རྒྱ་ནག་ཆོས་འབྱུང་།
ཐེག་ཆུང་གི་འདུལ་བའི་སྐོར།
(ཐེག་ཆུང་གི་འདུལ་བའི་སྐོར།)
༈ །ཕྱི་མ་ཐེག་ཆུང་གི་འདུལ་བ་ནི། ཕལ་ཆེན་སྡེའི་འདུལ་བ་བམ་པོ་བཞི་བཅུ་པ་རྒྱ་གར་གྱི་པཎི་ཏ་བུདྡྷ་བྷ་ཏྲ་དང་ལོ་ཙྭ་བ་ཧྥཱ་ཥིའན་གྱི་འགྱུར། (བོད་མ་ཡོད་གསུངས།) ཐམས་ཅད་ཡོད་སྨྲའི་འདུལ་བ་བམ་པོ་དྲུག་བཅུ་རེ་གཅིག་པ་པཎྜི་ཏ་བི་མ་ལ་ཀྵས་འགྱུར། (བོད་མ་ཡོད་ཀྱང་འདི་རྒྱས་པར་སྣང་གསུངས།) གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་བམ་པོ་ལྔ་བཅུ་རྩ་ལྔ་པ་ཧྭ་ཤང་ཨཱི་ཀྱིང་གིས་འགྱུར། ཡོད་སྨྲའི་འདུལ་བ་ལས་དགེ་སློང་མའི་རྣམ་འབྱེད་བམ་པོ་བཞི་བཅུ་པ་སློབ་དཔོན་བཤད་མ་ཐག་པས་འགྱུར། དེས་འགྱུར་བའི་ཕྲན་ཚེགས་ཀྱི་སྐོར་བམ་པོ་བཞི་བཅུ་པ། (གོང་གསལ་གསུམ་ཀ་བོད་མར་མེད་གསུངས།) ཡོད་སྨྲའི་སྡེ་བའི་གསོལ་
༄༅། །བ་དང་ལས་ལ་སོགས་པ་བམ་པོ་བཅུ་པ་སློབ་དཔོན་གོང་གསལ་གྱིས་འགྱུར། ས་སྟོན་གྱི་སྡེ་བའི་འདུལ་བ་བམ་པོ་སུམ་བཅུ་པ་ཁ་ཆེའི་པཎྜི་ཏ་བུདྡྷ་ཤྲཱིས་འགྱུར། ཆོས་སྲུང་སྡེ་བའི་འདུལ་བ་བམ་པོ་དྲུག་ཅུ་པ་པཎྜི་ཏ་སངས་རྒྱས་ཡེ་ཤེས་དང་སངས་རྒྱས་དྲན་གྱིས་འགྱུར། (གོང་གསལ་གསུམ་བོད་མ་ཡོད་ཀྱང་འདི་པ་རྒྱས་གསུངས།)ཕལ་ཆེན་སྡེ་བའི་དགེ་སློང་ཕ་མའི་སོ་ཐར་བམ་རེ། ཡོད་སྨྲ་བའི་དགེ་སློང་ཕ་མའི་སོ་ཐར་བམ་རེ། ཡང་བམ་རེ། ས་སྲུང་སྡེ་བའི་བམ་རེ། ཆོས་སྲུང་གི་སྡེ་བའི་བམ་རེ་དང་འགྱུར་གཞན་བམ་གང་། (གོང་གསལ་རྣམས་བོད་མ་དང་མཐུན་གསུངས།) འོད་སྲུང་གི་སྡེ་བའི་སོ་ཐར་བམ་གང་པྲ་ཛྙཱ་རུ་ཙིས་འགྱུར། (བོད་མ་མེད་གསུངས།)དགེ་ཚུལ་གྱི་སྡོམ་པ་དང་ཀུན་སྤྱོད་བསྟན་པ་འགྱུར་འདྲ་མིན་བཞི། (བོད་མ་མེད་གསུངས) ཤཱ་རིའི་བུས་ཞུས་པ། གཞི་ཐམས་ཅད་ཡོད་སྨྲའི་ལས་བརྒྱ་རྩ་གཅིག་པ། (བོད་མ་མེད་གསུངས།) དགེ་སྤྱོང་གི་ལས་བརྒྱ་རྩ་གཅིག་པ། ཡོད་སྨྲའི་སྡེ་བའི་དགེ་སློང་གི་བསླབ་བྱ་མདོར་བསྡུས་པ། ཉེ་བར་འཁོར་གྱིས་ཞུས་པ་བམ་གང་། (གོང་གསལ་གསུམ་བོད་མ་ཡོད་གསུངས།)ས་སྟོན་སྡེ་བའི་ལས་ཆོག། ཆོས་སྲུང་སྡེ་བའི་ལས་ཆོག། ཡང་འགྱུར་གཞན་གཅིག། དགེ་སློང་མའི་ལས་ཆོག (གོང་གསལ་བཞི་བོད་མ་མེད་གསུངས།) ཆོས་སྲུང་སྡེ་པའི་འདུལ་བ་ལས་འདུལ་འཛིན་དཱའུ་ཥའན་གྱིས་བསྒྲིགས་པའི་ལས་ཆོག་བམ་དོ། ཧྭ་ཤང་ཧུ་ཝའི་སུའི་བསྒྲིགས་པའི་ཕ་མའི་ལས་ཆོག་བམ་གསུམ་རེ། སྐྱེ་རྒུའི་བདག་

མོའི་དོན་དུ་ཞུས་པའི་མདོ། ཡང་དག་པ་དང་ལྟར་སྣང་གི་དགེ་སློང་བསྟན་པ། འཆལ་བའི་ཚུལ་ཁྲིམས་ཀྱི་རྣམ་སྨིན་བསྟན་པ། ཚུལ་ཁྲིམས་ཀྱིས་འཇིགས་པ་སེལ་བ་བསྟན་པ། དགེ་བསྙེན་གྱི་བསླབ་པ་ལྔའི་མདོ། (གོང་གསལ་ལྔ་བོད་མ་མེད་གསུངས།)ཡོད་སྨྲའི་འདུལ་བ་ཚིག་ལེའུར་བྱས་པ་བམ་ལྔ་རྒྱ་གར་གྱི་སློབ་དཔོན་བི་ཤ་ཁས་མཛད་ཅིང་ཨཱི་ཀྱིང་གིས་འགྱུར། དེས་འགྱུར་པའི་ཕྲན་ཚེགས་དང་གསོལ་བའི་ལས་སོགས་བམ་གང་རེ། (གསུམ་ཀ་བོད་མར་ཡོད་གསུངས།)དྲི་བ་ལྔ་བརྒྱ་པ་བམ་གང་འགྱུར་བྱང་མེད། (བོད་མ་མེད་གསུངས།)གཞི་ཐམས་ཅད་ཡོད་སྨྲའི་འདུལ་བའི་དོན་བསྡུས་བམ་པོ་ཉི་ཤུ་པ་འཕགས་ཡུལ་གྱི་སློབ་དཔོན་རྒྱལ་བའི་བཤེས་གཉེན་གྱིས་མཛད་པ་ཨི་ཀྱིང་གི་འགྱུར། འདུལ་བའི་ཉེར་མཁོ་བསྡུས་པ། (གཉིས་ཀ་བོད་མ་ཡོད་གསུངས།) འདུལ་བའི་ངོ་བོ་དང་ངེས་ཚིག་བསྟན་པ་བམ་པོ་བཅུ་པ་སངས་རྒྱས་དྲན་གྱིས་འགྱུར། བུདྡྷཱ་བྷི་དྷརྨ་བམ་དོ་རྒྱ་གར་གྱི་སློབ་དཔོན་དོན་དམ་པ་བས་འགྱུར། (མ་མོར་གཏོགས་པར་འདོད་པའང་ཡོད། བོད་མ་མེད་གསུངས།)འདུལ་བའི་གླེང་འབུལ་བམ་བརྒྱུད་འགྱུར་བྱུང་མི་གསལ། (མ་མོར་ཡང་འདོད།) དགེ་སྦྱོང་གི་ཀུན་སྤྱོད་སྟོང་ཕྲག་གསུམ་པ་ཞེས་བྱ་བ་བམ་པོ་གཉིས་པ་ལོ་ཆེན་ཨན་ཞི་ཀའུ་གིས་འགྱུར། སརྦཱ་སྟི་ཝ་ད་བི་བྷེ་ཥ་སྟེ་ཡོད་སྨྲའི་འདུལ་བའི་རབ་ཏུ་བྱེད་པ་ཞེས་བྱ་བ་བམ་པོ་དགུ་པ། འགྲེལ་པ་བམ་གང་། (གསུམ་ཀ་བོད་མ་མེད་གསུངས།)སྨན་གྱི་གཞི་དང་གསོ་སྦྱོང་གི་གཞི་བམ་པོ་ཉི་ཤུ་རེ། རབ་བྱུང་གི་གཞི། ཀོ་ལྤགས། དབྱར་གནས།

༄༅། །དགག་དབྱེ། །གོས་ཀྱི་གཞི་སོགས་ཁྱོན་བསྡོམས་བམ་པོ་བཅུ། དགེ་སྦྱོང་གི་ཆོས་བཅུ་པ། ལྔ་པ། མོའུ་དགལ་གྱི་བུས་དྲིས་པ། དགག་དབྱེ། དགེ་ཚུལ་གྱི་སྡོམ་པ་བཅུ་པ། སྦྱིན་པ་ལྔ་བསྟན་པ་རྣམས་བམ་རེ། (དྲུག་པོ་བོད་མ་མེད་གསུངས།)ལས་ཆོག་དང་བསླབ་བྱ་བམ་རེ་འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་པོ་ཆེས་བསྒྲིགས་པ་རྣམས་བཞུགས། (སྡེ་པའི་དབྱེ་བ་འདོད་ལུགས་ཁྱབ་ཆེ་བ་ནི། བུ་སྟོན་ཆོས་བྱུང་དུ། བྷ་བྱ་ན་རེ། རྩ་བ་ཕལ་ཆེན་དང་གནས་བརྟན་པ་གཉིས་ཡིན་ཟེར་རོ་ཞེས་པ་ལྟར་ལ། ཡོད་སྨྲ། ས་སྟོན། ཆོས་སྲུང་རྣམས་ཀྱི་རྩ་བ་གནས་བརྟན་སྡེ་ཡིན་པར་འདོད། རྒྱལ་བོ་ཀྲི་ཀྲིའི་རྨི་ལམ་འདྲེན་ལུགས་ཡོངས་གྲགས་ལྟར་ལ། སྟོན་པ་བཞུགས་པའི་དུས་སུ་རྒྱལ་པོ་གཟུགས་ཅན་སྙིང་པོས་གསེར་གྱི་ཕྱག་མཁར་དུམ་བུ་བཅོ་བརྒྱུད་དུ་ཆག་པ་རྨིས་ནས་ཐུགས་དོགས་ཟོས་ཏེ་སྟོན་པ་ལས་ཞུས་པས་མ་འོང་པ་ན་སྡེ་པ་བཅོ་བརྒྱད་དུ་འབྱེད་པའི་སྔ་ལྟས་སུ་ལུང་བསྟན་པའི་བརྗོད་བྱེད་ཞིག །སིངྒྷ་ལའི་གླིང་ནས་གདན་དྲངས་པའི་འདུལ་སྐོར་གྱི་བསྟན་བཅོས་ཞིག་ན་སྣང་ངོ་། །)
