རྒྱ་ནག་ཆོས་འབྱུང་།

སྤྱིར་རིག་གནས་བྱུང་ཚུལ།

上一章
下一章

(སྤྱིར་རིག་གནས་བྱུང་ཚུལ།)

བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་འམ། མཚན་གཞན་བདེན་སྨྲ་ལུང་བསྟན་པའི་མདོ་ལས་རྒྱལ་པོ་རྣམས་ལ་བསྟན་བཅོས་དགོས་མི་དགོས་ཀྱི་དབྱེ་བ་གོང་དུ་བཤད་པ་དང་རྣམ་པ་མཐུན་པར་དྷཱི་ལྔ་པ་ཡན་ཆད་ལ་རང་གཞན་གྱི་སྒོ་གསུམ་དྲང་པོར་སྲོང་བའི་མན་ངག་གི་སྙིང་པོ་ཙམ་སྙན་བརྒྱུད་དུ་ཡོད་པ་མ་གཏོགས་མེད་པ་ལ། དབང་རྣམ་པ་གསུམ་ཀ་དང་། ལྷག་པར་ཊིའུ་རྒྱལ་སྲིད་ཚུགས་པ་ནས་བཟུང་བསྟན་བཅོས་ཀྱི་རིགས་རྒྱ་ཆེར་དར་སྟེ་རིག་གནས་སྨྲ་བའི་སྟོན་པ་བརྒྱར་གྲགས་པ་ཅིག་ཆར་དང་སྔ་ཕྱིར་བྱུང་ངོ་། །དེ་དག་གིས་ཇི་སྙེད་བསྟན་པ་མཐའ་དག་མཆོག་དམན་གྱི་ཁོག་འབུབས་གཉིས་སུ་འདུས་པ་ལས། ཕྱི་མ་ནི་སྒྲ་ཚད་གཟོ་གསོ། སྙན་ངག །མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས། ས་དཔྱད། མོ་ཕྱ་སོགས་ཐ་སྙད་ཀྱི་རིག་བྱེད་རྣམས་དང་། འཕོངས་ཐབས། རལ་གྲི། རོལ་མོ། གྱད་སྟབས། ཆིབས་ཀྱི་ཁ་ལོ་བསྒྱུར་བ་སོགས་སྒྱུ་རྩལ་སྣ་ཚོགས་སོ། །སྔ་མ་ནི་ནང་རིག་པར་དོན་གྱིས་གཏོགས་ཟེར་ཏེ། བོན་སྟོན་ལོའུ་ཀྱུན་དང་། བཞུ་སྟོན་ཁོང་ཙིའི(བོད་དག་གིས་

32a

༄༅།       །མཚན་ཙམ་གཡར་བར་ཀོང་ཙེ་ཟེར་འདུག) བརྒྱུད་པ་ནི་མ་ཆད་ཅིང་གྲགས་ཆེ་ལ། སྙིང་རྗེ་ཆེན་པོ་དང་སྤྲོས་པ་མེད་པ་དང་། སྡུག་བསྔལ་གྱི་རྩ་བ་བདག་འཛིན་དུ་བཤད་པ་དང་། ཞི་བའི་མཐའ་དང་། ཕྱི་ལྟར་སྲིད་བསྲུང་ལ་ནང་ལྟར་འཕགས་ལམ་ལ་འཛེགས་པའི་རིམ་པ་དང་། ལྷན་སྐྱེས་རང་བྱུང་གི་ཡེ་ཤེས་དང་། ཞི་གནས་དང་། ལྷག་མཐོང་སོགས་བསྟན་འདུག་པ་དག་གསུང་རབ་རིན་པོ་ཆེ་དང་མི་འགལ་བས་ལུགས་དེ་གཉིས་དང་བདག་ཅག་གི་སྟོན་པའི་བསྟན་པ་གསུམ་ལ། བསྟན་པ་རྣམ་གསུམ་ཞེས་ཡུལ་འདིར་ཡོངས་སུ་གྲགས་ཤིང་བསྟན་གསུམ་དགོངས་གཅིག་ཏུ་བཀྲལ་བའི་བསྟན་ཆོས་དག་ཀྱང་མཐོང་ངོ་། །གཞན་ཡང་སྟོན་པ་མཱེ་ཙིས་ལུས་སྲོག་ལ་མི་བལྟ་བར་གཞན་དོན་ཁོ་ན་དང་དུ་བླངས་དགོས་པ་དང་། སེམས་ཀྱི་རང་བཞིན་གདོད་མ་ནས་རྣམ་པར་དག་པ་ལས་བློ་བུར་གྱི་དྲི་མས་སླད་ཅིང་ལས་ཀྱིས་བསྒྱུར་བར་གསུངས་པ་རྣམས། སྔ་རབས་པས་སངས་རྒྱས་པ་དང་མཐུན་པར་བཤད་ཅིང་། སྟོན་པ་ལི་མེ་ཙིས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་ཏེ་བྱུང་བར་བསྟན། ཁྱད་པར་དུ་ཡང་བདག་ཅག་གི་སྟོན་པའི་མཚན་སྙན་ཕྱོགས་འདིར་ཐོག་མར་བསྒྲགས་པ་པོ་ནི་ཁོང་ཡིན་སྟེ་ཁོང་གི་ལེགས་བཤད་ལས། ནུབ་གྱི་ཕྱོགས་ཆར། ལྷུན་གྱིས་གྲུབ་པའི་མཛད་པ་དང་ཕུལ་དུ་བྱུང་བའི་དགོངས་པ་ཅན། སྨྲ་བརྗོད་ཀྱི་ཡུལ་ལས་འདས་པའི་སྐྱེས་བུ་

32b

འཕགས་པ་ཞིག་བྱུང་སྟེ། དེའི་མིང་ནི་སངས་རྒྱས་སོ་ཞེས་བྱུང་ལ། དེའི་དུས་སུ་རྒྱ་གར་ནག་ཕན་ཚུན་འགྲུལ་ལམ་ཐར་མ་མྱོང་འདུག་གཤིས་མངོན་ཤེས་ཀྱིས་རིག་པར་གོར་མ་ཆག་གོ །ཡང་སྟོན་པ་ཅྭང་ཙི་ཞེས་བྱ་བས་རྨང་ལམ་ན་ཕྱེ་མ་ལེབ་ཏུ་རྨིས་ནས་སད་རྗེས་མནོ་དཔྱད་བཏང་བས་ཅིར་ཡང་སྣང་ལ་ཅིར་ཡང་མ་གྲུབ་པའི་དོན་གྱི་རྟོགས་པ་རྒྱུད་ལ་འཁྲུངས་པ་སོགས་མང་ལ་སྤྱིར་ནི་ཕལ་ཆེར་འཇིག་རྟེན་ཆོས་བརྒྱད་སྤོང་བ་སོགས་སེམས་འདུལ་བའི་རིམ་པ་སྙིང་པོར་བསྟན་པས། ཏིང་འཛིན་རྒྱལ་པོ་ལས། ལེགས་པར་བཤད་པའི་ཆོས་ནི་གང་ཐོས་ཀྱང་། །སངས་རྒྱས་དག་གི་བཤད་པར་ཐེ་ཚོམ་མེད། །ཞེས་དང་འཇམ་དཔལ་རྩ་རྒྱུད་ལས། གྲུབ་པའི་མཐའ་ནི་མཐའ་དག་ཀུན། །གང་ཡིན་ཐར་པའི་རྒྱུར་གསུངས་པ། །སྔགས་ཀྱི་ལམ་གྱི་གྲུབ་པའི་རྒྱུར། །ང་ཉིད་གྱིས་ནི་བྱས་པ་ཡིན། །ཞེས་གསུངས་པ་ལྟར་སངས་རྒྱས་བྱང་སེམས་རྣམས་ཀྱི་བྱིན་གྱིས་རླབས་པའི་བཀར་དོན་གྱིས་གཏོགས་སོ། །མུ་སྟེགས་པ་དྲག་ཤོས་རྣམས་སུ་སྨྲ་མཁན་ཡང་ཡོད་མོད་ཀྱིས། གང་ལྟར་སྔར་བཤད་པའི་རིག་གནས་དེ་དག་བློ་ཆེན་རྣམས་ཀྱིས་བསླབ་པར་བྱ་དགོས་པ་ཡིན་སྟེ། ཇི་སྐད་དུ། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་དང་ཏིང་འཛིན་རྒྱལ་པོ་ལས། འཇིག་རྟེན་གཟོ་གནས་མང་པོ་ཅི་ཡོད་པ། ཐམས་ཅད་བྱང་ཆུབ་སེམས་

33a

༄༅།       །དཔའ་དེས་བསླབས་ཏེ། ཞེས་དང་། ཁྱད་པར་དུ་ཡང་འཇམ་དཔལ་རྩ་རྒྱུད་ལས། གང་ཡང་གཟོ་ཡི་རྣམ་པར་ཤེས། །འཇིག་རྟེན་པ་ཡི་འཇིག་རྟེན་འདོད། །རྒྱུ་མཚན་ཤེས་དང་ལ་ཉེ་བཟང་། །སྐར་མའི་དཔྱད་ཀྱི་བརྟགས་དང་ནི། །རྒྱུ་མཚན་ཤེས་དང་དཔྱོད་པ་དང་། །སྒྲ་སྐད་དགེ་དང་མི་དགེ་དང་། །འབྱུང་པོ་ཀུན་གྱི་སྐད་ཤེས་དང་། །སྤྱོད་དང་སེམས་ཀྱི་སྤྱོད་པ་དང་། །ཟུར་གྱི་ཤེས་པ་དག་ཀྱང་བཤད། །དེ་བཞིན་གཏེར་ལྟ་ནོར་སྒྱུར་བྱེད། །རྩིས་དང་བརྡ་སྤྱོད་བསྟན་བཅོས་དང་། །གོས་ཀྱི་རིམ་པའི་ཆོ་ག་དང་། །ནད་རིགས་གསོ་བའི་རིག་པ་དང་། །དེ་ཉིད་ཐམས་ཅད་ཕན་དང་བདེ། །གཏན་ཚིགས་ལུགས་ཀྱི་བསྟན་བཅོས་དང་། །གཞན་ཡང་སྒྲ་ཡི་བསྟན་བཅོས་བསྟན། །སྡེབ་སྦྱོར་རིག་བྱེད་དྲི་ཟའི་གླུ། །སྤོས་སྦྱར་དག་ཀྱང་བསྟན་པ་ཡིན། །བདག་གིས་བྱང་ཆུབ་སེམས་ཀྱིས་ནི། །སེམས་ཅན་དོན་ཕྱིར་བཤད་པ་ཡིན། །ཇི་ལྟར་གདུལ་བྱའི་སེམས་ཅན་ལ། །དེ་ལྟར་བདག་གིས་དེ་བཞིན་བྱས། །ཇི་ལྟ་ཇི་ལྟར་སེམས་ཅན་རྣམས། །ཕན་པའི་ལས་ནི་ལེན་པ་དང་། །ཕན་དོན་ལས་ཀྱི་དགེ་བའི་གཞི། །དེ་ལྟ་དེ་ལྟར་འདི་དག་བྱས། །སྣ་ཚོགས་ལས་ཀྱིས་བསྒྱུར་བ་ཡི། །སེམས་ཅན་འགྲོ་བའི་སྐྱེ་གནས་དག །འདི་དག་བྱ་བ་སྣ་ཚོགས་བྱས། །སྣ་ཚོགས་སྐྱེ་གནས་རབ་ཏུ་བསྟན། །ལས་རྣམས་སྣ་

33b

ཚོགས་ལྡན་པ་ཡིས། །སྣ་ཚོགས་དོན་གྱི་བསྟན་བཅོས་བསྟན། །རྣམ་པ་སྣ་ཚོགས་གཟུགས་ལྡན་པ། །འདི་ལ་དེ་བཞིན་བྱས་པ་ཡིན། །སྣ་ཚོགས་འགྲོ་བའི་སྐྱེ་གནས་སུ། །བདག་གིས་དེ་བཞིན་ཆ་བྱད་བྱས། །ཕན་པའི་བསམ་པས་སེམས་ཅན་ལ། །སྣ་ཚོགས་གཟུགས་ནི་བདག་གིས་སྤྲུལ། །དབང་ཕྱུག་བརྒྱ་བྱིན་ཚངས་པ་སོགས། །ཁྱབ་འཇུག་ནོར་སྦྱིན་བདེན་བྲལ་དང་། །སྣ་ཚོགས་གཟའ་ཡི་གཟུགས་སོགས་ཀྱང་། །དེ་ཚོ་སྔོན་ནི་ང་ཡིས་སྤྲུལ། །ཐུགས་རྗེ་ཆེན་པོའི་དབང་བསྒྱུར་ཐུགས། །སེམས་ཅན་བསམ་པའི་སྤྱོད་ཡུལ་ཅན། །དེ་དག་ལ་ནི་རིམ་གྱིས་སུ། །ཞི་བའི་གནས་ལ་བཞག་པ་ཡིན། །ཞེས་དང་། འཇིག་རྟེན་ཇི་སྙེད་སྔགས་རྣམས་དང་། །ཆོ་ག་དག་ཀྱང་རབ་བསྟན་པ། །དེ་ཀུན་མཆོད་ཅིང་རི་མོར་བྱ། །དེ་དག་ལ་ནི་བརྙས་པ་སྤང་། །རྒྱུ་མཚན་ཤེས་དང་རིག་པ་དང་། །སྐར་མའི་དཔྱད་ཤེས་སྐད་ཤེས་པ། །དེ་དག་དོན་མེད་མི་བྱ་སྟེ། །བཀྲ་ཤིས་དོན་དུ་བསྟན་པ་ཡིན། །ཞེས་དང་། འཇིག་རྟེན་ཇི་སྙེད་གང་སུ་དག །སྐར་མའི་དཔྱད་ལ་མཁས་པ་དང་། །གཞན་གྱི་རྒྱུད་ལ་མཁས་པ་དང་། །ལུགས་ཀྱི་བསྟན་བཅོས་གཏན་ཚིགས་བཅས། །རིགས་པའི་བསྟན་བཅོས་ལེགས་འབྲེལ་བ། །སེམས་ཅན་རྣམས་ལ་ཕན་བྱེད་གང་། །དེ་ཀུན་ང་ཡིས་སྔོན་གསུངས་ཏེ། །སྔགས་ཟློས་པས་ནི་གཟུང་

34a

༄༅།       །བར་བྱ། །ལམ་འདི་འགྲུབ་པའི་རྒྱུ་ཡིན་པར། །དེ་ཉིད་གཟིགས་པས་བསྟན་པ་ཡིན། །ཞེས་སོགས་གསུངས་པས་སོ། །དེ་ལྟ་ན་ཡང་གཞི་འཁོར་བའི་ངོ་བོ་དང་། རྒྱུ་རྐྱེན་ལས་འབྲས་ཀྱི་ཕྲ་ཞིབ་དང་། ལམ་ཐེག་པ་གསུམ་གྱི་རྣམ་བཞག་དང་། ཐབས་རྒྱ་ཆེ་བའི་གདམས་པ་དང་། ཟབ་མོའི་མན་ངག་དང་། འབྲས་བུ་སྐུ་གསུམ་དང་ཡེ་ཤེས་ལྔ་ལ་སོགས་པ་ཆེས་གསལ་པོར་བསྟན་པ་ནི་རྒྱལ་བའི་གསུང་རབ་རིན་པོ་ཆེ་ཁོ་ན་ཡིན་པས་གནས་ལུགས་ཀྱི་དོན་གསལ་བར་བྱེད་པའི་སྒྲོན་དཔེར། བཞུ་ལུགས་སྐར་མ་ལྟ་བུ། བོན་ལུགས་ཟླ་བ་ལྟ་བུ། ཆོས་ལུགས་ཉི་མ་ལྟ་བུའོ། །ཞེས་ཚད་ཐུབ་གྱི་མཁས་པ་རྣམས་གླེང་བར་བརྟེན་རྒྱལ་བསྟན་ལ་རྒྱལ་བ་ཉི་མའི་མཚན་ཡང་ཆགས་སོ། ་མཱེ་ཙི་ལ་སོགས་པའི་ཡིག་ཆ་ཙམ་ལུས་པ་ལས་རྒྱུན་མ་བཞུགས་ཤིང་། དོན་མེད་དོན་ལོག་སོགས་རྣམ་པ་དྲུག་མཐུན་གྱི་བསྟན་བཅོས་འགའ་ཡོད་མོད་གྱིས་དམ་པར་མི་གཟུང་ངོ་། །རྒྱ་ནག་རང་ངོས་ནས་ནི་དེ་ཙམ་ལ། ཐང་གི་སྐབས་སུ་ཐོད་ཀར་གྱི་དམག་དཔུང་རམ་མདར་དྲངས་པ་ཕྱིར་མ་ལོག་པར་གཏན་ཆགས་སུ་སྡད་པ་ལས། རིམ་གྱིས་འཕེལ་བའི་སྐྱེ་བོ་ཤིན་ཏུ་མང་བ་རང་གི་ཆོས་ལུགས་སྤྱོད་བཞིན་པར་རྒྱ་ནག་དང་འདྲེས་མར་གནས་ཀྱང་། རྒྱ་མི་རྣམས་དེའི་ཆོས་ལ་འཇུག་པའི་སྲོལ་མེད་ཅིང་གཉེན་

34b

འབྲེལ་ཙམ་ཡང་མི་བྱེད་དོ། །ཡང་ཇིང་གིར་གྱིས་ནུབ་ཕྱོགས་པ་རྣམས་དབང་དུ་བསྡུས་ནས་ཚུར་ཐེག་སྐབས་སི་ཡང་ཞེས་བྱ་བ་རྒྱ་མཚོའི་གླིང་གི་འབངས་ཤིག་ནས་ཐིཡན་ཊུའི(ནམ་མཁའི་བདག་པོ།) བསྟན་པ་ཟེར་བའི་རིག་གནས་གཅིག་རྗེས་སུ་འབྲངས་ཏེ་ཡུལ་དབུས་སུ་བྱུང་བ་ད་ལྟའི་བར་དར་སོ་ཆེ་བར་སྣང་ངོ་། །སྟོན་པ་ནི་མ་ལི་ཡ(རྒྱ་ཚོའི་སྐར་མ)ཞེས་བྱ་བའི་བུ་མོའི་མངལ་ནས་རྫུས་ཏེ་སྐྱེས་པ་མཚན་ཡེ་སུ(འཇིག་རྟེན་མགོན་པོ)ཟེར་བ་ཞིག་སྟེ། མིའི་སྲོག་མི་གཅོད་པ་ལ་སོགས་པའི་སྡོམ་པ་ཡན་ལག་བཅུ་བསྟན་ཅིང་། དགེ་བའི་འབྲས་བུ་ལྷའི་གནས་སུ་སྐྱེས་ནས་རྟག་ཏུ་བདེ་བ་མྱོང་བ་དང་། སྡིག་པའི་རྣམ་སྨིན་དམྱལ་བར་ལྷུང་ནས་རྟག་ཏུ་སྡུག་བསྔལ་གྱིས་མནར་བར་བཤད་པ་དང་། ཤེས་བཞིན་དུ་བྱས་པའི་ཁ་ན་མ་ཐོ་བ་རྣམས་བཤགས་པས་མི་འདག་པར་གསུངས་པས་མཚོན་པའི་བསྟན་བཅོས་ཁ་ཤས་མཐོང་མོད། བསྟན་བཅོས་གཞན་མ་མཐོང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཡུལ་འདིར་རྗེ་བཙུན་ཐབས་མཁས་ཐུགས་རྗེ་ཡིས། །ལེགས་གསུངས་དྲང་ངེས་དོན་དང་ཡན་ལག་བཅས། །ད་ལྟ་རིག་གནས་རྒྱུ་མཚོའི་མཆོག་གྱུར་གང་། །བན་བོན་བཞུ་གསུམ་ཉི་ཟླ་སྐར་འདྲར་གྲགས། །ཞེས་སོ། རིག་བྱེད་སྤྱིའི་སྐབས་སོ། །