས་

143a

༄༅།        །དང་། ཆག་དགྲ་བཅོམ་དང་། དཔྱལ་ཆོས་བཟང་དང་། གནུབས་བྱམས་བའི་དཔལ་(ཉི་མ་ལྟ་བུར་གྲགས།)དང་། ས་སྐྱ་པཎྜི་ཏ་(ྋཟླ་བ་ལྟ་བུར་གྲགས། ཐོག་མཉམ་པ་ཉི་ཟླ་ཟུང་གཅིག་ཏུ་གྲགས་སོ། །)དང་། ཆག་ཆོས་རྗེ་དཔལ་དང་། དཔྱལ་ཤེས་རབ་འོད་དང་། ཞང་གྲུབ་པ་དཔལ་དང་། གློ་བོ་ཤེས་རབ་རིན་ཆེན་དང་། ལྷོ་བྲག་པ་དར་སེང་དང་། མི་མཉམ་བཟང་པོ་དང་། ཤོང་རྡོ་རྗེ་རྒྱལ་མཚན་དང་། ཤོང་བློ་གྲོས་བརྟན་པ་དང་། ཁམས་པ་བློ་གྲོས་རྒྱལ་པོ་དང་། འདན་མ་ཚུལ་སེང་དང་། ར་ས་གཞོན་བརྩོན་དང་། ཤུད་ཀྱེ་གྲགས་པ་རྒྱལ་མཚན་དང་། ཉི་མ་རྒྱལ་མཚན་དཔལ་བཟང་པོ་དང་། དཔང་བློ་གྲོས་བརྟན་པ་དང་། སྒྲ་ཚད་པ་རིན་རྒྱལ་དང་། ལེགས་པའི་བློ་གྲོས་ལ་སོགས་པ་སྟེ། དེ་དག་གིས་གང་བསྒྱུར་འོག་ཏུ་འཆད་ཅིང་། འདིར་མ་ཆུད་པའི་པཎྜི་ཏ་བོད་དུ་བྱོན་པའི་དྲིན་ཅན་དང་ལོཙྪ་བ་རྣམས་ཀྱང་ཇི་ལྟར་རྙེད་པ་བསྣན་པར་བྱའོ། །ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་ལས་བོད་དུ་ཆོས་བྱུང་ཚུལ་གྱི་ལེའུ་སྟེ་གསུམ་པའོ། །        ། །