བུ་སྟོན་ཆོས་འབྱུང་།
༡. བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོའི་བཀའ་ལས་འགྱུར་བའི་རྣམ་གྲངས།
(༡. བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོའི་བཀའ་ལས་འགྱུར་བའི་རྣམ་གྲངས།)
དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བཀའ་ལས། འདུལ་བ་ལུང་སྡེ་བཞིའི་དང་པོ་ལུང་གཞི་ཤུ་ལོག་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་སྟེ་བམ་པོ་བརྒྱ་རྩ་དགུ་ཚང་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་དང་། ལུང་རྣམ་འབྱེད་ལ་ཕའི་རྣམ་འབྱེད་ཤུ་ལོག་ཉི་ཁྲི་བཞི་སྟོང་དགུ་བརྒྱ་སྟེ་བམ་པོ་བརྒྱད་ཅུ་རྩ་གསུམ་པ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་དང་། དགེ་སློང་མའི་རྣམ་འབྱེད་བམ་པོ་ཉི་ཤུ་རྩ་བརྒྱད་པ་དཔལ་གྱི་ལྷུན་པོ་དང་དཔལ་བརྩེགས་ཀྱིས་བསྒྱུར་བ་དང་། ལུང་ཕྲན་ཚེགས་ལ། ཁ་ཅིག་ཕྲན་ཚེགས་སྒོ་བརྒྱད་
ལས་དྲུག་པ་ཡན་ཆད་ལས་མ་འགྱུར་ཟེར་བ་དང་། དཔེ་ཁ་ཅིག་ལས་ཕྲན་ཚེགས་བསྒྱུར་པའི་དུས་སུ་ལོཙྪ་བ་མང་པོས་བགོས་ནས་བསྒྱུར་བས། བམ་པོ་སུམ་ཅུ་རྩ་དགུ་པ་དང་། བཞི་བཅུ་རྩ་གསུམ་པ་ཆད་པས་གཉིས་པོ་འདི་དང་པོ་ནས་འགྱུར་རམ་མ་འགྱུར་ཡང་། ལོ་ཙཱ་བ་ཆེན་པོ་དཔལ་འབྱོར་ལའང་ཞུ་ཞིང་བརྟག །སྒྲ་བསྒྱུར་པའི་དཔེ་རེག་ཟིག་དང་ཡང་གཏུགས་ཞེས་པ་དང་། མཆིམས་ཕུའི་དཀར་ཆག་ལས། འདུལ་བ་ཕྲན་ཚེགས་བསྒྱུར་འཕྲོ་བམ་པོ་ལྔ་བཅུ་རྩ་གཉིས་ཞེས་པ་དང་། དཀར་ཆག་ལྡན་དཀར་མར། འདུལ་བ་ཕྲན་ཚེགས་ཀྱི་གཞི་ཤུ་ལོག་ཉི་ཁྲི་བཞི་སྟོང་དྲུག་བརྒྱ་སྟེ་བམ་པོ་བཞི་བཅུ་རྩ་གཉིས་ཞེས་པ་ལ་སོགས་པ་ཐེ་ཚོམ་གྱི་གཞི་མང་དུ་ཡོད་པས་ན་ཐ་སྙད་ཀྱི་རྗེས་སུ་མི་འབྲང་བར། ཕྲན་ཚེགས་སྒོ་བརྒྱད་ཀ་རྫོགས་པ་སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་དང་གཏུགས་པ་བམ་པོ་ལྔ་བཅུ་རྩ་དགུ་པ་ལོ་ཙཱ་བ་དཔལ་འབྱོར་གྱིས་བསྒྱུར་བ་འདི་ཚད་མར་བྱའོ། །ལུང་གཞུང་བླ་མ། ཞུ་བ་རྫོགས་པ་བམ་པོ་ལྔ་བཅུ་རྩ་གསུམ་ཚང་བ་དང་། ཞུ་བ་མ་རྫོགས་པའི་བམ་པོ་བཅུ་གཉིས་པ་དང་གཉིས་ལ་གཞུང་དམ་པའང་ཟེར། དེ་དག་གི་ལུང་གཞིས་རབ་བྱུང་གི་གཞི་ལ་སོགས་པ་ནས་གནས་མལ་གྱི་གཞིའི་བར་གཞི་བཅུ་བདུན་སྟོན། དགེ་སློང་ཕའི་རྣམ་འབྱེད་ཀྱིས་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྟོན། མའི་རྣམ་འབྱེད་ཀྱིས་དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་སྟོན། གཞུང་བླ་མས་གཞི་དང་རྣམ་འབྱེད་ཀྱི་དོན་ཞིབ་ཏུ་འཆད་པའི་འགྲེལ་པ་ལྟ་བུ་ཡིན། ཕྲན་ཚེགས་དེ་རྣམས་ཀྱི་མ་ཚང་བ་ཁ་སྐང་ལྟ་བུ་ཡིན། རྩ་བའི་ལུང་དགེ་སློང་གི་སོ་སོར་ཐར་པ་ཤུ་ལོག་བདུན་བརྒྱ་སྟེ་བམ་པོ་གཉིས་དང་། དགེ་སློང་མའི་སོ་སོར་ཐར་པ་ཤུ་ལོག་བརྒྱད་བརྒྱ་སྟེ་བམ་པོ་གཉིས་པ་གཉིས་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བའོ། །སོ་སོར་ཐར་པའི་མདོ་གཉིས་

༄༅། །པོ་དགྲ་བཅོམ་པ་ཆོས་གྱི་ཚོང་དཔོན་གྱིས་བྱས་པས་བཀའ་མིན་ཟེར་བ་དང་། ཁ་ཅིག་བཀའ་ཡིན་ཡང་སྟོན་པ་བཞི་ཡིན་ཏེ། སངས་རྒྱས་དང་། ཉེ་བར་འཁོར་དང་། ཆོས་ཀྱི་ཚོང་དཔོན་དང་། དྲི་མེད་བཤེས་གཉེན་དང་བཞིའོ་ཟེར་ཏེ་བསྟན་པ་གཅིག་ལ་སྟོན་པ་བཞི་ངོ་མཚར་ཆེའོ། །ཁོ་བོའི་བླ་མ་ལུང་སྡེ་བཞི་དང་། མངོན་པར་འབྱུང་བའི་མདོ་བསྟན་བཅོས་སུ་བཞེད་པ་ནི་བཞེད་པ་ཙམ་དུ་ཟད་དོ། །དེ་དག་འདུལ་བའི་སྐོར། གཞན་ཡང་དུས་ཕྱིས་གསུངས་པ་དང་ཅི་རིགས་སུ་ཡོད་ཀྱང་ཐེག་ཆུང་རྣམས་ཕྱོགས་གཅིག་ཏུ་བསྟན་པར་བྱ་སྟེ། འཕགས་པ་དྲན་པ་ཉེ་བར་གཞག་པ་བམ་པོ་པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། འདི་ལོཙྪ་བས་ཐེག་ཆེན་དུ་མཛད་དཀར་ཆག་ཆེན་པོ་དག་ལས་ཐེག་ཆུང་དུ་བཤད་དོ། །ཚངས་པའི་དྲ་བ་བམ་པོ་གཉིས། མདོ་ཆེན་པོ་སྒྱུ་མའི་དྲ་བ་བམ་པོ་གཅིག་དང་ཤུ་ལོག་བཞི་བཅུ། མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ་བམ་པོ་གཅིག །མདོ་ཆེན་པོ་ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་མཐུན་པ་བམ་པོ་གཅིག་དང་ཤུ་ལོག་ལྔ་བཅུ། མདོ་ཆེན་པོ་གཟུགས་ཅན་སྙིང་པོས་ཞུས་པ་བམ་པོ་ཕྱེད། མདོ་ཆེན་པོ་སྟོང་པ་ཉིད་ཤུ་ལོག་དགུ་བཅུ། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ་བམ་པོ་ཕྱེད། མདོ་ཆེན་པོ་རྒྱལ་མཚན་མཆོག་ཤུ་ལོག་བཞི་བཅུ་སྟེ་བདུན་པོ་དེ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། མདོ་ཆེན་པོ་རྒྱལ་མཚན་དམ་པ་ཤུ་ལོག་བཞི་བཅུ། མདོ་ཆེན་པོ་ལྔ་གསུམ་པ་ཤུ་ལོག་གཉིས་བརྒྱ་ཉི་ཤུ་སྟེ་དེ་གཉིས་ཡེ་ཤེས་སྡེའི་འགྱུར། རྡོ་འཕངས་པའི་མདོ་བམ་པོ་གཉིས། སྐྱེས་བུ་དམ་པའི་མདོ་ཤུ་ལོག་གཉིས་བརྒྱ་སྟེ་བཟང་སྐྱོང་དང་དཔལ་བརྩེགས་ཀྱི་འགྱུར། དགའ་བོ་རབ་ཏུ་འབྱུང་བའི་མདོ་ཤུ་ལོག་ལྔ་བཅུ་རྩངས་དེ་ཝེནྡྲའི་འགྱུར། ལྷའི་མདོ་ཤུ་ལོག་སུམ་ཅུ་རྩ་བདུན་ལྷའི་མདོ་ཉུང་ངུ་ཤུ་ལོག་བདུན་ཅུ་སྟེ་ཡེ་ཤེས་སྡེའི་འགྱུར། ཟླ་བའི་མདོ་ཤུ་ལོག་བཅུ་གསུམ།

ཁང་བུ་བརྩེགས་པའི་མདོ་ཤུ་ལོག་དྲུག་ཅུ་རཏྣ་རཀྵི་ཏའི་འགྱུར། གནས་འཇོག་གི་མདོ་ཤུ་ལོག་ཉི་ཤུ་དཔལ་བརྩེགས་ལ་སོགས་པའི་འགྱུར། དགའ་བ་ཅན་གྱི་མདོ་ཤུ་ལོག་ཉིས་བརྒྱ། གཞོན་ནུ་དཔེའི་མདོ་ཤུ་ལོག་ཉི་ཤུ། ཁམས་མང་པོའི་མདོ་ཤུ་ལོག་གཉིས་བརྒྱ། འཁར་གསིལ་གྱི་མདོ་དང་། འཁར་གསིལ་འཆང་བའི་ཀུན་ཏུ་སྤྱོད་པའི་ཆོ་ག་གཉིས་བམ་པོ་གཅིག །གཎྜིའི་མདོ་ཤུ་ལོག་བཅུ་ཚུལ་ཁྲིམས་ཡོན་ཏན་དང་རིན་ཆེན་བཟང་པོའི་འགྱུར། གཎྜིའི་དུས་ཀྱི་མདོ་ཤུ་ལོག་དགེ་བློའི་འགྱུར། དགེ་བའི་བཤེས་གཉེན་བསྟེན་པའི་མདོ་ཤུ་ལོག །དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ཤུ་ལོག །ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ཤུ་ལོག །ལྟུང་བ་སྡེ་ལྔའི་དགེ་བ་དང་མི་དགེ་བ་བསྟན་པའི་མདོ་ཤཱཀྱ་བློ་གྲོས་ཀྱི་འགྱུར། མཆོག་ཏུ་བཏགས་པའི་མདོ། རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པའི་མདོ་དཔལ་བརྩེགས་ཀྱི་འགྱུར། འདི་དཀར་ཆག་ཆེན་མོ་དག་ཏུ་མདོར་བྱས་ལ་ཁ་ཅིག་བསྟན་བཅོས་སུ་འདོད། ཚེའི་མཐའི་མདོ་ཤུ་ལོག་གཉིས་བརྒྱ་རྩ་ལྔ་པ་དགེ་བ་དཔལ་དང་དཔལ་བརྩེགས་ཀྱི་འགྱུར། འཆི་འཕོ་བ་ཇི་ལྟར་འགྱུར་བ་བསྟན་པའི་མདོ། མི་རྟག་པ་ཉིད་ཀྱི་མདོ་ཤུ་ལོག་བཅོ་ལྔ་ཡེ་ཤེས་སྡེའི་འགྱུར། འདུ་ཤེས་བཅུ་བསྟན་པའི་མདོ་ཤུ་ལོག་བརྒྱད། འདུ་ཤེས་བཅུ་གཅིག་བསྟན་པའི་མདོ་ཤུ་ལོག་བཅུ་གཅིག །འདི་བཅོས་ལྡན་འདས་ཀྱི་ཞལ་ཆེམས་ཡིན་ནོ། །མཚན་མོ་བཟང་པོའི་མདོ་ཤུ་ལོག་ལྔ་བཅུ་རྩ་ཕྱེད་དང་གཉིས། མུན་གྱི་ནགས་ཚལ་གྱི་སྒོའི་མདོ། ཕ་མའི་དྲིན་ལན་བསྟན་པ་ཤུ་ལོག་སུམ་བརྒྱ། བདེན་པ་བཞིའི་མདོ། ཆོས་ཀྱི་འཁོར་ལོའི་མདོ། དོན་རྣམ་པར་གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས་ཤུ་ལོག་བདུན་ཅུ། དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས་ཤུ་ལོག་བརྒྱ་མཇུག་མ་ཚང་བ། རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ཤུ་ལོག་བདུན་ཅུ་

༄༅། །ཡེ་ཤེས་སྡེའི་འགྱུར། དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་བརྗོད་པའི་ཆོས་ཀྱི་རྣམ་གྲངས་ཤུ་ལོག་དྲུག་ཅུ་ཡེ་ཤེས་སྙིང་པོ་དང་དཔལ་བརྩེགས་ཀྱི་འགྱུར། མཆོད་རྟེན་བསྐོར་བའི་ཚིགས་བཅད་ཤུ་ལོག་བདུན་ཅུ། གསལ་རྒྱལ་གྱི་ཚིགས་བཅད་ཤུ་ལོག་བརྒྱ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ་ཤུ་ལོག་བརྒྱ། ཚིགས་སུ་བཅད་པ་གཅིག་པ། ཚིགས་སུ་བཅད་པ་བཞི་པ། མངོན་པར་འབྱུང་བའི་མདོ་རིན་ཆེན་བཟང་པོའི་འགྱུར། ཆེད་དུ་བརྗོད་པའི་ཚོམས་བམ་པོ་བཞི་རིན་ཆེན་མཆོག་དང་དཔལ་བརྩེགས་ཀྱི་འགྱུར། འདི་སྔར་གྱི་དཀར་ཆག་དག་ལས་བསྟན་བཅོས་སུ་བགྲངས་ལ་ད་ལྟ་བཀར་གྲགས། ཐབས་ལ་མཁས་པ་ཆེན་པོ་སངས་རྒྱས་ཀྱི་དྲིན་ལན་བསབ་པ་བམ་པོ་བདུན། ལས་རྣམ་འབྱེད་ཆུང་ངུ་བམ་པོ་གཅིག་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། ལས་ཀྱི་རྣམ་པར་འགྱུར་བ་བསྟན་པའི་གཞུང་ཤུ་ལོག་ཉིས་བརྒྱ་བདུན་ཅུ། རྒྱལ་བུ་དོན་གྲུབ་ཀྱི་མདོ་བམ་པོ་གཅིག །བསོད་ནམས་ཀྱི་སྟོབས་ཀྱི་རྟོགས་པ་བརྗོད་པ་ཤུ་ལོག་ཉིས་བརྒྱ་བཅུ་ལྷའི་ཟླ་བའི་འགྱུར། རྒྱལ་པོ་ཟླ་འོད་ཀྱི་རྟོགས་པ་བརྗོད་པ་དང་། དཔལ་གྱི་སྡེའི་རྟོགས་པ་བརྗོད་པ་གཉིས་ཤེས་རབ་ལེགས་དང་རིན་ཆེན་བཟང་པོའི་འགྱུར། རྒྱལ་པོ་གསེར་མདོག་གི་སྔོན་གྱི་སྦྱོར་བ་བསྟན་པ་ཤུ་ལོག་བཅུ་བདུན། སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་རབ་ལྡན་གྱི་མདོ་ཤུ་ལོག་བཅོ་ལྔ་དཔལ་བརྩེགས་ཀྱི་འགྱུར། ཕག་མོའི་རྟོགས་བརྗོད་ཤུ་ལོག་བརྒྱ་ཡེ་ཤེས་སྡེའི་འགྱུར། མ་ག་དྷ་བཟང་མོའི་རྟོགས་བརྗོད་ཚུལ་ཁྲིམས་ཡོན་ཏན་དང་རིན་ཆེན་བཟང་པོའི་འགྱུར། གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་བམ་པོ་ཉི་ཤུ་རྩ་གཉིས་པ་ལྷའི་ཟླ་བའི་འགྱུར། ལས་བརྒྱ་པ་བམ་པོ་སུམ་ཅུ་སོ་བདུན། མཛངས་བླུན་གྱི་མདོ་བམ་པོ་བཅུ་གསུམ། ལེགས་ཉེས་ཀྱི་རྒྱུ་དང་

འབྲས་བུ་བསྟན་པ་འགོས་ཆོས་གྲུབ་ཀྱིས་རྒྱ་གར་དང་རྒྱའི་དཔེ་ལས་བསྒྱུར་བ་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་བསྟན་པ། ཟླ་བ་སྙིང་པོས་ཞུས་པའི་མདོ་ལས་སངས་རྒྱས་མྱ་ངན་ལས་འདས་ནས་བསྟན་པ་གནས་པ་དང་འཇིག་པ་ལུང་བསྟན་པའི་མདོ་བམ་པོ་གཉིས། རི་གླང་རུ་ལུང་བསྟན་པ་བམ་པོ་གཅིག །སྟག་སྣའི་རྟོགས་པ་བརྗོད་པ་བམ་པོ་གཉིས་ཤཱཀྱ་འོད་ཀྱི་འགྱུར། མིག་བཅུ་གཉིས་པ་འདི་གཉིས་ཀླུ་མེས་དབང་ཕྱུག་གྲགས་བཀའ་མིན་པར་སྨྲའོ། །ཀུན་ཏུ་རྒྱུ་སེན་རིང་གིས་ཞུས་པའི་མདོ་ཤུ་ལོག་སུམ་ཅུ་རྩ་བདུན། བྱམས་པ་ལུང་བསྟན་པ་དཔལ་བརྩེགས་ཀྱི་འགྱུར་ལ་ཤུ་ལོག་བརྒྱ། སྔར་འགྱུར་ངེས་པ་ད་ལྟ་མ་རྙེད་པ་ལ་བསོད་ནམས་ཀྱི་མདོ་ཤུ་ལོག་བརྒྱ་རྩ། བསོད་ནམས་ཀྱི་གདུགས་ཀྱི་མདོ་ཤུ་ལོག་བརྒྱ། གང་ཟག་གི་མདོ་ཤུ་ལོག་བརྒྱ་རྩ། ཁྱིམ་བདག་འདུ་ཤེས་ཀྱི་མདོ་ཤུ་ལོག་ལྔ་བཅུ། ཆེད་དུ་བརྗོད་པའི་མདོ། ལུས་འཕགས་མོའི་མདོ། དྲན་པ་ཉེ་བར་གཞག་པའི་ཚིག་ལེའུར་བྱས་པ་ཤུ་ལོག་བརྒྱ། འདི་དཀར་ཆག་ལྡན་དཀར་མར་བསྟན་བཅོས་སུ་བགྲངས་པས་དེ་ཉིད་ཡིན་པར་སེམས། དྲན་པ་ཉེ་བར་གཞག་པའི་མདོ་ཆུང་ངུ། སེམས་ཅན་ལ་སྐྱེ་ཤིའི་རྩ་བ་བསྟན་པ་བམ་པོ་གཅིག །འཇིག་རྟེན་ཕ་རོལ་སྒྲུབ་པ་བམ་པོ་གཉིས། དགེ་བ་བཅུ་ཡི་དམ་དུ་བླངས་བའི་ཆོ་ག་ཤུ་ལོག་བརྒྱ། བཟང་སྦྱིན་གྱི་མདོ་བམ་པོ་གཉིས། བྱམས་པ་སྐར་གྱི་མདོ། དད་པ་ལ་རབ་ཏུ་འཇུག་པའི་མདོ། སྦྱངས་པའི་ཡོན་ཏན་བཤད་པའི་མདོ། སྨོན་ལམ་གྱི་མདོ། སའི་མདོ། འདོད་པ་ལ་གདམས་པའི་མདོ། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ཆུང་ངུ་ཤུ་ལོག་བདུན་ཅུ་རྩ་གསུམ། ལས་རྣམ་པར་འབྱེད་པ་ཆེན་པོ་བམ་པོ་གཉིས། མང་པོས་བསྡུས་པའི་མདོ་ཤུ་ལོག་ཉིས་བརྒྱ་ཉི་ཤུ་རྩ་གཉིས་སོ། །འདི་དག་ལས་དྲིན་ལན་བསབ་པ་དང་མཛངས་བླུན་དང་སེམས་ཅན་ལ་སྐྱེ་ཤིའི་རྩ་བ་བསྟན་པ་ལ་སོགས་པ་མང་པོ་ཞིག་ཐེག་ཆེན་དུ་དཀར་ཆག་ཆེན་

༄༅། །མོ་དག་ཏུ་བཤད་པས་བརྟག་པར་བྱའོ། །
