བུ་སྟོན་ཆོས་འབྱུང་།
༢. སྤྱོད་རྒྱུད་ཀྱི་དགོངས་འགྲེལ།
(༢. སྤྱོད་རྒྱུད་ཀྱི་དགོངས་འགྲེལ།)
གཉིས་པ་སྤྱོད་པའི་རྒྱུད་དང་འབྲེལ་པ་ལ། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཀྱི་དོན་བསྡུས་བམ་པོ་བདུན་དང་
ཤུ་ལོག་ཉིས་བརྒྱ་དཔལ་བརྩེགས་ཀྱི་འགྱུར། སློབ་དཔོན་ཀེ་དྷ་རས་མཛད་པའི་དམ་ཚིག་གསུམ་བཀོད་པའི་ཡི་གེ་བརྒྱ་པའི་ཆོ་ག་བློ་ལྡན་ཤས་རབ་ཀྱི་འགྱུར། ཕྱག་ན་རྡོ་རྗེ་འགྲོ་བཟང་གི་སྐོར་ལ། ཕྱག་ན་རྡོ་རྗེའི་སྒྲུབ་ཐབས། དཀྱིལ་འཁོར་ཆོ་ག །གཏོར་མའི་ཆོ་ག །སྦྱིན་སྲེག་གི་ཆོ་ག །བགེགས་ལ་བསྣུན་པ། འཁྲུལ་འཁོར་བཅིང་བ། ཞི་བའི་ས་གཏེར། ཆུ་ལ་གཏད་པ། རླུང་ལ་གཏད་པ། ནམ་མཁའ་ལ་གཏད་པ། ཚ་ཚ་གདབ་པ། རྟགས་གཉིས་བསྟན་པ། ཕྱིར་ཟློག་གི་ཆོ་ག །དམ་ཚིག་གི་ངེས་པ། རྣམ་སྲས་བདེ་བྱེད་ཀྱི་རྟོག་པ། དྲག་བྱེད་ཀྱི་རྟོག་པ། བདེ་བྱེད་ཀྱི་ཆོ་ག །སྣ་ཚོགས་པའི་མཛོད། དེའི་ལས་ཚོགས་པྲ་དབབ་པ་ཆར་དབབ་པ་ལ་སོགས་པ་རྣམས་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ་པཎྜི་ཏ་ཏེ་ཛ་དེ་ཝ་དང་ཟངས་དཀར་གྱི་འགྱུར། འདིའི་ཁ་ཅིག་མ་ཆུད། སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་རྣམ་སྲས་གསང་བའི་སྒྲུབ་ཐབས། སློབ་དཔོན་ཛཻ་ཏཱ་རིས་མཛད་པའི་ཚེ་དཔག་མེད་ཀྱི་ཆོ་ག་ལྕེ་དགའ་བ་དཔལ་གྱི་འགྱུར་ཏེ། ཉེར་གཉིས་སོ། །འདིར་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཀྱི་སྟོད་འགྲེལ་གཤིན་རྗེ་གཤེད་ཕྲ་ཁོག་སྣང་གི་བརྗེད་བྱང་། མི་གཡོ་བའི་རྗེས་སུ་དྲན་པའི་ཆོ་ག་རྣམས་བཙལ་ལོ། །
