རྒྱ་ནག་ཆོས་འབྱུང་།
ཐེག་ཆུང་གི་མངོན་པའི་སྐོར།
(ཐེག་ཆུང་གི་མངོན་པའི་སྐོར།)
༈ ཕྱི་མ་ཐེག་པ་འོག་མའི་མངོན་པ་ནི། འཕགས་པ་ཀ་ཏྱའི་བུས་མཛད་པའི་ཨ་བྷི་དྷརྨ་ཛྙཱ་ན་པྲ་སྠཱ་ན་སྟེ་ཆོས་མངོན་པ་ཡེ་ཤེས་ལ་འཇུག་པ་ཞེས་བྱ་བ་བམ་པོ་གསུམ་ཅུ་པ། ཁ་ཆེའི་པཎྜི་ཏ་སངྒྷ་དེ་ཝ་དང་སངས་རྒྱས་དྲན་གཉིས་ཀྱིས་འགྱུར། ཡང་བམ་པོ་ཉི་ཤུ་པ་གཅིག་ལོ་ཆེན་སྡེ་སྣོད་གསུམ་པ་ཥུའན་ཊུའང་ཧྥཱ་ཤིའི་འགྱུར། འཕགས་པ་མཽ་གལ་གྱི་བུས་མཛད་པའི་ཨ་བྷི་དྷརྨ་སྐནྡྷ་སྟེ་མངོན་པ་ཆོས་ཀྱི་ཕུང་པོ་བམ་པོ་བཅུ་གཉིས་པ་སློབ་དཔོན་བཤད་མ་ཐག་པས་འགྱུར། འཕགས་པ་ཤ་རིའི་བུས་མཛད་པའི་ཨ་བྷི་དྷརྨ་སམ་གཱི་ཏི་སཪྻ་ཡ་སྟེ་
༄༅། །མངོན་པ་འགྲོ་བའི་རྣམ་གྲངས་བམ་པོ་ཉི་ཤུ་པ་འགྱུར་གོང་འདྲ། འཕགས་པ་ལྷ་སྐྱིད་གྱིས་མཛད་པའི་ཨ་བྷི་དྷརྨ་བི་ཛྙཱ་ན་ཀཱ་ཡ་སྟེ་མངོན་པ་རྣམ་ཤེས་ཀྱི་ཚོགས་བམ་པོ་བཅུ་དྲུག་པ་འགྱུར་འདྲ།(འདི་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཙམ་ན་བྱས་གསུངས།) འཕགས་པ་དབྱིག་བཤེས་ཀྱིས་མཛད་པའི་ཨ་བྷི་དྷརྨ་དྷཱ་ཏུ་ཀཱ་ཡ་སྟེ་མངོན་པ་ཁམས་ཀྱི་ཚོགས་བམ་པོ་གསུམ་པ་འགྱུར་འདྲ།(སྟོན་པ་འདས་ནས་ལོ་གསུམ་བརྒྱ་ཙམ་ན་བྱས་གསུངས།) དེས་མཛད་པའི་ཨ་བྷི་དྷརྨ་པྲ་ཀ་ར་ཎ་པཱ་ད་སྟེ་མངོན་པ་རབ་ཏུ་བྱེད་པའི་རྐང་པ་བམ་པོ་བཅུ་གཉིས་པ་པཎྜི་ཏ་གུ་ཎ་བྷ་ཏྲ་དང་བོ་དྷི་ཡ་ཤ་གཉིས་ཀྱིས་འགྱུར། ཡང་ཥུའན་ཊུའང་ཧྥཱ་ཤིའི་འགྱུར་བ་བམ་པོ་བཅོ་བརྒྱད་པ། འཕགས་པ་རྩིབས་ལོགས་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱས་བསྡུས་པའི་སྡེ་བདུན་གྱི་དོན་ཚང་བ་ཨ་བྷི་དྷརྨ་མཧཱ་བ་བྷཱ་ཥྡྱ་ཤཱསྟྲ་སྟེ་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་མོ་བམ་པོ་དྲུག་ཅུ་པ་རྒྱ་གར་གྱི་པཎྜི་ཏ་བུདྡྷ་ཝརྨ་དང་ལོ་ཙྭ་བ་དཱའུ་ཐའི་གིས་འགྱུར། (སྟོན་པ་འདས་ནས་ལོ་བཞི་བརྒྱའི་སྐོར་ན་བྱས་གསུངས།) ཡང་ཥུའན་ཊུའང་ཧྥཱ་ཤིའི་འགྱུར་པ་བམ་པོ་གཉིས་བརྒྱ་པ། དེའི་དོན་བསྡུས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཨ་བྷི་དྷརྨ་ཀཽ་ཤ་ཤཱསྟྲ་སྟེ་མངོན་པ་མཛོད་ཞེས་བྱ་བའི་བསྟན་བཅོས་བམ་པོ་ཉེར་གཉིས་པ་པཎྜི་ཏ་དོན་དམ་པ་པས་འགྱུར། ཀཽ་ཤ་ཀཱ་རི་ཀཱ་སྟེ་མཛོད་རྩ་ཚིགས་ལེའུར་བྱས་པ་བམ་གང་དབྱིག་གཉེན་གྱིས་མཛད་ལ་ཥུའན་ཊུའང་ཧྥཱ་ཤིའས་འགྱུར།

ཡང་མངོན་པ་མཛོད་བམ་པོ་གསུམ་ཅུ་པ་འགྱུར་གོང་འདྲ།(གོང་གསལ་རྣམས་བོད་མ་ཡོད་གསུངས་ཤིང་། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། ཞེས་པ་ནས། གསུས་པོ་ཆེ་ཡིས་བྱས་ཤེས་གྲག །ཞེས་པའི་བར་གྱི་གཏམ་རྙིང་ཡོངས་གྲགས་དང་ཅུང་མི་འདྲ་ལ། ཆེན་པོ་ཧོར་གྱི་དགེ་བསྙེན་ཝང་ཀུས་བསྒྲིགས་པའི་སྡེ་སྣོད་གསུམ་གྱི་ཀར་ཆག་ནའང་འདི་བཞིན་འདུག་པས་ཆོས་མཚན་སྐད་གཉིས་ཤན་སྦྱར་སོར་བཞག་ཏུ་བྲིས་པ་ཡིན་ནོ།།) བྱེ་བྲག་ཏུ་བཤད་པའི་རྒྱས་འགྲེལ་ཆེན་པོ་ཁ་ཆེ་བདུན་བཟང་གིས་མཛད་པ་བམ་པོ་བརྒྱད་ཅུ་པ་འགྱུར་འདྲ། དེ་ལས་ཅུང་བསྡུས་པ་བམ་པོ་བཞི་བཅུ་པ་མཛད་འགྱུར་གཉིས་ཀ་འདྲ། མཛོད་ཀྱི་སྙིང་པོ་བམ་བཞི་ཆོས་ཀྱིས་རྒྱལ་བས་མཛད་པ། དེའི་འགྲེལ་བམ་བཞི། ཡང་འགྲེལ་ཨུ་པ་ཤནྟས་མཛད་པ་བམ་དྲུག །བཙུན་པ་ཆོས་སྐྱོབ་ཀྱིས་མཛད་པའི་དེའི་འགྲེལ་པ་བམ་པོ་བཅུ་གཅིག་པ། མངོན་པ་བདུད་རྩི་འབྱུང་བ་སློབ་དཔོན་གཽ་ཤས་མཛད་པ་བམ་དོ། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་རྣམ་བཤད་གུ་ཎ་མི་ཏྲས་མཛད་པ། འཕགས་པ་བ་སུ་མིས་བསྟུས་པའི་ཚོམས་བམ་པོ་བཅུ་པ།(འདི་པ་བྱམས་པའི་རྗེས་སུ་འཚང་རྒྱ་བ་མ་འོངས་པའི་སངས་རྒྱས་སེང་གེའི་མཚན་ཅན་ཡིན་ལ་བཅོམ་ལྡན་འདས་དང་དུས་མཉམ་སྟེ་སྟོན་པ་འདས་ཙམ་ན་བསྟན་ཆོས་འདི་མཛད། བོད་མ་མེད་གསུངས།) མཆོག་གསུམ་ལ་བརྟེན་པ། མངོན་པ་ལ་འཇུག་པ། ཡང་དག་པ་གྲུབ་པ་བམ་པོ་ཉི་ཤུ་པ་སློབ་དཔོན་ཧ་རི་ཝརྨས་མཛད་པ། མངོན་པ་འཇིག་རྟེན་གདགས་པ་བམ་པོ་བཅུ་པ་མཛད་བྱང་མི་གསལ།(ཅུང་ཟད་དཔྱད་བྱར་གསུངས།) དགྲ་བཅོམ་པ་ཨུ་པ་ཏི་ཤས་མཛད་པའི་ཐར་པའི་ལམ་གྱི་བཤད་

༄༅། །པ་བམ་པོ་བཅུ་གཉིས་པ། ཤཱ་རིའི་བུའི་ཆོས་མངོན་པ་ཞེས་བྱ་བ་བམ་པོ་ཉེར་གཉིས་པ།(འགྲོ་བའི་རྣམ་གྲངས་ཀྱི་སྐོར།) ཁམས་ཚོགས་ཀྱི་རབ་ཏུ་བྱེད་པ་དགྲ་བཅོམ་པ་ཆོས་སྐྱོབ་གྱིས་མཛད། ཡེ་ཤེས་ལ་འཇུག་པའི་རབ་བྱེད་བམ་པོ་བཅུ་བཞི་པ། སྲིད་གསུམ་བཤད་པ་བམ་གསུམ། མཆོག་གསུམ་དང་ཉན་ཐོས་ཆེན་པོ་དག་གི་མཆོག་གི་ཡོན་ཏན་བསྟན་པ་བམ་བཞི། བདེན་བཞིའི་འགྲེལ་པ། རང་སངས་རྒྱས་ཀྱི་རྒྱུ་རྐྱེན། སྡེ་པ་བཅོ་བརྒྱད་ཀྱི་བཀྱེ་ཚུལ་དང་དབྱེ་བ་འགྱུར་ཁྱད་ཀྱིས་གསུམ།(གོང་གསལ་དྲུག་ཀ་བོད་མ་མེད་གསུངས།) པྲི་ཏཻ་སྟི་པཱ་ད་ཤསྟྲཱ་སྟེ་ཞི་ཞི་ལཱུན་ཞེས་བྱ་བ་བམ་བདུན་མཛད་བྱང་མི་གསལ་ཞིང་དྷརྨ་རཀྵི་ཏས་འགྱུར་བ།(བོད་མ་ཡོད་གསུངས།) ཆོས་མངོན་པའི་དོན་འགྲེལ་བམ་གསུམ་མི་ཏྲས་མཛད་ཅིང་ཥུའན་ཊུའང་གིས་འགྱུར(བོད་མ་མེད་གསུངས།)རྣམས་བཞུགས།(ད་ལྟའི་བཀའ་འགྱུར་ན་བར་འདིར་འགྲོ་མགོན་འཕགས་པས་མཛད་པའི་ཤེས་བྱ་རབ་གསལ་འདུག།)
