རྒྱ་ནག་ཆོས་འབྱུང་།

ཐེག་ཆེན་གྱི་འདུལ་བའི་སྐོར།

上一章
下一章

(ཐེག་ཆེན་གྱི་འདུལ་བའི་སྐོར།)

༈ རྩ་བའི་ས་བཅད་གཉིས་པ་འདུལ་བའི་སྡེ་སྣོད་ལ་ཐེག་པ་ཆེ་ཆུང་གིས་དབྱེ་བས་གཉིས་ལས། སྔ་མ་ནི་བྱང་ཆུབ་སེམས་དཔའ་ས་འཛིན་གྱི་མདོ་བམ་པ་བཅུ་པ་དྷརྨ་དྷ་ནས་འགྱུར། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བསྟན་པ་ཞེས་བྱ་བ་བམ་པོ་དགུ་པ་ཁ་ཆེའི་པཎྜི་ཏ་གུ་ཎ་ཝརྨས་འགྱུར།(གོང་གསལ་གཉིས་བོད་མ་མེད་གསུངས།) སྡིག་སྒྲིབ་སྦྱོང་བ་ཞེས་བྱ་བའི་མདོ་བམ་གང་འགྱུར་བྱང་མི་གསལ།(བོད་མ་ཡོད་གསུངས།) དགེ་བསྙེན་གྱི་སྡོམ་པ་བམ་བདུན་མ་དྷརྨ་དྷ་ནས་འགྱུར། ཆོས་ཀྱི་རྒྱ་མོ་བམ་དོ་ཀུ་མཱ་རས་འགྱུར་ཟེར་བ། དགེ་བ་བཅུའི་ཁྲིམས་བམ་གང་འགྱུར་བྱུང་མི་གསལ། ཐེག་པ་ཆེན་པོའི་འདུལ་བ་བམ་པོ་གཅིག་པ་པཎྜི་ཏ་སྦྱིན་སྲུང་གིས་འགྱུར།(གོང་གསལ་བཞི་བོད་མ་མེད་གསུངས་ཀྱང་ཆོས་ཀྱི་རྒྱ་མོ་ཡོད་པ་མཐོང་།) བྱང་ཆུབ་སེམས་དཔའི་རྒྱན་ཞེས་བྱ་བ་བམ་ཟུང་པ་སངས་རྒྱས་དྲན་གྱིས་འགྱུར། སངས་རྒྱས་ཀྱི་མཛོད་བམ་པོ་བཞི་པ་ཀུ་མཱ་རས་འགྱུར།(གོང་གསལ་གཉིས་ནི་བོད་མ་ཡོད་གསུངས།) བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྩ་བ་འགྱུར་ཁྱད་ཀྱིས་གཉིས། བྱང་ཆུབ་སེམས་དཔའི་འདུལ་བའི་ལས་ཆོ་ག་ཥུའན་ཊུའན་ཧྥཱ་ཤིའི་འགྱུར། བྱང་སེམས་སྡོམ་པ་བསྟན་པ་གུ་ཎ་ཝརྨས་འགྱུར། མཆོད་སྦྱིན་རྣམ་པ་བརྒྱད་ཀྱི་ཕན་ཡོན་དྷརྨ་རཀྵི་ཏས་འགྱུར།

122b

བྱང་ཆུབ་སེམས་དཔའི་ནང་གི་ཚུལ་ཁྲིམས་གུ་ཎ་ཝརྨས་འགྱུར། དགེ་བསྙེན་གྱི་སྡོམ་པ་ལྔ་པ་སློབ་དཔོན་བཤད་མ་ཐག་པས་འགྱུར། (གོང་གསལ་དྲུག་གི་བོད་མ་མེད་གསུངས།) ཞི་འདུལ་དབྱངས་ཀྱིས་དྲིས་པའི་ཚུལ་ཁྲིམས་རྣམ་དག་གིས་མདོ་འགྱུར་འདྲ་མིན་གསུམ། བཤགས་པ་ཕུང་པོ་གསུམ་པ། (གོང་གསལ་གཉིས་བོད་མ་ཡོད་གསུངས།) ལྟུང་བཤགས་ཆོས་ལྔ་པ། བྱང་ཆུབ་སེམས་དཔའི་མཛོད། ཀུན་ཏུ་བཟང་པོའི་མདོ། བྱང་ཆུབ་སེམས་དཔའི་བསོད་སྙོམས། འཇམ་དཔལ་གྱི་ནོངས་བཤགས། ཤཱ་རིའི་བུའི་ནོངས་བཤགས། ཆོས་འདུལ་བའི་དམ་ཚིག། དགེ་བ་བཅུའི་ལམ་བསྟན་པ་བམ་གང་རྒྱ་གར་གྱི་པཎྜི་ཏ་ཤིཀྵ་ནནྡས་འགྱུར་རྣམས་བཞུགས།