རྒྱ་ནག་ཆོས་འབྱུང་།
ཐེག་ཆུང་གི་མདོ་སྡེའི་སྐོར།
(ཐེག་ཆུང་གི་མདོ་སྡེའི་སྐོར།)
༈ ས་བཅད་དང་པོའི་གཉིས་པ་ཐེག་ཆུང་གི་མདོ་སྡེ་ནི། མདོ་སྡེ་ལུང་རིང་མོ་བམ་པོ་ཉི་ཤུ་རྩ་གཉིས་པ་ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྡྷ་ཡེ་ཤེས་དང་སངས་རྒྱས་དྲན་གྱིས་འགྱུར། ལུང་བར་མ་བམ་པོ་དྲུག་ཅུ་པ་ཁ་ཆེའི་པཎྜི་ཏ་གོོ་ཏི་སངྒྷ་དེ་ཝས་འགྱུར། ལུང་གཅིག་ལས་འཕྲོས་པ་བམ་པོ་ལྔ་བཅུ་པ་པཎྜི་ཏ་བཤད་མ་ཐག་པས་འགྱུར། ཡང་དག་པར་ལྡན་པའི་ལུང་བམ་པོ་ལྔ་བཅུ་པ་པཎྜི་ཏ་གུ་ཎ་བྷ་ཏྲས་འགྱུར། ཡང་འགྱུར་གཞན་བམ་པོ་ཉི་ཤུ་པ་གཅིག །མྱ་ངན་ལས་འདས་པའི་མདོ་དང་ཚངས་པའི་དྲ་བ་ལ་སོགས་པ་ལུང་རིང་མོའི་ལེ་ཕྲན་ཁོལ་དུ་ཕྱུང་བའི་ལྟ་བ་འགྱུར་བམ་པོ་བཞི་ཅུ་ཞེ་གཉིས་པ། ཤེས་པ་བདུན་བསྟན་པ། བདེན་པ་བཞིའི་མདོ་ལ་སོགས་པས་ལུང་བར་མ་ལས་བྱུང་བ་བམ་པོ་ལྔ་བཅུ་རྩ་གསུམ། ཚུལ་ཁྲིམས་
ཀྱི་དྲི་ངད་དང་ལུང་འཕྲོས་མ་ལས་ཕྱུང་བ་བམ་པོ་ཉི་ཤུ་རྩ་བཞི། ཆོས་ཀྱི་འཁོར་ལོའི་མདོ་ལ་སོགས་པ་ལྡན་ལུང་ཕྲན་ཚེགས་ནས་ཕྱུང་བ་བམ་པོ་བཅོ་ལྔ། ཏིང་ངེ་འཛིན་གྱི་སྐྱོན་སེལ་བམ་གང་ཁྱིམ་བདག་ཀྱུས་ཁྲུས་གིས་འགྱུར་ཟེར་བ། (དཔྱད་བྱ།) སྟག་སྣའི་རྟོགས་བརྗོད་འགྱུར་མི་འདྲ་བ་བཞི། (སེང་གེའི་སྣ་ཞེས་ཀྱང་སྣང་།)མོོ་གལ་གྱི་མདོ་འགྱུར་འདྲ་མིན་གསུམ། ཀུན་དགའ་བོས་དྲིས་པ་གསུམ། མ་ལྔའི་མདོ་གཉིས། ཨ་སུ་ཏ་མོའི་མདོ། མངོན་པར་འབྱུང་བའི་མདོ་གསུམ། ཆོས་ཀྱི་རྒྱ་མཚོ་གཉིས་རབ་བྱེད་ཞེ་གཉིས་པ་བམ་པོ་གཅིག་དགྲ་བཅོམ་པ་ཀ་ཤྱས་མ་ཏང་གིས་འགྱུར་སྟེ་རྒྱ་ནག་ཏུ་བྱུང་བའི་དམ་པའི་ཆོས་ཀྱི་དབུ་ཡིན་ནོ། །འཚོ་བྱེད་གཞོན་ནུའི་སྔོན་གྱི་སྦྱོར་བ། འཁོར་བའི་སྡུག་བསྔལ་གྱི་རྒྱུ་བསྟན་པ། ཀླུའི་རྒྱལ་པོ་ཕུ་ནུ་འདུལ་བའི་མདོ། (བོད་མ་མེད་གསུངས་ཀྱང་དགའ་བོ་དང་ཉེ་དགའ་འདུལ་བ་ཡིན་ནམ་བརྟག) ཁྱིམ་བདག་དབྱངས་སྐྱིད་ཀྱི་མདོ་བསམ་གཏན་གྱི་གནད་བསྡུས་པ་ཞེས་བྱ་བ་མི་སྡུག་པ་དང་ཀེང་རུས་ལ་སོགས་པ་བསྒོམ་པའི་མདོ་བམ་པོ་གསུམ་པ་ཀུ་མཱ་རས་འགྱུར། བུ་མོ་བདུན་གྱི་རྟོགས་བརྗོད། སློབ་དཔོན་བརྒྱད་ཀྱི་མདོ། ཁྱིམ་བདག་ཐར་པའི་སྐྱེ་བ་བསྟན་པ། འདོད་པའི་ཉེས་དམིགས་བསྟན་པ། མ་སྐྱེས་དགྲས་དྲིས་པ། སྡུག་བསྔལ་ལྔའི་མདོ། (དཔྱད་བྱ།)བློ་གྲོས་བསྟན་པའི་མདོ། རྒྱལ་པོ་ཟས་གཙང་གཤེགས་པའི་མདོ། སློབ་གཉེར་གྱི་

༄༅། །དགོས་པ་བསྟན་པ། མཁར་བསིལ་འཆང་བའི་མདོ། དབུལ་བ་རྒས་ཁོགས་ཀྱི་མདོ། མ་ག་དྷ་བཟང་མོའི་རྟོགས་བརྗོད། གསལ་རྒྱལ་རབ་ཏུ་བྱུང་བ། འཕགས་སྐྱེས་པོའི་མདོ། ལས་འབྲས་ལེ་ཕྲན་ལྔ་བཅུ་རྩ་ལྔ་པ་བམ་ལྔ། ཡང་ལེ་ཕྲན་བཅུ་དྲུག་པ་བམ་དོ། དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་བམ་པོ་བདུན་ཅུ་པ་བོ་དྷི་རུ་ཙིས་འགྱུར། མངོན་པར་འབྱུང་བའི་མདོ་ཆེན་པོ་བམ་པོ་དྲུག་ཅུ་པ་པཎྜི་ཏ་ཛྙཱ་ན་གུཔྟས་འགྱུར། ཆོས་ཀྱི་སྒོའི་མདོ་བམ་བདུན། བཅོམ་ལྡན་འདས་ཀྱི་ལས་ལྷག་བཅུ་བསྟན་པ། རྒྱུ་འབྲས་ཀྱི་རྣམ་དབྱེ། རླུང་འདུལ་ཞིང་སེམས་བཟུང་བའི་རིམ་པ། ཁམས་མང་པོའི་མདོ། གནས་སོ་སོའི་མདོ། སེམས་འདུལ་བའི་མདོ། རྒྱུ་འབྲས་བསྟན་པ། རབ་ཏུ་བྱུང་བའི་མདོ། དྲང་སེམས་བསྟན་པ། དམྱལ་བའི་མདོ། ལས་ཀྱི་སྒྲིབ་པ་བསྟན་པ། ཏིང་ངེ་འཛིན་གྱི་མདོ། ཁྱིམ་བདག་གི་བུ་ཁྱུང་དུ་སྐྱེས་པའི་སྦྱོར་བ་བསྟན་པ། ཡུལ་གནྡྷའི་མདོ། ཁྱིམ་བདག་བློ་གྲོས་བཟང་པོའི་མདོ། ཀུན་དགའ་བོའི་ཆོས་བཞི། མ་སྐྱེས་དགྲའི་མདོ། བྲམ་ཟེ་ནག་པོའི་མདོ། ཁྱི་མྱོན་གྱི་མདོ། (དཔྱད་བྱ།)དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་སྨིན་བསྟན་པ། བསྙེན་གནས་ལན་ལག་བརྒྱད་པའི་མདོ། སྦྱིན་པའི་ཕན་ཡན། སྲིད་ཞུའི་མདོ། དགྲ་བཅོམ་པ་ལྔ་བརྒྱས་རང་རང་གི་སྔོན་ལས་བསྟན་པའི་མདོ་བམ་གང་དྷརྨ་རཀྵི་ཏས་

འགྱུར། (བོད་མ་མེད་གསུངས་ཀྱང་ལས་ཀྱི་རྒྱུ་བ་ལུང་བསྟན་པའི་མདོ་དང་བསྡུར་དགོས།)འོད་སྲུང་ཆེན་པོའི་མདོ། ནོངས་པ་བཞི་བསྟན་པ། བཟོད་པའི་ཕན་ཡོན། གསར་བུ་བ་རྣམས་ལ་གདམས་པ། དགེ་སློང་ཤ་ཀས་ཀླུ་འདུལ་བའི་མདོ། དུས་དང་དུས་མིན་བསྟན་པ། རང་ལ་ཕན་པ་བསྟན་པ། འཛངས་སེམས་ཀྱིས་དྲིས་པ། ཉའི་དཔེའི་མདོ། ཀུན་དགའ་བོའི་རྨི་ལམ་བདུན་གྱི་མདོ། དགེ་བ་བྱས་པ་བསྒྲགས་མི་འོས་པར་བསྟན་པ། མར་མེའི་དཔེའི་མདོ། སྨྱོན་མའི་མདོ། རྒྱལ་ཆེན་བཞིའི་མདོ། ལེའུ་བཅུ་གཉིས་པ། འོད་སྲུང་གིས་སྤྲང་མོ་འདུལ་བའི་མདོ། དགེ་སྡིག་གི་རྣམ་སྨིན་བསྟན་པ། མི་ལྔའི་མདོ། སངས་རྒྱས་ཆེ་དང་དགེ་འདུན་ཆེའི་མདོ། བྲམ་ཟེ་ཤེ་ཁི་འདུལ་བའི་མདོ། རྡོ་འཕང་པའི་མདོ། མ་དྷའི་རྒྱལ་པོ་འདུལ་བ། ཙཎྜ་ལི་བའི་མདོ། འཇིགས་པ་ལྔའི་མདོ། སློབ་མ་ཤི་ལོག་གི་མདོ། (དཔྱད་བྱ།)ཞིང་པ་ལེ་ལོ་ཅན་གྱི་མདོ། ཁྱེའུ་སྤོབས་པའི་བློས་ཞུས་པ། དགེ་བསྙེན་མ་དྲི་མེད་ཀྱི་མདོ། ཆོས་སྨྲ་བའི་ཕན་ཡོན་ལྔ་བསྟན་པ། ལྷ་ཡིས་ཞུས་པ། དགེ་འདུན་སྲུང་གི་མདོ། དག་པ་སྲུང་བའི་མདོ། ལུང་ཐང་གི་མདོ་ཞེས་བྱ་བ་དཀོན་མཆོག་གསུམ་གྱི་མཚན་གཟུང་བའི་ཕན་ཡོན། མཆོག་གསུམ་གྱི་མདོ། ཁྱིམ་བདག་སེར་སྣ་ཅན་ལུ་ཊིའི་མདོ། རྒྱལ་པོའི་ལྔའི་མདོ། རབ་ཏུ་བྱུང་བའི་ཕན་ཡོན་བསྟན་པ། ཙནྡན་ལྗོན་པའི་མདོ། རྨོངས་པ་དག་གིས་སྦྱིན་འབྲས་མི་ཤེས་ཚུལ་

༄༅། །བསྟན་པ། ཕུ་དྷ་རྒྱལ་པོ་འདུལ་བ། དེ་བཞིན་གཤེགས་པའི་གདུང་ལ་བྱ་བ་བྱས་ཚུལ། འཕྲོག་མ་འདུལ་བ། རྒྱལ་བུ་འདུལ་བ། ཕ་མའི་དྲིན་བསྟན་པ། བྲམ་ཟེའི་དྲིས་དོན་ཉེར་གཅིག་པ། ལོ་སར་གྱི་མདོ། གནག་ཁྱུའི་མདོ། དུས་མིན་འཆི་བ་དགུ་བསྟན་པ། བྱང་ཕྱོགས་སོ་བདུན་གྱི་མདོ། དགེ་སློང་ལྕེབས་པར་འདོད་པ་སྒྲོལ་བའི་མདོ། དགེ་སློང་མཉན་སྦྱིན་འདུལ་བ། ལུས་ལ་བལྟ་བ། མི་རྟག་པའི་མདོ། མི་ཁོམ་པ་བརྒྱད་ཀྱི་མདོ། ཀུན་ཏུ་རྒྱུ་བ་སེན་རིང་གིས་ཞུས་པའི་མདོ། དཔེ་སྣ་ཚོགས་ཀྱི་མདོ། བསླབ་པ་མདོར་བསྡུས། གཞང་འབྲུམ་སེལ་བ། སུ་མ་ཧ་ཏི་ཞེས་བྱ་བའི་མདོ་བམ་པོ་བཅུ་གསུམ་པ་ཆོས་བཟང་གིས་འགྱུར། ཆོས་ཀྱི་སྒོ་ཞེས་བྱ་བ་བམ་དོ། སྐྱེ་བའི་དོན་བསྟན་པ། རྒྱུ་འབྲས་ཀྱི་རྣམ་དབྱེ། དད་པའི་ཕན་ཡོན་བསྟན་པ། ཆེན་པོ་འདུས་པ། དོན་གཏན་ལ་ཕབ་པ། ཁྱིམ་བདག་སྦྱིན་འབྲས་ཀྱི་མདོ། རིམ་པ་བཞི་པའི་ཆོས་ཀྱི་སྒོ། དད་པས་གྲོལ་བ་ཡེ་ཤེས་ཀྱི་སྟོབས་ཞེས་བྱ་བ། ཡང་བཟང་མོའི་རྟོགས་བརྗོད། བསོད་ནམས་དང་བསོད་ནམས་མིན་པའི་དབྱེ་བ་བསྟན་པ། རྒྱལ་པོ་གསལ་རྒྱལ་གྱིས་ཞུས་པ། དགྲ་བཅོམ་པའི་ཡོན་ཏན་བསྟན་པ། སངས་རྒྱས་བདུན་གྱི་མདོ། ཁྱེའུ་གསེར་འོད་རྒྱལ་པོའི་རྟོགས་བརྗོད། གཟུགས་ཅན་སྙིང་པོའི་མདོ། སྐབས་དང་པོའི་མདོ་བམ་ཟུང་། སངས་རྒྱས་རྣམ་གཟིགས་

ཀྱི་མདོ་བམ་དོ། རྩོད་པའི་རྒྱུ་རྐྱེན་ཞི་བྱེད། དགེ་བསྙེན་བློ་གྲོས་རྣམ་དག་གིས་ཞུས་པ། བརྒྱ་བྱིན་གྱིས་ཞུས་པ། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། ཁྱེའུ་འོད་སྣང་གི་རྟོགས་བརྗོད་བམ་བཞི་པ། བྲམ་ཟེ་ནི་ཀུ་ཊའི་མདོ། རྒྱལ་པོ་དངོས་འགུག་འདུལ་བ། བྲམ་ཟེ་རབ་བརྟན་གྱི་སྔོན་གྱི་སྦྱོར་བ། རྒྱལ་པོ་དབང་བསྐུར་པའི་དཔེ། རྒྱལ་སྲིད་སྣ་བདུན་བསྟན་པ། གྲོག་མའི་དཔེའི་མདོ། ནགས་ཚལ་གྱི་ལྗོན་ཤིང་གི་མདོ། ཟླ་བའི་དཔེའི་མདོ། ཚུལ་ཁྲིམས་དྲི་ངད་ཀྱི་མདོ། མཁར་རྙིང་དཔེའི་མདོ། སྨན་པའི་དཔེའི་མདོ། རྟེན་འབྲེལ་བཅུ་གཉིས་ཀྱི་བརྟག་པ། (དཔྱད་བྱ།) ཡུལ་འཁོར་སྲུང་བའི་མདོ། ཚེ་ཚད་བསྟན་པ། མིའི་དྲང་སྲོང་གི་མདོ། དགའ་བའི་དབང་ཕྱུག་ལྷས་བསྟན་པའི་ཡན་ལག་གི་འཁོར་ལོ་ཞེས་བྱ་བ། དྲང་སྲོང་འདྲོ་བ་སྐྱོང་གིས་བཤད་པའི་བུད་མེད་ཀྱི་ནད་སེལ། སྤྱོད་པ་ཐམས་ཅད་འདུས་བྱས་ཞེས་བྱ་བ། ཉི་མ་བདུན་གྱིས་བསྐལ་པ་འཇིག་པ་བསྟན་པ། མི་བདེ་བ་སེལ་བ། གོས་དཀར་དང་གསེར་ཏོག་སྟེ་བྲམ་ཟེ་གཉིས་ཀྱི་རྟོགས་བརྗོད། སེམས་རྣམ་དག་གི་མདོ། སྟོང་པ་ཉིད་ཀྱི་མདོ། སྟོབས་བཅུ་པའི་མདོ། དགྲ་བཅོམ་པ་དཔའ་བོའི་མདོ། དགའ་བས་སྤྲུ་གཟིང་བྱེད་ཞེས་བྱ་པའི་མདོ་བམ་པོ་གསུམ་པ། ཁྱེའུ་གསེར་མདོག་གི་རྟོགས་བརྗོད་བམ་པོ་བཅུ་གཉིས་པ་ཧྭ་ཤང་ཝེའི་ཀྱིང་གིས་འགྱུར་རྣམས་བཞུགས། (འདིར་བཀོད་པའི་རྒྱ་ནག་གི་དཔེ་ཆའི་གླེགས་བམ་དང་བམ་པོ་གཉིས་དོན་གཅིག་ཅིང་། རྒྱ་གར་གྱི་བམ་པོ་

༄༅། །དང་འདྲ་བ་རྐྱང་པ་མིན་སྟེ་ཕལ་ཆེར་ཀུན་དགའ་ར་བར་བགྲམ་བདེ་ཁྱད་ཀྱིས་རྡོར་གཅོད་ལྟ་བུ་ལ་བམ་པོའི་ཐ་སྙད་དང་དེ་བཅུ་ལ་པོ་ཏི་གཅིག་ཏུ་བྱས་པ་སོགས་ཇི་ལྟར་འཚམ་བཞིན་བྱས་པར་སྣང་ལ། གོང་གསལ་བམ་གྲངས་མ་བཀོད་པ་རྣམས་བམ་པོ་གཅིག་པ་ཤ་སྟག་སྟེ་འོག་མ་རྣམས་ལའང་བསྒྲེའོ། །)
