རྒྱ་ནག་ཆོས་འབྱུང་།
ཐེག་ཆེན་གྱི་མདོ་སྡེའི་སྐོར།
(ཐེག་ཆེན་གྱི་མདོ་སྡེའི་སྐོར།)
༈ ཐེག་པ་ཆེན་པོ་མདོ་སྡེ་སྣ་ཚོགས་ཀྱི་སྐོར་ལ། རྒྱ་ཆེར་རོལ་པ་བམ་པོ་བཅུ་གཉིས་པ་རྒྱ་གར་པཎ་ཆེན་དེ་ཝཱ་ཀ་རས་འགྱུར། ཡང་བམ་པོ་བརྒྱད་པ་དྷརྨ་རཀྵི་ཏས་འགྱུར། དམ་ཆོས་པད་དཀར་ལས་ཏིང་ངེ་འཛིན་
༄༅། །གྱི་ལེའུ་ཁོལ་དུ་ཕྱུང་བ་བམ་གང་ཧྭ་ཤང་ཡེ་ཤེས་རྒྱན་གྱི་འགྱུར། ཡང་དེ་ལས་ཕྱུང་བའི་ལེའུ་གཉིས་སོ་སོར་བམ་གང་། འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱ་བ་བམ་པོ་བརྒྱད་པ་རིགས་འཛིན་ཀུ་མཱ་རས་འགྱུར། ཡང་བམ་པོ་བཅུ་པ་དྷརྨ་རཀྵི་ཏས་འགྱུར། ཀུ་མཱ་རས་འགྱུར་ལ་གུཔྟ་དང་ཀེ་ཏུ་གཉིས་ཀྱིས་ཁ་སྐོང་བྱས་ཏེ་རྫོགས་པར་མཛད་པ་བམ་བདུན། དྲི་མེད་གྲགས་པས་བསྟན་པ་བམ་གསུམ་ཀུ་མཱ་རས་འགྱུར། ཡང་བམ་པོ་གཉིས་པ་དགེ་བསྙེན་ཏྲི་ཁིའན་གྱིས་འགྱུར། བམ་པོ་དྲུག་པ་ཥུའན་ཊུའང་ཧྥཱ་ཤིའི་འགྱུར། དྲི་མེད་གྲགས་པའི་བུ་གཞོན་ནུ་བློ་བཟང་ལུང་བསྟན་པ་འགྱུར་མི་འདྲ་བ་གསུམ། ༈ (བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་མདོ་ཨེ་ཡིན་སླར་བརྟགས)སྙིང་རྗེ་པད་དཀར་བམ་བརྒྱད་མ་འགྱུར་བྱང་མི་གསལ་བ། ཡང་བམ་པོ་བཅུ་པ་དྷརྨ་དྷ་ནས་འགྱུར། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་བམ་པོ་བཅུ་པ་ལོ་ཙྭ་བ་ཆེན་པོ་ཧྭ་ཤང་ཨཱི་ཀྱིང་གིས་འགྱུར། ཡང་འགྱུར་གཞན་གསུམ་བསྡུར་ནས་ལོ་ཙྭ་བ་རིན་ཆེན་མཆོག་གིས་གཅིག་ཏུ་བཅོས་པ་བམ་བརྒྱད་མ། མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ་འགྱུར་མི་འདྲ་བ་གཉིས། སུམ་ཅུ་རྩ་གསུམ་པའི་ལེའུ་འགྱུར་མི་འདྲ་བ་གཉིས། འཕགས་པ་དཀོན་ཅོག་སྤྲིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཡོངས་རྫོགས་བམ་པོ་བཅུ་པ་སིངྒྷ་ལའི་པཎྜི་ཏ་དྷརྨ་རུ་

ཙི་སོགས་ཀྱིས་འགྱུར། ཡང་བམ་པོ་བདུན་པ་དྲང་སྲོང་མནྡྲཱ་ཥྵི་དང་སངྒྷ་པཱ་ལ་གཉིས་ཀྱིས་འགྱུར། ཕྱིར་མི་ལྡོག་པའི་འཁོར་ལོ་འགྱུར་མི་འདྲ་བ་གསུམ། ངེས་པ་དང་མ་ངེས་པའི་འགྲོ་བའི་ཕྱག་རྒྱ་ལ་འཇུག་པ་འགྱུར་འདྲ་མིན་གཉིས། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་འགྱུར་འདྲ་མིན་གཉིས། ཚང་པ་ཁྱད་པར་སེམས་ཀྱིས་ཞུས་པ་འགྱུར་ཁྱད་ཀྱིས་གསུམ། འཇིག་རྟེན་འཛིན་གྱིས་དྲིས་པ་འགྱུར་ཁྱད་ཀྱིས་གཉིས། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་གཟུངས་ཞེས་བྱ་བ་འགྱུར་མི་འདྲ་བ་གཉིས་བམ་རེ་ཚང་བ། འཕགས་པ་དཀོན་ཅོག་གི་ཟ་མ་ཏོག་ཞེས་བྱ་བ་དྷརྨ་རཀྵི་ཏས་འགྱུར་གཅིག་དང་གུ་ཎ་བྷ་ཏྲས་འགྱུར་ཁྱད་གཅིག་སྟེ་སོ་སོར་བམ་པོ་གསུམ་རེ། ཐེག་པ་ཆེན་པོའི་ཚད་མ་འགྱུར་ཁྱད་ཀྱིས་གཉིས།(འདི་བོད་མ་ཡོད་གསུངས་འདུག ལངྐའི་གནས་སུ་སྲིན་པོའི་རྒྱལ་པོ་ལ་བཤད་པ་མདོ་སྡེ་ཟབ་མོ་ཞིག་ཏུ་སྣང་།) འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་ལྔ་པ་རྒྱ་གར་གྱི་པཎྜི་ཏ་བོ་དྷི་རུ་ཙིས་འགྱུར། ཡང་ཥུའན་ཊུའང་ཧྥཱ་ཤིའི་འགྱུར་བ་བམ་ལྔ་པ། དེ་ལས་ཁོལ་ཕྱུང་རྣམ་གཉིས། བརྟེན་འབྲེལ་གྱི་རྣམས་པར་དབྱེ་བའི་ཆོས་ཀྱི་སྒོ་ཞེས་བྱ་བ་འགྱུར་འདྲ་མིན་གཉིས། འཕགས་པ་ལངྐར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་བཞི་པ་གུ་ཎ་བྷ་ཏྲས་འགྱུར། ཡང་ལང་གཤེགས་བམ་པོ་བཅུ་པ་བོ་དྷི་རུ་ཙིས་འགྱུར། བམ་པོ་བདུན་པ་ཤིཀྵ་ནནྡས་

༄༅། །འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་གསུམ་པ་རྒྱ་གར་གྱི་པཎྜི་ཏ་གུ་ཎ་བྷ་ཏྲས་འགྱུར། (འདི་ལ་བདེན་སྨྲ་ལུང་བསྟན་པའི་མདོ་ཡང་ཟེར།) ཡང་བམ་པོ་བཅུ་པ་བོ་དྷི་རུ་ཙིའི་འགྱུར། འཕགས་པ་སྤྲིན་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་བམ་པོ་དྲུག་པ་དྷརྨ་དྷ་ནས་འགྱུར། སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་ཆར་འབེབས་པའི་ལེའུ་འགྱུར་འདྲ་མིན་བཞི། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ཞེས་བྱ་བ་འགྱུར་འདྲ་མིན་གཉིས། འཕགས་པ་རིན་པོ་ཆེ་མཐའ་ཡས་ཀྱི་མདོ་འགྱུར་ཁྱད་ཀྱིས་གཉིས། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་འགྱུར་འདྲ་མིན་གཉིས། དབང་བསྐུར་ཆེན་པོའི་མདོ་བམ་པོ་བཅུ་གསུམ་པ་འཕགས་ཡུལ་གྱི་པཎྜི་ཏ་སྡེ་སྣོད་གསུམ་པ་བཻ་ཤྲ་ཎ་མི་ཏྲས་འགྱུར་ཟེར་བ། (ཐེ་ཚོམ་གྱི་གཞི།) སྨན་གྱི་བླ་བཻ་དུཪྻའི་འོད་ཀྱི་རྒྱལ་པོའི་སྨོན་ལམ་བསྟན་པའི་མདོ་བམ་གང་པཎྜི་ཏ་དྷརྨ་ཀེ་ཏུས་འགྱུར། ཡང་ཥུའན་ཊུའང་ཧྥཱ་ཤིའི་འགྱུར་བ་གཅིག །མདོ་སྡེ་བརྒྱད་བརྒྱ་པ་བམ་དོ་ལོ་ཆེན་ཨཱི་ཀྱིང་གིས་འགྱུར། མ་སྐྱེས་དགྲའི་འགྱོད་པ་བསལ་བ་འགྱུར་མི་འདྲ་བ་གསུམ། འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་མེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་གཞོན་ནུ་ཟླ་བ་སྒྲོན་མེས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་

བཅུ་པ་པཎྜི་ཏ་ན་རེནྡྲ་ཡ་ཤས་འགྱུར། དེ་ལས་ལེའུ་གཅིག་ཟུར་དུ་བཀོལ་བ་ཧྭ་ཤང་སིའན་ཀུང་གིས་འགྱུར། གླང་པོའི་རྩལ་གྱི་མདོ་འགྱུར་མི་འདྲ་བ་གཉིས། འཇམ་དཔལ་རྣམ་རོལ་འགྱུར་འདྲ་མིན་གཉིས། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་ཀྱི་རྒྱན་འགྱུར་འདྲ་མིན་གཉིས། (འདི་ཕལ་པོ་ཆེའི་སྐོར་གྱི་ཡེ་ཤེས་སྣང་རྒྱན་གྱི་མདོ་དང་གཅིག་མིན་གཅིག་བརྟག) ཕྱི་འགྱུར་བདེ་ཅན་ཞིང་བཀོད་ཀྱི་ཚིགས་བཅད་བམ་གང་འགྱུར་བྱང་མེད། རྒྱལ་མོ་ལུས་འཕགས་མོ་ལ་གསུངས་པ་བདེ་བ་ཅན་དུ་སྐྱེ་བའི་སྒོམ་རིམ་བསྟན་པའི་མདོ་བམ་པོ་གཅིག་པ་རྒྱ་གར་གྱི་པཎྜི་ཏ་ཀ་ལ་ཡེ་ཤེས་འགྱུར། འོད་དཔག་མེད་ཀྱི་ཞིང་བཀོད་ཀུ་མཱ་རས་འགྱུར། བདེ་བ་ཅན་གྱི་ཞིང་ཁམས་བསྔགས་པའི་མདོ་ཥུའན་ཊུའང་ཧྥཱ་ཤིའས་འགྱུར། བྱམས་པ་བསྒོམ་པའི་མདོའི་དགའ་ལྡན་དུ་སྐྱེ་བའི་ཐབས་བསྟན་པ་ཁྱིམ་བདག་ཙུའི་ཁྱུའི་ཀིང་ཤེང་གིས་འགྱུར། བྱམས་པའི་མདོ་འགྱུར་མི་འདྲ་བ་བཞི།(བོད་ན་མེད་གསུངས་ཡང་བོད་ཀྱི་བྱམས་པའི་མདོ་དང་བྱམས་པ་ལུང་བསྟན་ལས་ཁྱད་ཆེ་བར་མི་འདུག །རྒྱས་པ་ཞིག་ཏུ་སྣང་།) ཆོས་ཐམས་ཅད་ཀྱི་རྒྱལ་པོའམ་ཆོས་ཐམས་ཅད་ཀྱི་དོན་ཞེས་བྱ་བའི་མདོ་འགྱུར་མི་འདྲ་བ་གཉིས། དྲང་སྲོང་མེ་སྒྲོན་གྱིས་ཞུས་པའི་དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ་ཞེས་བྱ་བ་འགྱུར་མི་འདྲ་བ་གཉིས། བུད་མེད་འགྱུར་བ་ཞེས་བྱ་བ་འགྱུར་ཁྱད་ཀྱིས་གཉིས། ཕར་ཕྱིན་དྲུག་བསྟན་པའི་མདོ་བམ་པོ་བརྒྱད་པ་པཎྜི་ཏ་སངྒྷ་སེ་ནས་འགྱུར། དེ་ལས་

༄༅། །འཕྲོས་པའི་ལེའུ་དྲུག་རེ་ལ་བམ་གང་རེ་དང་འགྱུར་ཀྱང་མི་གཅིག་པ་དྲུག།(འདི་བོད་ལ་མེད་གསུངས། རྟོགས་བརྗོད་དཔག་བསམ་ཁྲི་ཤིང་གི་རྩ་བ་ལྟ་བུར་སྣང་།) ཡི་གེ་མེད་པ་རིན་པོ་ཆེའི་ཟ་མ་ཏོག་འགྱུར་འདྲ་མིན་གསུམ། བགྲེས་མོས་ཞུས་པ་འགྱུར་མི་འདྲ་བ་གསུམ། ཁྱེའུ་ཟླ་འོད་ཀྱི་མདོ་འམ་དཔལ་སྦས་ཀྱི་མདོ་འགྱུར་ཐ་དད་པ་གསུམ། ག་ཡ་མགོ་རིའི་མདོ་འགྱུར་ཁྱད་ཀྱི་བཞི། ཁྱིམ་བདག་གི་བུ་ལུང་བསྟན་པའི་མདོ་འགྱུར་འདྲ་མིན་གསུམ། བེའུ་ལུང་བསྟན་པའི་མདོ་འགྱུར་ཐ་དད་པ་གཉིས། བུ་མོ་དྲི་མེད་བཟང་པོའི་ཞུས་པ་འགྱུར་འདྲ་མིན་གསུམ། འཕགས་པ་སྒྲ་ཆེན་པོ་འགྱུར་ཐ་དད་པ་གསུམ། གཏན་ལ་ཕབ་པའི་གཟུངས་ཞེས་བྱ་བ་འགྱུར་ཁྱད་ཀྱིས་གཉིས།(འདི་ལ་ཡོད་གསུང་ཀྱང་མ་ངེས།) འཇམ་དཔལ་གྱིས་ཆོས་ཀྱི་སྐུ་དྲིས་པའི་མདོ་འགྱུར་ཐ་དད་པ་གཉིས། འཕགས་པ་སེེངྒའི་སྒྲ་བསྒྲགས་པ་ཞེས་བྱ་བའི་མདོ་འགྱུར་འདྲ་མིན་གཉིས། འཕགས་པ་དགེ་རྩའི་བརྒྱ་འགྱུར་བཤད་པ་གཉིས།(འདི་འཇམ་དཔལ་གྱིས་བསྟན་པ་དང་གཅིག་མི་གཅིག་བརྟག) འཕགས་པ་ཆོས་བཞི་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་པཎྜི་ཏ་དེ་ཝ་ཀ་རས་སྔ་ཕྱིར་འགྱུར་གཉིས། རྨད་དུ་བྱུང་བའི་མདོ་འགྱུར་ཁྱད་ཀྱིས་གཉིས། བུ་མོ་དངུལ་མདངས་མའི་རྟོགས་བརྗོད་གཉིས། མ་སྐྱེས་དགྲ་ལུང་བསྟན་པ་གཉིས། མཆོག་ཏུ་དད་པ་དང་གུས་པའི་མདོ་གཉིས།(བོད་མ་མེད་གསུངས་མོད། བོད་ཀྱི་དགེ་བའི་བཤེས་གཉེན་བསྟན་པའི་མདོ་དང་གཅིག་མི་གཅིག་སླར་བརྟག།) ཐེག་པ་ཆེན་

པོའི་ཡོན་ཏན་བསྔགས་པ་གཉིས།(འདིའི་བོད་མ་ཡོད་མེད་ཀྱི་གསལ་ཁ་མི་སྣང་།) རྒྱལ་པོ་ལ་གདམས་པ་གསུམ།(བོད་ལ་མེད་གསུངས་ཡང་། གསལ་རྒྱལ་ལ་གདམས་པ་དང་སྡུར་ནས་བལྟ་དགོས་པ་འདུག།) སྲིད་པ་འཕོ་བའི་མདོ་གཉིས། འཕགས་པ་འཇམ་དཔལ་གནས་པ་གཉིས། རྟེན་འབྲེལ་བཅུ་གཉིས་བསྟན་པའི་མདོ་གཉིས། ས་ལུ་ལྗང་པའི་མདོ་གཉིས། དེ་བཞིན་གཤེགས་པའི་ཚད་མའི་དམ་ཚིག་ཞེས་པའི་ཏིང་ངེ་འཛིན་གཉིས། ཁྲུས་གསོལ་གྱི་མདོ་གཉིས། དེ་བཞིན་གཤེགས་པའི་གཟུགས་བརྙན་གཞེངས་པའི་ཕན་ཡོན་བསྟན་པ་གཉིས། བུ་མོ་ཀླུས་སྦྱིན་གྱི་མདོ་གཉིས། བཀྲ་ཤིས་བརྒྱད་པའི་མདོ་བཞི། མོོ་གལ་མ་ན་རག་ནས་འདོན་པའི་མདོ་གཉིས། ཡང་ཁྲུས་གསོལ་གྱི་མདོ་གོང་གསལ་གཉིས་དང་འགྱུར་མི་འདྲ་བ་གཉིས། ཕྲེང་བའི་ཕན་ཡོན་བསྟན་པ་གཉིས།(ལྕགས་གྱིས་ལྔ་འགྱུར་ཞེས་པ་ནས་བོ་དྷི་ཙེ་འགྱུར་བགྲངས་མེད་ཀྱི་བར།) རིན་པོ་ཆེ་བརྒྱ་ཕྲག་མང་པོ་དང་ལྡན་པའི་མདོ་བམ་གང་ཙི་ལུ་ཀཱ་ཀྵས་འགྱུར། (འདི་བོད་མ་ཡོད་གསུངས་ཏེ། རིན་པོ་ཆེ་མཐའ་ཡས་པའི་མདོ་ཨེ་ཡིན་བརྟག) དགེ་འདུན་ལ་བསྲོ་ཁང་དང་ཁྲུས་འབུལ་བའི་ཕན་ཡོན་བསྟན་པའི་མདོ་བམ་གང་ལོ་ཆེན་ཨན་ཞི་ཀའུ་གིས་འགྱུར། དེས་པས་ཞུས་པ་བམ་པོ་གཅིག་དགེ་བསྙེན་ཊི་ཞི་ལུན་གྱིས་འགྱུར།(འདི་དཀོན་བརྩེགས་ཀྱི་དུམ་བུ་ཉེར་བདུན་པ་དང་དོན་གཅིག) ཁྱིམ་བདག་གི་བུ་བྱང་ཆུབ་ཤིང་གིས་ཞུས་པ། ཁྱེའུ་ཙམ་ཀས་ཞུས་པ། རྣམ་བཞིས་མ་ཐུབ་པའི་མདོ། བུ་མོ་ཏོག་གི་བློ་གྲོས་ལུང་བསྟན་པའི་མདོ། ཁྱེའུ་དཔལ་གྱི་སྣང་བ་ལུང་བསྟན་

༄༅། །པའི་མདོ་རྣམས་བམ་རེ།(གོང་གསལ་ལྔ་པོ་བོད་མ་མེད་གསུངས་མོད། བསབ་ཡོད་པའི་ངེས་པའང་མེད་ཅིང་། ཕྱི་མ་དེ་སླར་དཔལ་དབྱིག་གིས་ཞུས་པ་སོགས་དང་སྡུར་ནས་བརྟག་དགོས་སྣང་།) འཕགས་པ་རིན་ཆེན་དྲ་བ་ཅན་གྱིས་ཞུས་པ་བམ་པོ་གཅིག་པ་དྷརྨ་རཀྵི་ཏས་འགྱུར། མཚན་དཔེའི་རྒྱུ་བསྟན་པ། དྲང་སྲོང་ལྔ་བརྒྱའི་དྲིས་ལན་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ། དགེ་བའི་འབྲས་བུ་བསྟན་པ་བསོད་ནམས་ཞིང་གི་མདོ་ལོ་ཙྭ་བ་ཆོས་སྒྲོན་སོགས་ཀྱིས་འགྱུར། འཕགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་གང་དྲང་སྲོང་མནྡ་རཱ་ཪྵིས་འགྱུར། བྱང་སེམས་ཀླུའི་དཔལ་གྱིས་ཞུས་པ་བོ་དྷི་རུ་ཙིས་འགྱུར། རྒྱལ་པོ་གསེར་མདོག་གི་སྔོན་གྱི་སྦྱོར་བ་བསྟན་པ་གོོ་ཏི་པྲཛྙཱ་རུ་ཙིས་འགྱུར། ཁྱིམ་པ་དང་རབ་ཏུ་བྱུང་བའི་བྱ་བ་བསྟན་པ་ཧྭ་ཤང་ཞེང་ཁིའན་གྱིས་འགྱུར། སངས་རྒྱས་བརྒྱའི་མཚན་བམ་གང་ན་རེནྡྲ་ཡ་ཤས་འགྱུར། འཕགས་པ་མེ་ཏོག་གི་ཚོམས་ཞེས་བྱ་བ་བམ་པོ་གསུམ་པ་རྒྱ་གར་གྱི་པཎྜི་ཏ་ཀི་ཀ་ཡ་དང་ཏན་ཡོོ་གཉིས་ཀྱིས་འགྱུར། ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་བམ་གསུམ་མ་དྷརྨ་རཀྵི་ཏས་འགྱུར། ཡུམ་སྒྱུ་མ་ལྷ་མཛེས་མའི་མདོ་བམ་གང་ཧྭ་ཤང་ཐན་ཀིང་གིས་འགྱུར།(འདི་བོད་མ་ཡོད་གསུངས།) འཇིགས་སྐྲག་དང་སྡུག་བསྔལ་སེལ་བ་ཞེས་བྱ་བ་བམ་གང་ཧྭ་ཤང་ཞེང་ཁིའན་གྱིས་འགྱུར། (བོད་མ་ཡོད་གསུངས།) བྲམ་ཟེའི་སློབ་དཔོན་བྷྱ་ཡའི་སྔོན་གྱི་སྦྱོང་བ་བམ་གང་རྒྱ་གར་གྱི་པཎྜི་ཏ་

ཊི་ཁིའན་གྱི་འགྱུར། འཕགས་པ་སྤྱན་རས་གཟིགས་ལུང་བསྟན་པ་བམ་པོ་གཅིག་པ་ལོ་ཙྭ་བ་དྷརྨོ་ཀས་འགྱུར། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་བམ་པོ་བཞི་པ་པཎྜི་ཏ་དྷརྨ་རཀྵི་ཏས་འགྱུར། འཕགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་བམ་པོ་གསུམ་པ་རིགས་འཛིན་ཀུ་མཱ་རས་འགྱུར། ཀུན་ཏུ་བཟང་པོ་བསྒོམ་པའི་མདོ་དྷརྨ་མི་ཏྲས་འགྱུར།(བོད་མ་མེད་གསུངས། སྡིག་སྒྲིབ་སྦྱོང་ཐབས་ཞིག་གོ།) བྱང་ཆུབ་སེམས་དཔའ་སྨན་རྒྱལ་སྨན་མཆོག་གཉིས་བསྒོམ་པའི་མདོ་པཎྜི་ཏ་ཀ་ལྱཱ་ཡེ་ཤེས་འགྱུར།(བོད་མ་ཡོད་གསུངས། སྡིག་སྒྲིབ་སྦྱོང་ཐབས་ཡིན་ཅིང་སངས་རྒྱས་ལྔ་བཅུ་རྩ་གསུམ་གྱི་མཚན་དང་བཤགས་པ་ཡོད།) ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པའི་མདོ་ཀུ་མཱ་རས་འགྱུར། བྱང་ཆུབ་སེམས་དཔའི་སྤངས་བླང་བསྟན་པ་ས་བཅུ་པའི་མདོ་ཞེས་བྱ་བ་བམ་པོ་བཅུ་པ་པཎྜི་ཏ་སངས་རྒྱས་དྲན་གྱིས་འགྱུར། སངས་རྒྱས་ཐམས་ཅད་འདུས་པའི་ཚོམས་ཞེས་བྱ་བའི་མདོ་བམ་དོ་དྷརྨ་རཀྵི་ཏས་འགྱུར། རྒྱུ་རྐྱེན་རྨད་དུ་བྱུང་བའི་མདོ་ཞེས་བྱ་བ་བམ་པོ་གཉིས་པ་ལོ་ཙྭ་བ་ཐན་ཀིང་གིས་འགྱུར།(གསུམ་ཀ་བོད་མ་ཡོད་གསུངས་འདུག) བྱང་ཆུབ་སེམས་དཔའི་རྒྱན་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་བམ་པོ་བཅུ་གཉིས་པ་པཎྜི་ཏ་སངས་རྒྱས་དྲན་གྱིས་འགྱུར། ཉི་མའི་འོད་ཟིལ་གྱིས་མནོན་པའི་ཏིང་ངེ་འཛིན་གྱི་མདོ་བམ་དོ་ཁྱིམ་བདག་མཁས་པ་ཉི་ཡེ་ཆང་ཡུའན་གྱིས་འགྱུར།(གོང་གསལ་གཉིས་ཀ་བོད་མ་མེད་གསུངས། སྔ་མ་ལ་བྱང་ཆུབ་སེམས་དཔའ་མང་པོ་དང་དགྲ་བཅོམ་པ་མང་པོའི་དྲི་བ་དྲིས་ལན་ཟབ་མོ་མང་པོ་འདུག) འཕགས་པ་བསྐལ་པ་བཟང་པོ་ཞེས་

༄༅། །བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་བཅུ་གསུམ་པ་དྷརྨ་རཀྵི་ཏས་འགྱུར། སངས་རྒྱས་ཀྱི་མཚན་ཞེས་བྱ་བ་བམ་པོ་བཅུ་གཉིས་པ་བོ་དྷི་རུ་ཙིས་འགྱུར། བསྐལ་པ་གསུམ་གྱི་སངས་རྒྱས་གསུམ་སྟོང་གི་མཚན་བམ་གསུམ་མ་འགྱུར་བྱང་མི་གསལ། སངས་རྒྱས་ཀྱི་མཚན་ལྔ་སྟོང་ལྔ་བརྒྱ་པ་བམ་པོ་བརྒྱད་པ་ཛྙཱ་ན་གུཔྟས་འགྱུར། ཕྱོགས་བཅུའི་སངས་རྒྱས་ཀྱི་མཚན་འཛིན་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་བསྟན་པ་བམ་དོ་འགྱུར་བྱང་མི་གསལ།(གོང་གསལ་བཞི་ཀ་བོད་མ་མེད་གསུངས་ཀྱང་། གསུམ་པ་དེ་སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་གསུམ་པ་དང་གཅིག་མི་གཅིག་དང་། ཕྱི་མ་སངས་རྒྱས་བཅུ་པ་ཡིན་མིན་སླར་བརྟག་གོ།)འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་བཅུ་གསུམ་པ་ཀུ་མཱ་རས་འགྱུར། དགེ་འདུན་ཟུང་གི་མདོ་བམ་པོ་བཞི་པ་ཨོ་རྒྱན་གྱི་སློབ་དཔོན་རྒྱལ་རིགས་ཨུ་པ་སེ་ནས་འགྱུར།(འདི་ཡང་བོད་མ་དང་འདྲ་བར་ཕན་ཡོན་རྐྱང་པར་སྣང་།) འཕགས་པ་བཀོད་པ་ཆེན་པོའི་ཏིང་ངེ་འཛིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ན་རེནྡྲ་ཡ་ཤས་འགྱུར།(འདི་བོད་མ་ཡོད་གསུངས་མོད་མ་མཐོང་།) འཕགས་པ་ཤིན་ཏུ་རྒྱས་པའི་མདོ་སྡེ་རང་བྱུང་གི་ཡེ་ཤེས་ངེས་དོན་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་གཅིག་པ་ཁ་ཆེའི་པཎྜི་ཏ་བུདྡྷ་ཏ་རས་འགྱུར།(འདི་བོད་མ་ཡོད་མེད་ཀྱི་གསལ་ཁ་མི་སྣང། དགོངས་པ་ངེས་འགྲེལ་དང་ཧ་ལམ་དབྱིབས་མཚུངས་པ་ཞིག་ཏུ་འདུག) སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྒྱ་མཚོ་

ཞེས་བྱ་བའི་མདོ་བམ་པོ་བཅུ་པ་བུདྡྷ་བྷ་ཏྲས་འགྱུར།(བོད་མ་མེད།) ཐབས་ལ་མཁས་པ་ཆེན་པོ་དྲིན་ལན་བསབ་པའི་མདོ་བམ་པོ་བདུན་པ་འགྱུར་བྱང་མི་གསལ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བམ་གསུམ་པ་འགྱུར་བྱང་མེད།(བོད་མ་མེད་གསུངས་ཀྱང་། རྒྱལ་པོ་དོན་གྲུབ་ཀྱི་མདོ་སོགས་དང་སྡུར་ནས་བལྟ་དགོས།) འཕགས་པ་ཆོས་ཀྱི་ཕུང་པོའི་མདོ་བམ་དྲུག་བོ་དྡྷི་རུ་ཙིས་འགྱུར།(འདི་བོད་མ་ཡོད་གསུངས་ཀྱང་། ཤ་རིའི་བུས་ཞུས་པ་དེ་མིན་འདུག།) ཆོས་ཐམས་ཅད་ལ་ཡོངས་སུ་བལྟ་བའི་མདོ་བམ་བཞི་ཛྙཱ་ན་གུབྟས་འགྱུར། བྱང་ཆུབ་སེམས་དཔའ་མངལ་དུ་གནས་པའི་མདོ་བམ་པོ་ལྔ་པ་སངས་རྒྱས་དྲན་གྱིས་འགྱུར།(བོད་མ་མེད།) ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ་བམ་བཞི་དྷརྨ་རཀྵི་ཏས་འགྱུར། མར་མེ་འབུལ་བའི་ཕན་ཡོན་བསྟན་པ་བམ་གང་ན་རེནྡྲ་ཡ་ཤས་འགྱུར་ཟེར་བ།(དཔྱད་བྱ། བོད་མ་ཡོད་གསུངས་ཀྱང་། མར་མེ་འབུལ་བའི་མདོ་དང་འདྲ་མི་འདྲ་བརྟག) སོར་མོའི་ཕྲེང་བ་ལ་ཕན་པ་བམ་བཞི་གུ་ཎ་བྷ་ཏྲས་འགྱུར། བར་མའི་ཕུང་པོའི་མདོ་བམ་དོ་སངས་རྒྱས་དྲན་གྱིས་འགྱུར། བྱང་སེམས་སྲིད་བྲལ་གྱིས་ཞུས་པ་བམ་བཞི་ཛྙཱ་ན་གུཔྟས་འགྱུར།(གོང་གསལ་གཉིས་བོད་མ་ཡོད་གསུངས་འདུག) ཕྱིན་དྲུག་ལྔ་བཅུ་པ་བམ་གཉིས་མ་ཨན་ཞི་ཀའུ་གིས་འགྱུར། ཆོས་རྔ་ཆེན་པོའི་མདོ་བམ་གསུམ་གུ་ཎ་བྷ་ཏྲས་འགྱུར།(གཉིས་ཀ་བོད་མ་མེད་གསུངས། ཕྱི་མ་རྔ་བོ་ཆེའི་ལེའུ་དང་བསྡུར་ནས་བལྟ་དགོས་འདུག།) འཇམ་དཔལ་གྱིས་ཞུས་པ་བམ་ཟུང་སློབ་དཔོན་བཤད་མ་ཐག་པས་འགྱུར།(བོད་མ་མེད་གསུངས་ཀྱང་།

༄༅། །མདོ་མང་ནང་གི་འཇམ་དཔལ་གྱིས་དྲིས་པ་དང་སྡུར་དགོས།) བུ་མོ་ཟླ་མཆོག་ལུང་བསྟན་པ་བམ་ཟུང་ཛྙཱ་ན་གུཔྟས་འགྱུར། དེ་བཞིན་གཤེགས་པའི་གསང་བའི་མཛོད་བམ་གཉིས། ཐེག་པ་ཆེན་པོའི་གསང་བའི་རྒྱན་བམ་གསུམ་གཉིས་ཀ་འགྱུར་བྱང་མི་གསལ(གོང་གསལ་གཉིས་བོད་མ་ཡོད་གསུངས། ཕྱི་མ་ནི་འཕགས་པ་རྒྱན་སྟུག་པོ་ཡིན་འདུག) སངས་རྒྱས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཨན་ཞི་ཀའུ་གིས་འགྱུར། འཇམ་དཔལ་མྱ་ངན་འདས་པའི་མདོ་ཉི་ཡི་དཱའུ་ཊེན་གྱིས་འགྱུར། དེས་འགྱུར་བའི་བྱང་ཆུབ་སེམས་དཔའི་རྟོགས་བརྗོད། སངས་རྒྱས་སྟོང་གི་སྔོན་གྱི་སྦྱོར་བ་ཀུ་མཱ་རས་འགྱུར། ཏོག་བཟང་མོས་ཞུས་པ་ཧྭ་ཤང་ཁེང་གིའན་གྱི་འགྱུར།(ལུས་འཕགས་མོས་ཞུས་པར་བསྒྱུར་ན་ལེགས་སྙམ།) ཁྱེའུ་ཟླ་བ་རབ་གསལ་གྱིས་ཞུས་པ་དགེ་བསྙེན་ཊི་ཁིའན་གྱིས་འགྱུར། བྲམ་ཟེ་མོ་བློ་གྲོས་རབ་གསལ་གྱིས་ཞུས་པ།(འདུན་ཀ་བོད་མ་མེད་གསུངས།) འཕགས་པ་ཕྱོགས་བཅུའི་མུན་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྒྱ་གར་གྱི་པཎྜི་ཏ་དྷརྨ་རཀྵི་ཏས་འགྱུར། ཡུ་མོའི་རྟོགས་བརྗོད་དང་བདུད་ཀྱིས་རྒོལ་བ་བམ་གང་རེ། རྒྱལ་བུ་ཡོན་ཏན་འོད་ཀྱི་མདོ་དྷརྨ་རཀྵི་ཏས་འགྱུར།(འདི་བོད་མ་ཡོད་གསུངས། དཔལ་སྡེའི་རྟོགས་བརྗོད་དམ་རྒྱལ་པོ་དོན་གྲུབ་ཀྱི་མདོ་ལ་སོགས་པ་ལས་གང་རུང་གཅིག་ཡིན་འདྲ།) བློ་གྲོས་ཆེན་པོའི་མདོ་གུ་ཎ་བྷ་ཏྲས་འགྱུར།(འདི་བོད་མ་མེད་གསུངས་མོད། བསོད་ནམས་སྟོབས་ཀྱི་རྟོགས་བརྗོད་དང་

བསྡུར་ནས་བལྟ་དགོས།) བུ་མོ་བརྟན་མས་ཞུས་པ། ལྷའི་བུ་དེད་དཔོན་གྱིས་ཞུས་པ། ཆོས་ཐམས་ཅད་ཀྱི་མཆོག་ཞེས་བྱ་བ། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་པཎྜི་ཏ་ན་ཏིས་འགྱུར། སེམས་དཔའ་དྲི་བྲལ་བློ་གྲོས་ཀྱིས་ཞུས་པ། སངས་རྒྱས་བདུན་གྱི་མཚན་བཟུང་བའི་ཕན་ཡོན་བསྟན་པ། སངས་རྒྱས་ཀྱི་བཀའ་ཆེམས། (བོད་མ་ཡོད་གསུངས། འདུ་ཤེས་བཅུ་གཅིག་པ་ཡིན་མིན་བརྟག)འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ཞེས་བྱ་བ་ཥུའན་ཊུའང་ཧྥཱ་ཤིའི་འགྱུར། བྷྱ་ཀྵི་མ་ཝ་ཏི་ལུང་བསྟན་པ་བོ་དྷི་རུ་ཙིས་འགྱུར།(བོད་མ་ཡོད་གསུངས། བདེ་ལྡན་མ་ལུང་བསྟན་པ་ཡིན་འདྲ།) འཕེལ་འགྲིབ་མེད་པ་བསྟན་པའི་མདོ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ།(ཡེ་དྷར།) མཆོད་རྟེན་བསྐོར་བའི་ཕན་ཡོན་བསྟན་པ།(བོད་མ་ཡོད་གསུངས།) ཐེག་པ་ཆེན་པོ་ཆོས་བཞི་པ།(བོད་མ་ཡོད་གསུངས་སྟེ་བཞི་པ་བསྒྲུབས་པ་དང་གཅིག་གམ་སྙམ།) ཡོན་ཏན་མས་ཞུས་པ།(བོད་མ་ཡོད་གསུངས་ཏེ་བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པ་དང་གཅིག་གམ་བསམ།) འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཧཱ་ཤང་ཨི་ཀྱིང་གིས་འགྱུར། རྒྱལ་པོ་གཟུགས་བཟང་གི་རྟོགས་བརྗོད། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་མདོ། སེང་གེ་སུ་དྷ་པ་རྒྱལ་པོས་ཤ་བཅད་པའི་རྟོགས་བརྗོད།(གོང་གསལ་གཉིས་བོད་མ་ཡོད་གསུངས་ཀྱང་ངོ་མ་འཕྲོད།) སྟོན་པའི་སྐུ་བརྙན་ལ་

༄༅། །ཁྲུས་དང་མཆོད་པ་འབུལ་བའི་ཕན་ཡོན་བསྟན་པའི་མདོ། སངས་རྒྱས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་པྲ་ཛྷཱ་རུ་ཙིས་འགྱུར། ནང་གི་ཕར་ཕྱིན་དྲུག་བསྟན་པ་བམ་གང་ཧྭ་ཤང་སངས་རྒྱས་དབྱངས་ཀྱིས་འགྱུར།(བོད་མ་ཡོད་མེད་ཀྱི་གསལ་ཁ་མི་སྣང་།) སྟག་མོ་ལུས་སྦྱིན་གྱི་མདོ། རྡོ་རྗེའི་ཏིང་ངེ་འཛིན་རྣམ་པར་དག་པ་མི་བཤིག་མི་འགྱུར་བའི་མདོ་ཞེས་བྱ་བ་འགྱུར་བྱང་མེད་པ། སངས་རྒྱས་སེང་གེ་ཟླ་བའི་སྔོན་གྱི་སྦྱོར་བ་བསྟན་པ་འགྱུར་བྱང་མེད་པ། བྲམ་ཟེའི་ཆུང་མ་ཆོས་ཀྱི་བློ་གྲོས་ལུང་བསྟན་པའི་མདོ། ཡུལ་ས་ར་གའི་རྒྱལ་པོ་འདུལ་བའི་མདོ། བཀྲ་ཤིས་བཅུ་པའི་མདོ།(འདི་ལ་བོད་མ་ཡོད་མེད་ཀྱི་གསལ་ཁ་མེད། ཕྱོགས་བཅུའི་སངས་རྒྱས་ཀྱི་མཚན་ཡིན་སྟེ་སངས་རྒྱས་བཅུ་པ་དང་གཅིག་མི་གཅིག་བརྟག) མ་ག་དྷ་བཟང་མོའི་རྟོགས་བརྗོད། སྟོན་པ་རི་བོང་དུ་འཁྲུངས་པའི་རྟོགས་བརྗོད། རྡོ་རྗེའི་ཏིང་ངེ་འཛིན་འགྱུར་བྱང་མེད་པ། དམ་པའི་ཆོས་བསྣུབས་པའི་ཚུལ་བསྟན་པ། ཡོངས་སུ་བསྔོ་བའི་མདོ། ལྷའི་རྒྱལ་པོའི་བུ་ཕི་ལོའི་མདོ། དགེ་བསྙེན་མའི་ཀུན་སྤྱོད་གཙང་བ་བསྟན་པའི་མདོ། སྐྱེས་བུ་ཆེན་པོ་ཡ་བརྒྱད་ཀྱི་མདོ་ལོ་ཆེན་ཨན་ཞིཀའུ་འགྱུར། བསླབ་པ་གསུམ་གྱི་མདོ་འགྱུར་ཁྱད་ཀྱིས་གཉིས། བསྟན་པ་འཇིག་ཚུལ་བསྟན་པའི་མདོ། སྔོན་བྱུང་བསོད་སྙོམས་ཀྱི་མདོ། རྣམ་པར་གྲོལ་བའི་ལམ་ལ་སྦྱངས་བའི་ཡོན་ཏན་བསྟན་པའི་མདོ་གུ་ཎ་བྷ་ཏྲས་འགྱུར། ཁྱིམ་བདག་

ཕྱུག་པོ་ཤུ་ཏི་ཀའི་སྔོན་གྱི་སྦྱོར་བ་བསྟན་པ། རྒྱལ་པོ་ཚེ་རིང་གི་རྟོགས་བརྗོད། དམ་པའི་ཆོས་རྟག་ཏུ་གནས་པར་བསྟན་པའི་མདོ། དགེ་བསྙེན་མའི་ཀུན་སྤྱོད་མན་ཆད་ཀྱི་མདོ་སྣ་བཅུ་པོ་སྔ་རབས་པ་དག་གིས་ཐེག་དམན་གྱི་ཆོས་གྲལ་དུ་བཞག་འདུག་ཀྱང་། བརྟག་ཚེ་ཐེག་ཆེན་གྱི་ཆོས་སྐད་མང་བས་འདིར་ལེན་པ་ཡིན་གསུང། འཕགས་པ་སྤྱན་རས་གཟིགས་ལུང་བསྟན་པའི་མདོ་བམ་གང་པཎྜི་ཏ་ཨ་མོ་གྷ་བཛྲས་འགྱུར།(བོད་མ་ཡོད་གསུངས་པ་ཟ་མ་ཏོག་བཀོད་པ་ཡིན་མིན་བརྟག) ལྷ་མོ་ཨངྒུ་རིའི་མདོ།(བོད་མ་ཡོད་གསུངས་པ་དུག་སེལ་མའི་རིག་སྔགས་ཨེ་ཡིན་བརྟག) ཡང་ས་ལུ་ལྗང་པའི་མདོ་ཨ་མོ་གྷའི་འགྱུར། བྱང་ཆུབ་ལྟུང་བཤགས་སློབ་དཔོན་བཤད་མ་ཐག་པས་འགྱུར། དེས་འགྱུར་པའི་མདོ་སྡེ་འགའ་ལ། འཇམ་དཔལ་གྱིས་ཡི་གེའི་ཕྱི་མོ་དྲིས་པའི་ལེའུ་དང་རྒྱན་སྟུག་པོ། རྒྱལ་པོ་གསལ་རྒྱལ་ལ་གདམས་པ། དེ་བཞིན་གཤེགས་པའི་སྙིང་པོ། ལུང་ཐང་གི་མདོ། འཇམ་དཔལ་དང་དྲང་སྲོང་མང་པོས་ཉི་དུས་གཟའ་སྐར་གྱི་དགེ་མི་དགེ་བསྟན་པའི་མདོ།(གོང་གསལ་གཉིས་བོད་མ་མེད་གསུངས།)ལྷ་མོ་འོད་ཟེར་ཅན་མེ་ཏོག་གི་ཕྲེང་བ་ཞེས་བྱ་བའི་མདོ(བོད་མ་མེད་གསུངས།)རྣམས། འཕགས་པ་ཁྱིམ་བདག་སྡོང་བརྒྱན་གྱིས་གླང་པོ་སྲེད་མེད་གྱི་བུའི་སྟོབས་དྲིས་པའི་མདོ་ཁ་ཆེའི་པཎྜི་ཏ་པྲཛྙཱ་དང་ལོ་ཙྭ་བ་ལི་ཡན་གྱིས་འགྱུར།(བོད་མ་མེད་གསུངས།) ཤིན་ཏུ་རྒྱས་པའི་མདོ་སྡེ་ཐབས་ལ་མཁས་པ་ཞེས་བྱ་བ་བམ་པོ་བཞི་

༄༅། །པ་པཎྜི་ཏ་སྦྱིན་སྲུང་གི་འགྱུར་པ།(འདི་དཀོན་བརྩེགས་ཀྱི་དུམ་བུ་སོ་བདུན་པ་དང་གཅིག་གསུངས་པ། དེ་ལྟར་ཡིན་ནམ་སོ་བརྒྱད་པ་དང་གཅིག་གམ་བརྟག་དགོས།) འཕགས་པ་བྱང་ཆུབ་ཀྱི་སེམས་གནས་བསྒོམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་བརྒྱད་པ་ཁ་ཆེའི་པཎྜི་ཏ་པྲཛྙཱས་འགྱུར།(འདི་བོད་མར་མེད།) རྨད་དུ་བྱུང་བའི་མདོ་བམ་དྲུག་སྦྱིན་སྲུང་གིས་འགྱུར། (འདི་བོད་མ་ཡོད་གསུངས།) བདེ་བ་ཅན་གྱི་ཞིང་བཀོད་བསྟན་པ་བམ་གསུམ་མ་རྒྱ་གར་གྱི་པཎྜི་ཏ་ཆོས་ཀྱི་བཟང་པོས་འགྱུར། འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་གསུམ་པ་པཎྜི་ཏ་སྦྱིན་སྲུང་གིས་འགྱུར། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་བམ་བཞི་པཎྜི་ཏ་བཤད་མ་ཐག་པས་འགྱུར། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་བརྒྱད་པ་རྒྱ་གར་གྱི་པཎྜི་ཏ་དྷརྨ་དེ་ཝས་འགྱུར།(འདི་དཀོན་བརྩེགས་ཀྱི་དུམ་བུ་ཞེ་གསུམ་པ་དང་དོན་གཅིག་པར་གསུངས།) མི་འཇིགས་པ་བཞི་བསྟན་པ་དབང་ཕྱུག་ཆེན་པོའི་རྒྱུ་བསྟན་པ། ཆོས་ཀྱི་སྐུ་བསྟན་པ། སངས་རྒྱས་ཐམས་ཅད་ཀྱི་མདོ། སངས་རྒྱས་ཀྱི་མཚན་བཅུ། སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་ཡོན་ཏན། འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པ་ཞེས་བྱ་བ་བམ་གང་པཎྜི་ཏ་དེ་ཝ་ཤནྟས་འགྱུར།(སྔགས་སུ་གཏོགས་གསུངས།)འཕགས་པ་འཇམ་དཔལ་གྱིས་དྲིས་པ་ཐེག་པ་ཆེན་པོའི་ཆོས་ཀྱི་དུང་ཞེས་བྱ་བ་བམ་པོ་གཅིག་པ་པཎྜི་ཏ་ཆོས་བཟང་གི་འགྱུར།

འཕགས་པ་བདག་མེད་པ་བསྟན་པའི་མདོ་སྦྱིན་སྲུང་གིས་འགྱུར། ཡང་དེས་འགྱུར་པའི་ས་ལུ་ལྗང་པ་བམ་གང་། སེམས་དཔའ་བརྒྱད་ལ་སོགས་པའི་མཚན་དང་ཕན་ཡོན་བསྟན་པ། ཁྱེའུ་རིན་ཆེན་ཟླ་བས་ཞུས་པ་སྦྱིན་སྲུང་གིས་འགྱུར། འཕགས་པ་སྦྱིན་པའི་དབྱེ་བ་བསྟན་པ་སློབ་དཔོན་བཤད་མ་ཐག་པས་འགྱུར། དེས་འགྱུར་བའི་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་མདོ། ཐབས་ལ་མཁས་པའི་ལེའུ་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་གདམས་པ། ཟླ་འོད་ཀྱི་རྟོགས་བརྗོད་བམ་གང་པཎྜི་ཏ་ཆོས་བཟང་གིས་འགྱུར། ཁྱེའུ་གསེར་མདངས་ཀྱི་མདོ། སྦྱིན་པའི་ཕན་ཡོན་བསྟན་པའི་མདོ་ཆོས་བཟང་གིས་འགྱུར། དགྲ་བཅོམ་པ་ཙུནྡས་ཞུས་པའི་མི་ཟད་པའི་ཆོས་བདུན། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་སམ་ཆོས་ཀྱི་སྒོ་ཞེས་བྱ་བ། སེམས་དཔའ་རིན་ཆེན་སྦྱིན་གྱི་སྤྱོད་པ་བསྟན་པ། ཡང་གསལ་རྒྱལ་ལ་གདམས་པ་དྷརྨ་དེ་ཝས་འགྱུར། བསོད་ནམས་སྟོབས་ཀྱི་རྟོགས་བརྗོད་བམ་བཞི་སྦྱིན་སྲུང་གིས་འགྱུར། དེས་འགྱུར་པའི་མི་འཇིགས་སྦྱིན་གྱིས་ཐེག་ཆེན་དྲིས་པ། རྒྱལ་པ་སྤྱི་བོ་སྐྱེའི་རྟོགས་བརྗོད་བམ་པོ་དྲུག་པ་སློབ་དཔོན་བཤད་མ་ཐག་པས་འགྱུར། ཤིན་ཏུ་རྒྱས་པའི་མདོ་སྡེ་སངས་རྒྱས་ཀྱི་དབུ་རྒྱན་ཞེས་བྱ་བ་བམ་དོ་དྷརྨ་རཀྟི་ཏས་འགྱུར། འཕགས་པ་དཀོན་མཆོག་སྤྲིན་ལས་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་ལེའུ་ཞེས་བྱ་བ་བམ་པོ་ཉི་ཤུ་པ་དྷརྨ་རཀྵི་ཏས་འགྱུར། (བོད་མ་མེད་གསུངས།) འཕགས་པ་འདུས་

༄༅། །པ་ཆེན་པོ་ལས་བློ་གྲོས་རྒྱ་མཚོའི་ཞུས་པ་ཞེས་བྱ་བ་བམ་པོ་བཅོ་བརྒྱད་པ་དྷརྨ་རཀྵི་ཏས་འགྱུར། འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་བམ་པོ་བཞི་བཅུ་པ་ཧྭ་ཤང་ཝེའི་ཀྱིང་གིས་འགྱུར།(དཀོན་བརྩེགས་ཀྱི་དུམ་བུ་བཅུ་གཉིས་པ་དང་གཅིག)སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་རྒྱན་པ་བམ་ལྔ་དྷརྨ་རཀྵི་སོགས་ཀྱིས་འགྱུར(ཕལ་པོ་ཆེའི་སྐོར།) ཡེ་ཤེས་ཀྱི་ཕྱག་རྒྱ་བམ་ལྔ་ཧྭ་ཤང་ཀིན་ཙུང་ཋི་སོགས་ཀྱིས་འགྱུར། ཡབ་སྲས་འཇལ་བ་བམ་པོ་ཉི་ཤུ་པ་ཧྭ་ཤང་ཉི་མ་གྲགས་ཀྱིས་འགྱུར།(དཀོན་བརྩེགས་ཀྱི་བཅུ་དྲུག་པ་དང་གཅིག) དགེ་འདུན་ཟུང་གི་མདོ་བམ་པོ་བདུན་པ་ཀིན་ཙུང་ཋི་སོགས་ཀྱིས་འགྱུར།(གོང་གི་ཐམ་བཞི་པ་དང་མི་གཅིག་སོགས་བརྟག་དགོས་སུ་སྣང་།) ཐེག་པ་ཆེན་པོའི་ཚུལ་ཁྲིམས་རྣམ་དག་བསྟན་པ་བམ་གསུམ་ལི་ཡུལ་གྱི་པཎྜི་ཏ་ཤེས་རབ་དཔལ་གྱིས་འགྱུར།(འདི་བོད་མར་ཡོད་གསུངས་འདུག) ཆོས་ཐམས་ཅད་ཀྱི་དོན་རྒྱ་ཆེར་བཤད་པའི་ཐེག་པ་ཆེན་པོའི་མདོ་བམ་གསུམ་ཧྭ་ཤང་ཞོའུ་ཏེ་སོགས་ཀྱིས་འགྱུར། ཁྱིམ་བདག་ཆོས་སྟོབས་ཀྱིས་ཞུས་པ་བམ་གསུམ་ལི་ཡུལ་གྱི་པཎྜི་ཏ་ཤེས་རབ་དཔལ་གྱིས་འགྱུར། ཐེག་པ་ཆེན་པོའི་དོན་རྣམ་པར་གདོན་མི་ཟ་བ་བམ་གསུམ་ཀིན་ཙུང་ཋི་སོགས་ཀྱིས་འགྱུར།(འདི་བོད་མ་ཡོད་གསུངས།) སངས་རྒྱས་ཀྱི་མཚན་ཡོངས་སུ་བསྒྲགས་པ་ཞེས་བྱ་བ་བམ་པོ་བཅོ་བརྒྱད་པ་རྒྱ་གར་གྱི་པཎྜི་ཏ་རིག་འཛིན་ཀུ་མཱ་ར་ཤྲཱི་དང་ལོ་ཙྭ་བ་ཊེའུ་ཧྭ་ཤང་གིས་འགྱུར་རྣམས་

བཞུགས། ༈ ཕྱི་མ་ཟབ་པ་སྔགས་ཀྱི་སྐོར་ནི། (བཱི་མཱི་བུ་ཟེར།) འཕགས་པ་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་བམ་པོ་གསུམ་ཅུ་པ། སིང་གྷ་ལའི་པཎྜི་ཏ་བོ་དྷི་རུ་ཙིས་འགྱུར། དོན་ཡོད་ཞགས་པའི་སྙིང་པོ་འགྱུར་འདྲ་མིན་གཉིས། དོན་ཡོད་ཞགས་པ་དབང་ཕྱུག་རྒྱལ་པོའི་གཟུངས་བམ་གསུམ་པཎྜི་ཏ་རཏྣ་མ་ཏིས་འགྱུར། དོན་ཞགས་སྒོ་མཐའ་ཡས་པའི་གཟུངས་བམ་གང་བྲམ་ཟེའི་སློབ་དཔོན་ལི་ཨུཋན་གྱིས་འགྱུར། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་གཟུངས་འགྱུར་ཁྱད་ཀྱིས་གསུམ། ཕྱག་སྟོང་སྤྱན་སྟོང་ལྡན་པ་ཐོགས་པ་མི་མངའ་བའི་གཟུངས་འགྱུར་འདྲ་མིན་གཉིས། སྤྱན་རས་གཟིགས་གསང་བའི་མཛོད་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོ་འགྱུར་མི་འདྲ་བ་ལྔ། ཐུགས་རྗེ་ཆེན་པོའི་སྙིང་པོ་འགྱུར་ཁྱད་ཀྱིས་གཉིས། འཕགས་པ་འཇམ་དཔལ་གྱི་སྔགས་ཡི་གེ་གཅིག་མ་གཉིས། སངས་རྒྱས་བཅུ་གཉིས་ཀྱི་སྙིང་པོ་གཉིས། རྨ་བྱ་ཆེན་མོ་བདུན། གཟུངས་ཀྱི་ཚོམས་བམ་པོ་བཅུ་གཉིས་པ་པཎྜི་ཏ་ཨ་ཏི་གུཔྟས་འགྱུར་ཟེར་བ། (ཐེ་ཚོམ་གྱི་གཞི་ཅུང་ཟད་ཡོད་གསུང་།)བཅུ་གཅིག་ཞལ་གྱི་གཟུངས་གཉིས། འོད་ཟེར་ཅན་གྱི་གཟུངས་བམ་གང་འགྱུར་བྱང་མི་གསལ་བ། གཟུངས་ལྔ་ཚན་གཅིག །སྟོང་འགྱུར་གྱི་གཟུང་ཞེས་བྱ་བ་སྤྱན་རས་གཟིགས་ཀྱི་སྔགས། རིག་སྔགས་ཡི་གེ་དྲུག་པ་བོ་དྷི་རུ་ཙིས་འགྱུར། ཡང་འགྱུར་

༄༅། །གཞན་གཉིས། གཟུངས་སྔགས་ཡི་གེ་དྲུག་པ་བམ་གང་འགྱུར་བྱང་མེད། སྐུལ་བྱེད་མའི་གཟུངས་གསུམ། ཐུགས་རྗེ་ཆེན་པོའི་གཟུངས་དོན་ཐམས་ཅད་གྲུབ་པ་བམ་གང་ཧྭ་ཤང་ཊི་ཐུང་གིས་འགྱུར། གཙུག་ཏོར་རྣམ་རྒྱལ་བདུན། སྒོ་མཐའ་ཡས་པ་ཞེས་བྱ་བའི་གཟུངས་བམ་པོ་གཅིག་པ་དགེ་བསྙེན་ཊི་ཁིའན་གྱིས་འགྱུར། ཡང་འགྱུར་གཞན་བརྒྱད། རྒྱལ་མཚན་དཔུང་གི་ཕྱག་རྒྱ་གཉིས། ཆོས་སྒོ་མཐའ་ཡས་པ་ཞེས་བྱ་བའི་གཟུངས། ཚད་མེད་པའི་ཆོས་ཀྱི་སྒོར་འཇུག་པ་ཞེས་བྱ་བའི་གཟུངས། རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བའི་གཟུངས་གཉིས། མེ་ཏོག་གི་ཚོམ་བུ་ཞེས་བྱ་བའི་གཟུངས་གཉིས། འཕགས་པ་སངས་རྒྱས་བདུན་པ་ཞེས་བྱ་བའི་གཟུངས། ཐབས་ལ་མཁས་པའི་གཟུངས། ཤར་ཕྱོགས་ཀྱི་སངས་རྒྱས་རྣམ་པར་སྣང་བའི་རྒྱལ་པོའི་གཟུངས་གསུམ། སྒོ་བཟང་པོ་ཞེས་བྱ་བའི་གཟུངས་གསུམ། (གོང་གསལ་གཉིས་ཀ་བོད་མ་མེད་གསུངས།) འཕགས་པ་འོད་ཟེར་དྲི་མེད་ཀྱི་གཟུང་། འཕགས་པ་སྤྱན་རས་གཟིགས་ཀྱི་དུག་དང་གནོད་པ་ཐམས་ཅད་སེལ་བའི་གཟུངས། ཤིན་ཏུ་རྒྱས་པའི་མདོ་སྡེ་ཙན་དན་གྱི་གཟུངས་ཞེས་བྱ་བ་བམ་པོ་བཞི་པ། (བོད་མ་ཡོད་གསུངས་ཏེ། ཙན་དན་གྱི་ཡན་ལག་དང་གཅིག་མི་གཅིག་བརྟག) ཆོས་ཀྱི་སྒྲོན་མེ་ཞེས་བྱ་བའི་གཟུངས་བམ་པོ་ཉི་ཤུ་པ་པཎྜི་ཏ་ཛྷཱ་ན་གུཔྟས་འགྱུར། འཕགས་པ་དཔལ་གྱི་གཟི་བརྗིད་ཅེས་བྱ་བའི་གཟུངས་

བམ་པོ་ཉི་ཤུ་པ་སློབ་དཔོན་བཤད་མ་ཐག་པས་འགྱུར།(གོང་གསལ་གཉིས་བོད་མ་མེད་གསུངས།) ནོར་བུ་རྒྱས་པ་གཞལ་མེད་ཁང་ཆེན་པོ་རབ་ཏུ་གནས་པ་གསང་བའི་མཛོད་ཞེས་བྱ་བའི་གཟུངས་བམ་པོ་གསུམ་པ་བོ་དྷི་རུ་ཙིས་འགྱུར། དེ་བཞིན་གཤེགས་པ་ལྔའི་གཙུག་ཏོར་འཁོར་ལོས་བསྒྱུར་པ་ཡི་གེ་གཅིག་པ་ཞེས་བྱ་བའི་གཟུངས་བམ་པོ་ལྔ་པ་པཎྜི་ཏ་བཤད་མ་ཐག་པས་འགྱུར། གཟུངས་སྔགས་ཐམས་ཅད་ཀྱི་འཇུག་སྡུད་ཡི་གེ་གཅིག་མ་བམ་གང་རཏྣ་མ་ཏིས་འགྱུར། (གོང་གསལ་གཉིས་བོད་མ་མེད་གསུངས།) བཅོམ་ལྡན་འདས་ཀྱི་གཙུག་ཏོར་ཆེན་པོ་དེ་བཞིན་གཤེགས་པའི་གསང་བ་གྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ་བྱུང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་བསྡུས་པ་དཔའ་བར་འགྲོ་བའི་མདོ་བམ་པོ་བཅུ་པ་ཧྭ་ཤང་ཧུ་ཝའི་ཏིས་རྒྱ་གར་གྱི་སློབ་དཔོན་གཅིག་དང་བཅས་རྒྱ་གར་ནག་གི་ས་མཚམས་ཀུའང་ཊེའུ་གི་གནས་སུ་འགྱུར་ཟེར་བ། (པཎྜི་ཏ་པྲཛྙཱས་འགྱུར་ཟེར་བའང་ཡོད་མོད་གྱིས། ནང་ནས་བདུད་ཀྱི་ལེའུ་ཁོལ་དུ་ཕྱུང་བ་བམ་པོ་གཉིས་ཙམ་བོད་ཀྱི་བཀའ་འགྱུར་ནའང་བཞུགས་ཡོད་ལ། ཀར་ཆག་སྔ་མ་གསུམ་ཀར་བཀར་འཆད་ཞེས་སྣང་ཡང་། ཀླུ་མེས་དབང་ཕྱུག་གྲགས་ཀྱིས་ཐེ་ཚོམ་གྱི་གཞིར་གསུངས་པ་དཔྱད་པས་བཀའ་བསྟན་མང་པོ་ནས་བསྡུས་ཤིང་བཅོས་ལྷད་ཞུགས་པ་ཞིག་ཏུ་གདའོ།།) རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པས་བྱིན་གྱིས་རློབ་པ་ཤིན་ཏུ་རྒྱས་པའི་མདོ་སྡེ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བམ་པོ་བདུན་པ་རྒྱ་གར་གྱི་པཎྜི་ཏ་སྡེ་སྣོད་གསུམ་པ་ཨུ་པ་ཀ་རས་འགྱུར།

༄༅། །འཕགས་པ་དཔུང་བཟང་གིས་ཞུས་པའི་རྒྱུད་བམ་པོ་གསུམ་པ་སློབ་དཔོན་བཤད་མ་ཐག་པས་འགྱུར། ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་སྒྲུབ་པའི་ཐབས་རིམ་པར་ཕྱེ་བ་ཞེས་བྱ་བ་བམ་གསུམ་སློབ་དཔོན་བཤད་མ་ཐག་པས་འགྱུར། མ་ལི་མནྡྲ་ཞེས་བྱ་བའི་གཟུངས། སངས་རྒྱས་བདུན་གྱི་བཤད་པའི་གཟུངས་སྔགས་བམ་བཞི་གཉིས་ཀ་འགྱུར་བྱང་མི་གསལ། དཔལ་གྱི་དོན་ཆེན་པོ་ཞེས་བྱ་བའི་གཟུངས་བམ་དོ།(གོང་གསལ་གསུམ་ཀའི་བོད་མ་མེད་གསུངས།) འཕགས་པ་འཇམ་དཔལ་གྱི་སྙིང་པོ་དཔའ་བོ་ཆེན་པོ་ཡི་གེ་བརྒྱད་པའམ་གཟུངས་རིན་པོ་ཆེ་གཏེར་མཛོད་ཡང་ཟེར་བ་བམ་གང་བོ་དྷི་རུ་ཙིས་འགྱུར། དེས་འགྱུར་བའི་རྫི་ཆར་དྲག་པོ་འདུལ་བ་རྡོ་རྗེ་འོད་འབར་ཞེས་བྱ་བའི་གཟུངས་བམ་གང་། ལྷ་སྲིན་སྡེ་བརྒྱད་དྲེགས་པའི་སྡེ་དཔོན་རྣམས་ཀྱིས་གདོང་གསོལ་དུ་འབུལ་བའི་གཟུངས་སྔགས་བམ་གང་། (གོང་གསལ་གཉིས་བོད་མ་མེད་གསུངས།)འཕགས་པ་འཆི་མེད་རྔ་སྒྲ་ཞེས་བྱ་བའི་གཟུངས། གཟུངས་སྔགས་ཀུན་ཏུ་བཟང་པོ། རིན་ཆེན་བདུན་ལྡན(གཉིས་བོད་མ་མེད་གསུངས།) ཁང་ཁྱིམ་བཀྲ་ཤིས་པ།(ཐེ་ཚོམ་གྱི་གཞི།) མ་ཎི་རཏྣ། སྒྱུ་མ་མཁན་བཟང་པོས་བཤད་པའི་སྔགས། བྱིས་པ་སྲུང་བ། སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ། སྡུག་བསྔལ་ཞི་བྱེད། མཚན་བརྒྱད་པ། ཡུལ་འཁོར་སྐྱོང་བ། སྒོ་དྲུག་པ། སྤྱན་རས་གཟིགས་ཀུན་ཏུ་བཟང་པོའི་གཟུངས། ཡེ་ཤེས་ཏ་ལ་ལ།

སངས་རྒྱས་ཐམས་ཅད་འདུས་པ། རིགས་སྔགས་ཀྱི་རྒྱལ་མོ་སོ་སོར་འབྲངས་མ། མཆོད་རྟེན་བྱེ་བར་འགྱུར་བ། ཁ་འབར་མའི་གཟུངས་གཉིས། བཀོད་པའི་རྒྱལ་པོ། སྤོས་ཀྱི་རྒྱལ་པོ། སྡིག་སྒྲིབ་སེལ་བ། ནམ་མཁའི་སྙིང་པོའི་གཟུངས། ཨ་ར་པ་ཙ་ནའི་རྟོག་པ། སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་གཟུངས། ཁྲོ་བོ་རྨེ་བ་བརྩེགས་པའི་རྒྱུད་བམ་གསུམ་ཨ་མོ་གྷས་འགྱུར། རྡོ་རྗེ་རྩེ་མོ་རྣལ་འབྱོར་ཡང་དག་པའི་ཚད་མ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་བམ་པོ་གསུམ་པ་ཨ་མོ་གྷས་འགྱུར། ཨ་རོ་ལི་ཀ་ཞེས་བྱ་བའི་གཟུངས། བྱང་ཆུབ་སྙིང་པོར་གསུངས་པའི་གཙུག་ཏོར་འཁོར་བསྒྱུར་ཡི་གེ་གཅིག་པ་བམ་པོ་ལྔ་པ།(གོང་གསལ་གཉིས་བོད་མ་ཡོད་གསུངས།) གསང་བ་རིང་བསྲེལ་ཟ་མ་ཏོག་བམ་གང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཚེ་སྲོག་ཅེས་བྱ་བའི་གཟུངས།(འདི་བོད་མ་མེད་གསུངས།) རིན་པོ་ཆེའི་ཆར་འབེབས་པའི་གཟུངས།(བོད་མ་ཡོད་གསུངས་པ་ནོར་རྒྱུན་མ་ཡིན་མིན་བརྟག།) ཡང་ནོར་བུ་རྒྱས་པ་གཞལ་མེད་ཁང་བམ་པོ་གསུམ་པ་འགྱུར་འདྲ་མིན་གཅིག །བྱང་ཆུབ་སྙིང་པོའི་རྒྱན་ནད་ཐམས་ཅད་སེལ་བ། མིག་ནད་སེལ་བ། དཀྱིལ་འཁོར་བརྒྱད་པ་འགྱུར་ཁྱད་གྱིས་གཉིས། ལོ་མ་གྱོན་མའི་གཟུངས། མེ་ཁ་ལའི་གཟུངས། ཡང་སྤྱན་རས་གཟིགས་ཀུན་ཏུ་བཟང་པོ། གཙུག་ཏོར་འཁོར་བསྒྱུར་ཡི་གེ་གཅིག་མ། འོད་ཟེར་ཀུན་ཏུ་སྣང་བ་དྲི་མེད་ཡིད་བཞིན་ནོར་བུའི་ཕྱག་རྒྱ་གཞན་

༄༅། །གྱིས་མི་ཐུབ་པའི་རིག་པའི་རྒྱལ་པོ་ཞེས་བྱ་བ་བམ་དོ། འཇམ་དཔལ་གཤིན་རྗེའི་རྟོག་པ་ལས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྙིང་པོ་ཁོལ་དུ་ཕྱུང་བ་བམ་གང་།(གོང་གསལ་གཉིས་བོད་མ་ཡོད་གསུངས།) དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་ལས་རྣམ་པར་སྣང་མཛད་དབང་བསྐུར་བའི་རྟོག་པ་ཟུར་དུ་བཀོལ་བ། རལ་པ་གཅིག་པའི་གཟུངས། ཕྲེང་བའི་བཤད་པ། གཙུག་ཏོར་འཁོར་ལོས་བསྒྱུར་བའི་རྒྱུད་བམ་པོ་གསུམ་པ། ལྷ་མོ་དཔལ་ཆེན་མོའི་མཚན་བརྒྱ་རྩ་བརྒྱད། ཡང་དེའི་མཚན་བཅུ་གཉིས་པ། རྣམ་སྲས་ཀྱི་རྟོག་པ་བམ་གང་རྣམས་སློབ་དཔོན་བཤད་མ་ཐག་པས་འགྱུར།(འདྲ་མིན་གྱི་གཅིག་ཤོས།) ཤིན་ཏུ་རྒྱས་པའི་མདོ་སྡེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཞེས་བྱ་བ(འཇམ་དཔལ་རྩ་བརྒྱུད)བམ་པོ་ཉི་ཤུ་པ་རྒྱ་གར་གྱི་པཎྜི་ཏ་དེ་ཝ་ཤཱནྟས་འགྱུར།(བོད་མའི་སྟོད་ཆ་ཙམ་འདུག) དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་གསང་ཆེན་གསང་བ་འདུས་པ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་ཆེན་པོ་བམ་པོ་བདུན་པ་རྒྱ་གར་གྱི་པཎྜི་ཏ་སྦྱིན་སྲུང་གིས་འགྱུར། མཆོག་ཏུ་བདེ་བ་ཆེན་པོ་གཞི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བམ་བདུན་པཎྜི་ཏ་ཆོས་བཟང་གིས་འགྱུར།(འདི་བོད་མ་མེད་གསུངས།) གཟུངས་རིན་པོ་ཆེའི་འོད་ཀྱི་སྣང་བ།(འདི་ཕལ་པོ་ཆེའི་ས་བཅུ་པའི་ལེའུ་དང་

གཅིག་གསུངས།)རྡོ་རྗེ་སྙིང་པོའི་རྒྱན་གྱིས་རྒྱུད་བམ་གསུམ་མ་སྦྱིན་སྲུང་གིས་འགྱུར། འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་བམ་པོ་གཉིས་པ་པཎྜི་ཏ་བཤད་མ་ཐག་པས་འགྱུར། ཡང་ཧྭ་ཤང་ཀིན་ཙུང་ཋེས་འགྱུར་པ་བམ་དངོས་གཅིག། འཕགས་པ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་རྟོག་པའི་རྒྱལ་པོ་ཆེན་པོ་བམ་དྲུག་པ་སློབ་དཔོན་སྦྱིན་སྲུང་གིས་འགྱུར། གསང་བའི་དམ་ཚིག་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བམ་པོ་བཞི་པ་སློབ་དཔོན་བཤད་མ་ཐག་པས་འགྱུར། རྣལ་འབྱོར་རྒྱུད་གྱི་རྒྱལ་པོ་ཆེན་པོ་བམ་པོ་ལྔ་པ་པཎྜི་ཏ་ཆོས་བཟང་གིས་འགྱུར། བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་བདུད་ཚར་གཅོད་པ་ཞེས་བྱ་བ་སྦྱིན་སྲུང་གིས་འགྱུར། རྡོ་རྗེ་རིན་པོ་ཆེའི་རྒྱལ་པོ་ཞེས་བྱ་བའི་རྒྱུད་དྷརྨདེ་ཝས་འགྱུར།(གོང་མ་གསུམ་གྱི་བོད་མ་ཡོད་གསུངས།) ཡང་དོན་ཡོད་ཞགས་པའི་གཟུངས་ཕྱོགས་གཅིག་པ། ལྷ་མོ་འོད་ཟེར་ཅན་གྱི་རྟོག་པ་ཆེ་ཆུང་གཉིས། ཐེག་པ་ཆེན་པོའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པའི་ཡུལ་ཞེས་བྱ་བ་བམ་པོ་གསུམ་པ་སྦྱིན་སྲུང་གིས་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་ཟབ་པ་གསང་བའི་རྒྱལ་པོ་ངོ་མཚར་རྨད་དུ་བྱུང་བའི་དཀྱིལ་འཁོར་ཞེས་བྱ་བ་བམ་པོ་ལྔ་པ་པཎྜི་ཏ་དེ་ཝ་ཤནྟས་འགྱུར།(གོང་གསལ་གཉིས་བོད་མ་མེད་གསུངས།)ཕྱག་རྡོར་འབྱུང་འདུལ་གྱི་རྒྱུད་བམ་པོ་གསུམ་པ་པཎྜི་ཏ་ཆོས་བཟང་གིས་འགྱུར། །

༄༅། །འཇམ་དཔལ་གསང་བའི་རྒྱུད་རྣམ་པར་རྒྱལ་བའི་བརྟག་པའི་རྒྱལ་པོ་ཞེས་བྱ་བ་བམ་གསུམ་མ་སློབ་དཔོན་བཤད་མ་ཐག་པས་འགྱུར། ཀུ་བེ་རའི་གསང་བའི་རྟོག་པ་བམ་གསུམ་པ་སློབ་དཔོན་གོང་གསལ་གྱིས་འགྱུར།(གཉིས་ཀ་བོད་མར་ཡོད་གསུངས།)བཀོད་པ་རིན་པོ་ཆེ་དབང་གི་རྒྱལ་པོ་བམ་བཞི་དེ་ཝ་ཤནྟས་འགྱུར། དཔུང་བཟང་གིས་ཞུས་པ་འགྱུར་གཞན་བམ་བཞི་པ། ཀུན་ཏུ་བཟང་པོའི་དཀྱིལ་འཁོར་བམ་གང་། པདྨའི་རྒྱན་ཆེན་པོའི་དཀྱིལ་འཁོར་སྡིག་པ་ཐམས་ཅད་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས་སྦྱིན་སྲུང་གིས་འགྱུར། སྲིའུ་གསོ་བའི་གཟུངས་བམ་གང་ཆོས་བཟང་གིས་འགྱུར། སྟོང་ཆེན་པོ་རབ་ཏུ་འཇོམས་པ། ཚེ་མདོ། (འགྱུར་ལེགས་སུ་སྣང་།) སྒྲོལ་མདོ། སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་གཉིས། སྤྱན་རས་གཟིགས་ཀྱི་མཚན་བརྒྱ་རྩ་བརྒྱད། ཁྲོ་གཉེར་ཅན་གྱི་མཚན་བརྒྱ་རྩ་བརྒྱད། ཡང་རྣམ་སྲས་ཀྱི་རྟོག་པ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་བལྟ་བ་ཞེས་བྱ་བ་བམ་པོ་གཉིས་པ་པཎྜི་ཏ་སྦྱིན་སྲུང་གིས་འགྱུར། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་བརྟག་པ་བམ་དོ་ཆོས་བཟང་གིས་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྱན་ལས་བྱུང་བ་རྣམ་པར་སྣང་བྱེད་ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ་ཞེས་བྱ་བའི་མདོ་བམ་པོ་གཉིས་པ་སྦྱིན་སྲུང་གིས་

རྒྱ་གར་ཡུལ་གྱི་ཆར་འགྱུར་བ། འཕགས་པ་རྒྱན་ཞེས་བྱ་བའི་གཟུངས་བམ་དོ་འགྱུར་གོང་འདྲ།(འདི་གཉིས་བོད་མ་མེད་གསུངས།)བསིལ་བའི་ཚལ་ཆེན་པོ་འགྱུར་ཁྱད་ཀྱིས་གཉིས། (བོད་མ་ཡོད་གསུངས་ཀྱང་གྲ་ལྔའི་ནང་མ་དང་མི་གཅིག་སྟེ་བེ་ཅོན་ཆེན་པོའི་གཟུངས་སུ་སྣང་།)གསེར་མདོག་ཅན་གྱི་གཟུངས། སྲུང་བ་ཆེན་པོ་ཞེས་བྱ་བའི་རིགས་སྔགས། ཀུན་ཏུ་བཟང་པོའི་གཟུངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཟ་མ་ཏོག་ཕྱག་རྒྱའི་སྙིང་པོ་ཞེས་བྱ་བ།(བོད་མ་མེད་གསུངས་ཀྱང་གསང་བ་རིང་བསྲེལ་ཟ་མ་ཏོག་དང་སྡུར་ནས་བལྟ་དགོས།)སངས་རྒྱས་བདུན་པ། འཇིག་རྟེན་འཛིན་ཞེས་བྱ་བའི་གཟུངས། གཙུག་ཏོར་འབར་བ་གཉིས། ཡིད་དུ་འོང་བའི་གཟུང། ཁང་བུ་བརྩེགས་པ་དམ་པའི་ཆོས་ཀྱི་བདུད་རྩིའི་རྔ་བོ་ཆེ་ཞེས་བྱ་བའི་གཟུངས། བདེ་བ་བཟང་པོའི་མདོ། འཕགས་པ་གཟུངས་ཀྱི་རྒྱལ་པོ་ཆེན་པོ། ཡང་ཡེ་ཤེས་ཏ་ལ་ལ། ཡང་མེ་ཏོག་གི་ཚོམ་བུ་གཉིས། བ་དན་གྱི་འཕྱང་འཕྲུལ། ཚེ་བསྲིང་ཡི་གེ་དྲུག་པ། སྟོང་འགྱུར། བློ་འཕེལ། ཀུ་ཊི་ར། སྡིག་སྒྲིབ་སྦྱོང་བ། མདོག་བཟང་། ཙན་དན་གྱི་དྲི། པཪྞ་ཤ་བ་རི། སྐྱེ་བ་དྲན་པ། བྱམས་པས་དམ་བཅས། ཚད་མེད་ལྔ་སྦྱོང་བ། ཕྱག་བཅོ་བརྒྱད་པ། ལཀྵའི་གཟུངས། ཉེས་སེལ། རིན་པོ་ཆེའི་འབྱུང་གནས། པདྨའི་སྤྱན། ཡང་གཙུག་གཏོར་རྣམ་རྒྱལ། རིག་པ་འཛིན་པའི་སྡེ་སྣོད་གཟུངས་ཆེན་བརྒྱད། (བོད་མ་མེད་གསུངས།)རྡོ་རྗེ་གནྡྷ་རི། བློ་གྲོས་མཆོག་

༄༅། །འཇིགས་པ་མི་མངའ་བ། གློག་སྲུང་བ། རིག་པའི་རྒྱལ་པོ་གཞན་གྱིས་མི་ཐུབ་པ། གཞན་གྱིས་མི་ཐུབ་པའི་གཟུངས། རྡོ་རྗེ་མེའི་གཟུངས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། འཇམ་དཔལ་གྱི་གཟུངས། ཚེ་དཔག་མེད་ཀྱི་གཟུངས། ཡང་སྐྱེ་བ་དྲན་པ། བྱམས་པའི་གཟུངས། ནམ་མཁའི་སྙིང་པོའི་གཟུངས། དཔལ་ཆེན་པོའི་གཟུངས། ནོར་བུ་བཟང་པོ་ཞེས་བྱ་བའི་གཟུངས། རྣམ་པར་རྒྱལ་བ། རིན་ཆེན་ཆར་འབེབས་དང་ཡུལ་སྲུང་འགྱུར་གཞན། ཚེ་སྤེལ་བ། འཕགས་པ་རྡོ་རྗེ་རི་རབ་ཆེན་པོའི་རྩེ་མོ་ཁང་པ་བརྩེགས་པའི་གཟུངས་སྦྱིན་སྲུང་གིས་འགྱུར། མི་འཇིགས་པ་སྦྱིན་པ། དེ་བཞིན་གཤེགས་པ་སྒྲོན་མེའི་འོད་ཀྱི་གཟུངས། སངས་རྒྱས་ཐམས་ཅད་ཀྱི་མཚན། གཟའ་ཡུམ། ཇག་རྐུན་མི་རྒོད་འཇོམས་པ། སྤྱན་རས་གཟིགས་ཀྱིས་ཡུམ། ཡང་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ། གདོན་ཐམས་ཅད་སེལ་བ། འཇམ་དཔལ་ཕྱག་སྟོང་ལ་ལྷུང་བཟེད་སྟོང་འཛིན་པ་ཞེས་བྱ་བའི་རྒྱུད་བམ་པོ་བཅུ་པ་ཨ་མོ་གྷ་བཛྲས་འགྱུར་ཟེར་བ།(འདི་བོད་མ་མེད་གསུངས་པ་ལས་དཔྱད་བྱར་མ་གསུངས་ཀྱང་ཐེ་ཚོམ་གྱི་གཞིར་འདུག)དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོའི་དམ་ཚིག་གི་ཚད་མ་དང་དཔང་པོར་གྱུར་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བམ་པོ་སུམ་ཅུ་པ་པཎྜི་ཏ་སྦྱིན་སྲུང་གིས་འགྱུར། དེ་བཞིན་གཤེགས་པའི་

གསང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་བམ་པོ་ཉི་ཤུ་པ་ལོ་ཙྭ་བ་ཝེའི་ཀྱུང་སོགས་ཀྱིས་འགྱུར།(འདི་དཀོན་བརྩེགས་ཀྱི་དུམ་བུ་གསུམ་པ་དང་དོན་གཅིག་ཀྱང་དེ་ལ་ལེ་གྲངས་དང་སྔགས་མེད་ཅིང་བསྡུས་པ་ཞིག་ལ། འདི་ལ་ལེ་གྲངས་དང་སྔགས་ཡོད་ཅིང་རྒྱས་པ་ཞིག་ཏུ་སྣང་གསུངས།) གཟུངས་རིན་པོ་ཆེའི་གཏེར་མཛོད། མཆོག་ཏུ་རྣམ་པར་རྒྱལ་བ་རིག་པའི་རྒྱལ་པོ། རྡོ་རྗེ་རི་རབ་ཁང་པ་བརྩེགས་པའི་རྣལ་འབྱོར།(གོང་གསལ་བཞི་ཀ་བོད་མ་མེད་གསུངས་ཀྱང་། གཉིས་པ་ནི་འཇམ་དཔལ་རྩ་རྒྱུད་ནས་ཕྱུང་བའི་ཡི་གེ་བརྒྱད་པ་ཡིན་མིན་བརྟག) གདུགས་དཀར། གཙུག་ཏོར་ཆེན་མོ། སོ་སོར་འབྲངས་མ། རབ་ཏུ་འཇིག་བྱེད། འཇམ་དཔལ་ཀྱིས་ཆོས་ཀྱི་སྐུ་ལ་བསྟོད་པ། རྡོ་རྗེ་རྩེ་མོ། རྣམ་འབྱོར་གྱི་དོན་བཤད་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བམ་པོ་གཉིས་པ་ཨ་མོ་གྷས་འགྱུར།(འདི་བོད་མ་མེད་གསུངས་ཀྱང་བཤད་རྒྱུད་རྡོ་རྗེ་རྩེ་མོ་ལ་སོགས་པ་དང་སྡུར་ནས་བལྟ་དགོས།)འཕགས་པ་འཇམ་དཔལ་གྱི་མཉམ་པ་ཉིད་དུ་བསྒོམ་པའི་སྒོ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་མ་ག་དྷའི་པཎྜི་ཏ་བྱམས་བཟང་གིས་འགྱུར།(འདི་བོད་མ་མེད་གསུངས་པ་ཙམ་ལས་དཔྱད་བྱའི་གསལ་ཁ་མེད་མོད། བར་སྐབས་རྣམས་སུ་སྐད་གཉིས་ཤན་སྦྱར་འགའ་ཞིག་འདུག །རྒྱུད་ཡང་དག་པ་ཡིན་ན་ནི་ཆོས་དབྱིངས་གསུངས་གི་དབང་ཕྱུག་གི་སྐོར་ཡིན་ནམ། གང་ལྟར་ལྷད་ཅན་ཞིག་ཏུ་འདུག) རྒྱལ་ཁམས་སྲུང་བ་ཞེས་བྱ་བའི་གཟུངས་བམ་པོ་བཅུ་པ་ཁ་ཆེའི་པཎྜི་ཏ་པྲཛྙཱས་འགྱུར།(བོད་མ་མེད་གསུངས། འདི་ཡན་རྩ་བར་གྱུར་པའི་རྒྱུད་གཙོ་བོར་བྱས་པའི་སྐོར་ཡིན་ལ། འཕྲོས་པ་དང་ཆོ་ག་ལ་སོགས་པ་གཙོ་བོར་བྱས་པའི་སྐོར་ནི།) རྡོ་རྗེ་རྩེ་མོ་ལས་བྱུང་བའི་བསྒོམ་

༄༅། །ཁོག། གཙོ་བོའི་བསམ་གཏན། མི་གཡོ་བ། །འཇམ་དཔལ། འོད་དཔག་མེད་རྣམས་ཀྱི་སྒྲུབ་ཐབས། ཤེར་ཕྱིན་གྱི་མན་ངག། རབ་བྱེད་རྣམ་བཞག། ཏནྡྲ་སྡེ་བཅོ་བརྒྱད(ཡོ་ག་སྡེ་བཅོ་བརྒྱད་ཟེར།)ཀྱི་སྡོམས་པདྨའི་རིགས་ཀྱི་སྒྲུབ་དཀྱིལ་བསྒོམ་བཟླས་བྱེད་ཚུལ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་རྣལ་འབྱོར་གྱི་རིམ་པ། ཀུན་ཏུ་བཟང་པོའི་སྒྲུབ་ཐབས། རྡོ་རྗེ་སེམས་དཔའི་སྒྲུབ་དཀྱིལ། གཙུག་ཏོར་འཁོར་བསྒྱུར་གྱི་སྒྲུབ་ཐབས། སྦྱིན་སྲེག་གི་ཆོ་ག། ཡང་ཁོལ་ཕྱུང་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། ཁམས་གསུམ་རྣམ་རྒྱལ་གྱི་རྟོག་པ་ལས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཁོལ་དུ་ཕྱུང་བ། ཡང་ཀུན་ཏུ་བཟང་པོའི་སྒྲུབ་ཐབས། ཡི་གེའི་ཕྱི་མོའི་འགྲེལ་པ། འཇིག་རྟེན་གསུམ་རྒྱལ་གྱི་སྒྲུབ་པའི་ཐབས་ཟབ་མོ། ཡང་ཤེར་ཕྱིན་གྱི་མན་ངག། ཡང་འོད་དཔག་མེད་ཀྱི་སྒྲུབ་ཐབས། འཇམ་དཔལ་དབྱངས་ཀྱི་སྒྲུབ་དཀྱིལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་མཆོད་པ་དང་བཤགས་པའི་རིམ་པ། བཅུ་གཅིག་ཞལ་གྱི་སྒྲུབ་དཀྱིལ། དམ་ཚིག་གསུམ་བཀོད་ལས་ཕོ་ཉ་མི་གཡོ་བའི་སྒྲུབ་ཐབས། སྤྲིན་ཆེན་པོའི་ཆར་འབེབས་ཀྱི་ཆོ་ག །བྱང་ཆུབ་སེམས་ཀྱི་སྡོམ་པ་འབོག་པའི་ཆོ་ག།(གོང་མ་བཞི་ཀ་བོད་མར་ཡོད་གསུངས།) བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དེ་ཁོ་ན་ཉིད་ཀྱི་དམ་ཚིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཞེས་བྱ་བ་བམ་དོ།

ཚེ་དཔག་མེད་ཀྱི་སྒྲུབ་དཀྱིལ། ཀུན་བཟང་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། གཙུག་ཏོར་འཁོར་བསྒྱུར་ཡི་གེ་གཅིག་པའི་སྒྲུབ་ཐབས། ནམ་མཁའི་སྙིང་པོའི་སྒྲུབ་ཐབས། རྣམ་རྒྱལ་མའི་གཟུངས་ཆོག། མི་འཁྲུགས་པའི་སྒྲུབ་ཐབས། ཤེར་ཕྱིན་ཡུལ་འཁོར་སྐྱོང་གི་སྒྲུབ་ཐབས། པདྨའི་རིགས་ཀྱི་བསྒྲུབ་པའི་རབ་བྱེད། སྒྲོལ་མ། རྡོ་རྗེ་རྒྱལ་པོ། སྤྱན་རས་གཟིགས་ཡིད་བཞིན་ནོར་བུ་རྣམས་ཀྱི་སྒྲུབ་ཐབས། གཟུངས་སྤྱིའི་སྡོམས། བདུད་རྩི་འཁྱིལ་པའི་སྒྲུབ་དཀྱིལ། སྤྱན་རས་གཟིགས་ཀྱི་སྙིང་པོའི་སྒྲུབ་ཐབས། ཤེར་ཕྱིན་བརྒྱ་ལྔ་བཅུ་པའི་སྒྲུབ་ཐབས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་ཆོག་ཆེན་པོ་ཞེས་བྱ་བ་གཟུངས་རྡོ་རྗེ་ཚེ་སྲོག་གི་སྒྲུབ་ཐབས། བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། དམ་པའི་ཆོས་པདྨ་དཀར་པོའི་མན་ངག་རྫོགས་པར་བྱེད་པ་ཡེ་ཤེས་བསྒོམ་པའི་རྣམ་གཞག་བམ་གང་ཨ་མོ་གྷས་འགྱུར་ཟེར་བ།(ཐེ་ཚོམ།) འཕྲོག་མ་བུ་དང་བཅས་པའི་སྒྲུབ་ཐབས། འཕགས་པ་རྡོ་རྗེ་གཞོན་ནུའི་རྒྱུད་བམ་གསུམ།(ལེགས་གྲུབ་ལས་ཕྱུང་བ།) ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས། འཇམ་དཔལ་རྩ་རྒྱུད་ལས་ཁྱུང་གི་རྟོག་པ་ཁོལ་དུ་ཕྱུང་བ། སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་པདྨའི་རིགས་རང་སྐད་གྱི་བསྒོམ་བཟླས་བྱ་ཚུལ། ཡི་གེ་ལྔ་པའི་ཆེད་དུ་བརྗོད་པ། ཕྱག་རྡོར་དབང་བསྐུར་གྱི་རྒྱུད་ལས་མི་གཡོ་བའི་སྒྲུབ་ཐབས། སྤྱན་རས་གཟིགས་ཡིད་བཞིན་

༄༅། །འཁོར་ལོའི་སྒྲུབ་ཐབས། ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། གཙུག་ཏོར་འཁོར་བསྒྱུར་གྱི་སྒྲུབ་ཐབས་བསྡུས་པ། རྨ་བྱ་ཆེན་མོའི་སྐུ་ཐང་དང་དཀྱིལ་འཁོར་གཞེངས་ཆོག །ཚོགས་བདག་ཡབ་ཡུམ་ཞལ་སྦྱོར་གྱི་སྒྲུབ་ཐབས། ཤེར་ཕྱིན་ཡུལ(ཤེར་ཕྱིན་ཡུལ་འཁོར་སྐྱོང་བ་དཔྱད་བྱར་གཞེད་ཀྱང་སྐབས་འགའ་ཞིག་ཏུ་ཚད་ལྡན་འདྲ་མོར་བྱུང་བ། ཤེར་ཕྱིན་སྒོ་ཉེར་ལྔ་པ་ལྟ་བུའི་སྟེང་དུ་བསྣན་བཟོ་བྱས་པ་ཞིག་ཡིན་ནམ་སྙམ་མོ།།) སྐྱོང་གི་ཊིཀྐ་རྣམས་བསྒོམ་ཁོག་ནས་བཟུང་པཎྜི་ཏ་ཡེ་ཤེས་རྡོ་རྗེ་དང་དོན་ཡོད་རྡོ་རྗེ་ཡབ་སྲས་ཀྱི་འགྱུར་ཤ་སྟག་ཡིན་ཅིང་ཕལ་ཆེར་རྒྱུད་ལས་ཕྱུང་བས་སམ་མཛད་བྱང་མི་གསལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གཟུགས་བཞུགས་སུ་གསོལ་བའི་ཆོ་ག(བོད་མ་ཡོད་གསུངས་པ་རབ་གནས་ཀྱི་རྒྱུད་ཡིན་མིན་བརྟག) ཛམྦྷ་ལའི་གཟུངས་ཆོག་བམ་དོ་དྷརྨ་དེ་ཝས་འགྱུར། དེའི་དཀྱིལ་ཆོག་བམ་དོ་སློབ་དཔོན་བཤད་མ་ཐག་པས་འགྱུར།(བོད་མ་ཡོད་གསུངས་ཏེ་སྔ་མ་ཆུ་དབང་བདེ་བྱེད་ཡིན་མིན་བརྟག) རྡོ་རྗེ་གནྡྷ་རིའི་སྒྲུབ་ཆོག། ཚོགས་བདག་གི་སྒྲུབ་ཆོག་ཆེན་མོ། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཁྲོ་བོ་བཅུའི་རྟོག་པ་ཟུར་དུ་བཀོལ་བ། བསྐུལ་བྱེད་མའི་སྒྲུབ་ཆོག་ཆེན་མོ་བམ་པོ་བཞི་པ་ཆོས་བཟང་གིས་འགྱུར། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་དྲུག་པ་ཞེས་བྱ་བ་བམ་པོ་གཅིག་པ་པཎྜི་ཏ་བཤད་མ་ཐག་པས་འགྱུར། (སྔགས་བཏུའི་རྟོག་པ་མི་སྣང་། གཞན་བོད་ཀྱི་རྟོག་

བདུན་དང་མཐུན་ཞིང་ཚིགས་ལྷུགས་སུ་སྣང་ལ། ཞལ་གྱི་བཀོད་པ་ནི་ར་པའི་ལུགས་དང་མི་འདྲ་བར་རྗེ་བླ་མའི་གཞེད་ཚུལ་དང་ཤིན་ཏུ་ཡང་མཐུན།)དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་རྣལ་འབྱོར་གྱི་རྒྱུད་ཆེན་པོ་ལས་སྤྱན་རས་གཟིགས་བསྒོམ་པའི་རྟོག་པ། རྣམ་རྒྱལ་མའི་གཟུངས་ཆོག་ཆེན་མོ། ཤེར་ཕྱིན་ཡུལ་སྐྱོང་གི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོའི་སྙིང་པོའི་སྒྲུབ་ཐབས་མདོར་བསྡུས། ཡང་སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས། སྦྱིན་སྲེག་མདོར་བསྡུས། ཤེར་ཕྱིན་ཡུལ་སྐྱོང་གི་སྒྲུབ་དཀྱིལ་རྒྱས་པ། ཁྲོ་བོ་རྨེ་བརྩེགས་ཀྱི་སྒྲུབ་ཐབས་ཆེན་མོ། དབང་ཕྱུག་ཆེན་པོས་བཤད་པའི་ཨ་བྷི་ཤའི་མན་ངག།(བོད་མ་ཡོད་གསུངས།) ཉི་མའི་མདོ་ཆེན་པོ་ལས་མདོར་བསྡུས་པ་སྒྲུབ་པའི་ཐབས་ཀྱི་རིམ་པ། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རྣམ་པར་འཕྲུལ་པས་བྱིན་གྱིས་རླབས་པའི་དོན་མདོར་བསྡུས་པ་ཡན་ལག་བདུན་པས་སྒྲུབ་པའི་རིམ་པ། འཇམ་དཔལ་གྱི་སྙིང་པོ་ཡི་གེ་ལྔ་པ་སྒྲུབ་པའི་རྣལ་འབྱོར། ལྷའི་དབང་པོ་སྒྲུབ་པའི་རིམ་པ། ཐམས་ཅད་གསང་བ་རྒྱུད་ཀྱི་རྒྱལ་པོའི་དཀྱིལ་ཆོག(གོང་གསལ་ལྔ་ཀའི་བོད་མ་མེད་གསུངས།) དཔལ་སྒྱུ་མ་ཆེན་པོ་ཡོངས་སུ་རྫོགས་པའི་བརྟག་པ་ལེའུ་སུམ་ཅུ་རྩ་གཅིག་པ་ལས་བདག་མེད་པའི་ལེའུ་ཁོལ་དུ་ཕྱུང་བ་དགྱེས་པ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བརྟག་པ་གཉིས་པ་ཞེས་བྱ་བ་བམ་ལྔ་རྒྱ་གར་གྱི་པཎྜི་ཏ་དྷརྨ་རཀྵི་ཏས་འགྱུར། ལེགས་གྲུབ་གྱི་རྒྱུད་ལས་

༄༅། །ཕྱུང་བ་མཆོད་པའི་རིམ་པ་བམ་གསུམ་མ། ཀུན་བཟང་སྨོན་ལམ་གྱི་བསྔགས་བསྟོད། འདུས་པ་ཆེན་པོ་སྟོང་ཕྲག་བརྒྱ་པ་ལས་སའི་སྙིང་པོས་ཞུས་པའི་ཆོས་ཀྱི་སྐུའི་བསྟོད་པ་བམ་གང་ཨ་མོ་གྷས་འགྱུར། གཙུག་ཏོར་འཁོར་བསྒྱུར་གྱི་མཚན་བརྒྱ་རྩ་བརྒྱད་སྦྱིན་སྲུང་གིས་འགྱུར། འཕགས་པ་ཕྱག་ན་རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད་བམ་པོ་གཅིག་པ་རྒྱ་གར་གྱི་པཎྜི་ཏ་ཆོས་ཀྱི་བཟང་པོས་འགྱུར་རྣམས་བཞུགས།(མཁས་པ་དང་གྲུབ་པ་དག་གི་བསྒྲིགས་པའི་བསྟན་ཆོས་འགའ་ཡོད་ཀྱང་སྔ་རབས་པ་རྣམས་ཀྱིས་ཕྱོགས་གཅིག་ཏུ་བྱས་པའི་རྗེས་སུ་འབྲང་བ་ཡིན་གསུངས་སོ།།)
