རྒྱ་ནག་ཆོས་འབྱུང་།

འཕགས་ཡུལ་ནས་བྱུང་བའི་བསྟན་བཅོས་སྣ་ཚོགས་ཀྱི་སྐོར།

上一章
下一章

(འཕགས་ཡུལ་ནས་བྱུང་བའི་བསྟན་བཅོས་སྣ་ཚོགས་ཀྱི་སྐོར།)

ཞར་བྱུང་རིས་སུ་དབྱེ་དཀའ་བའི་བསྟན་བཅོས་སྣ་ཚོགས་ཀྱི་སྐོར་ལ།(སངས་རྒྱས་ཀྱི་ཡོན་ཏན་བསྒྲགས་པ། དམ་པའི་ཆོས་ཀྱི་དོན་བཤད་པ། དགེ་འདུན་གྱི་སྤྱོད་པའི་བཅའ་ཁྲིམས། ལོག་པར་རྟོག་པ་སུན་འབྱིན་པ། ཐུན་མོང་བའི་རིག་པར་གཏོགས་པ་སྟེ་རྣམ་པ་ལྔས་ཁོག་འབུབ་པ་ཡིན་གསུངས།) འཕགས་ཡུལ་ནས་བྱུང་བ་དང་། ཕྱོགས་འདིར་མཛད་པ་གཉིས་ལས་སྔ་མ་ནི། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་བཅོམ་ལྡན་འདས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་ལེའུ་ཉེར་བརྒྱུད་པ་བམ་ལྔ་དྷརྨ་དྷ་ནས་འགྱུར།(བོད་མ་མེད་གསུངས།)

129b

གསང་བདག་གིས་མཛད་པའི་སྟོན་པའི་རྣམ་ཐར་ལེའུ་སོ་གཅིག་པ་བམ་བདུན་ཧྭ་ཤང་རིན་ཆེན་སྤྲིན་གྱིས་འགྱུར།(བོད་མ་ཡོད་གསུངས།) ལས་བརྒྱ་ཐམ་པ་བམ་བཅུ་མཛད་བྱང་མི་གསལ་བ་དགེ་བསྙེན་ཊི་ཁིའན་གྱིས་འགྱུར།(བོད་མ་ཡོད་གསུངས།) ཆེད་དུ་བརྗོད་པའི་ཚོམས་ཆེན་པོ་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྟུས་པ་བམ་པོ་ཉི་ཤུ་པ་པཎྜི་ཏ་སངས་རྒྱས་དྲན་གྱིས་འགྱུར།(བོད་མ་མེད་གསུངས།) འཛངས་བླུན་བམ་པོ་བཅུ་གསུམ་པ་ལོ་ཙྭ་བ་ཤེས་རབ་རྒྱལ་ལ་སོགས་པའི་འགྱུར།(བོད་མ་ཡོད།) བྱང་སའི་རིམ་པ་བམ་གང་། དེ་ལས་རྒྱས་པ་བམ་དྲུག་གཉིས་ཀ་སློབ་དཔོན་དགེ་འདུན་སྲུང་གིས་མཛད་པ། དེས་མཛད་པའི་སྟོན་པའི་རྣམ་ཐར་བམ་གསུམ་མ། སངྒྷ་སེ་ནས་མཛད་པའི་དཔེ་ཆོས་བརྒྱ་པ་བམ་བཞི། དེས་མཛད་པའི་སྟན་པའི་རྣམ་ཐར་བམ་གསུམ།(གོང་གསལ་ལྔ་བོད་མ་མེད་གསུངས།) ཐེག་པ་ཆེན་པོའི་སྤྱོད་པ་རེ་དྲུག་པ་བམ་གསུམ་ལོ་ཆེན་ཊི་ཡན་གྱིས་འགྱུར། བསྟན་པའི་གཏད་རབས་ཀྱི་རྣམ་པར་ཐར་བམ་དྲུག །ཏིང་ངེ་འཛིན་གྱི་རིམ་པ་བམ་དོ། ཁམས་བཞིའི་རྣམ་པར་བཤད་པ། ཐེག་པ་གཉིས་ཀྱི་སྤྱོད་པ་དང་ཡོན་ཏན་སྣ་ཚོགས། འོད་སྲུང་ཆེན་པོས་གདུང་ལ་ཕྱག་མཆོད་བྱས་པའི་བརྗེད་བྱང་། འདོད་ཞེན་རྣམ་པར་སྨད་པ། སློབ་པའི་རིམ་པ་བཞི་བསྟན་པ། གསང་བདག་གི་སྨྲེ་ངག །ཀ་ཏ་ཡ་ནས་བཤད་པའི་ཆོས་སྣུབས་དུས་ཀྱི་ཚིགས་བཅད། ཕྱིའི་འདུལ་བ། ནང་གི་འདུལ་བ། སྟོན་པའི་སྔོན་གྱི་

130a

༄༅།       །སྦྱོར་བ་སྣ་ཚོགས་བམ་བརྒྱད། དགེ་སློང་ན་རྒྱན་གྱིས་རྒྱལ་པོ་མི་རང་འདུལ་བ། ཏིང་འཛིན་སྒོ་ལྔ་པ། མི་སྡུག་བསྒོམ་པའི་རིམ་པ། ཏིང་འཛིན་མདོར་བསགས་བམ་དོ། དེ་ལས་ཉུང་ངུ་བམ་གང་། ཆགས་སེལ། ལུས་ལ་བལྟ་བ། ཆོས་སྒོམ། བསྒོམ་པའི་དོན་བསྟུས། མཛད་པ་བཅུ་གཉིས་བོ་དྷི་རུ་ཙིས་འགྱུར།(བོད་མ་མེད་གསུངས།) དཔེ་སྣ་ཚོགས་པ་གཉིས། དེ་གཉིས་ལས་ཅུང་རྒྱས་པ་གཅིག །ཡང་དཔེ་སྣ། ཨ་ཤོ་ཀའི་དཔེ་འགྱུར་ཁྱད་ཀྱིས་གཉིས། ཨ་ཤོ་ཀ་ལུང་བསྟན་པ་བམ་བཅུ། དེའི་རྟོགས་བརྗོད་བམ་བདུན། དེའི་སྤྱན་དབང་ཉམས་པའི་རྒྱུ་རྐྱེན། ལུང་སྡེ་བཞིའི་དོན་བསྡུས་བ་ལུ་བནྡྷུས་མཛད་པ་བམ་དོ། ཆེད་དུ་བརྗོད་པའི་ཚོམས། དཔེ་དང་སྦྱར་བ་བམ་དོ་མ་གཅིག། དེ་ལས་རྒྱས་པ་བམ་བཞི་པ་གཅིག་ཆོས་སྐྱོབ་ཀྱིས་བསྡུས་པ། བཀའ་བསྡུ་དང་པོའི་བརྗེད་བྱང་། ཡང་བཀའ་བསྡུའི་སྐབས་བདུད་འདུལ་བ། ཤེས་རབ་གསུམ་བསྟན་པ། མངོན་པ་ཆོས་ལྔ་པ། མངོན་པ་རྟེན་འབྲེལ་བཅུ་གཉིས་པ། ས་ལམ་ཆུང་ངུ་། འཇམ་དཔལ་གྱི་སྨོན་ལམ། སེམས་དཔའ་དྲུག་གི་མཚན་གྱི་ཕན་ཡོན། སློབ་དཔོན་མ་ཏི་ཙི་ཏྲས་མཛད་པའི་སྟོད་པ་བརྒྱ་ལྔ་བཅུ་པ། སྤྱན་རས་གཟིགས་ཀྱིས་བསྟོད་པ། རྟེན་འབྲེལ་གྱི་དཔེ། རྟ་སྐད། ཀླུ་སྒྲུབ། ཨཪྻ། ཐོགས་མེད་སྐུ་མཆེད་རྣམས་ཀྱི་རྣམ་ཐར་བམ་གང་རེ། བཤེས་སྤྲིངས་སོགས་བམ་གསུམ།

130b

དགྲ་བཅོམ་པ་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་གྱིས་རྒྱལ་པོ་ཨུ་ཏྲ་ཡ་ན་ལ་གདམས་པའི་དཔེ་སྣ་ཚོགས། བྷ་ར་དྷྭ་ཛ་སྤྱན་དྲེན་པ་བམ་གང་ཧྭ་ཤང་ཧུའི་ཀིའན་གྱིས་འགྱུར། (གནས་བརྟན་སྤྱན་འདྲེན་ཡང་ཟེར།) སློབ་དཔོན་དཔའ་བོས་མཛད་པའི་ལས་འབྲས་ཀྱི་རྣམ་བཞག། གནས་བརྟན་ཀ་ཏིང་གིས་མཛད་པའི་སྙིགས་དུས་ཀྱི་གཏམ། དགྲ་བཅོམ་པ་དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་བམ་གང་ཥུའན་ཧྥཱ་ཤིའས་འགྱུར། ཧེ་མ་བདུན་ཅུ་པ་ཞེས་བྱ་བ་རྫུས་སྐྱེས་དྲང་སྲོང་ཀ་བི་རས་སྲིད་པ་ཉི་ཤུ་རྩ་ལྔ་བཤད་པ་བམ་གསུམ་སློབ་དཔོན་དོན་དམ་པ་པས་འགྱུར།(འདི་ཕྱི་རོལ་པའི་བསྟན་བཅོས་སུ་གཏོགས་གསུང་།) ཡེ་ཤེས་ཟླ་བས་མཛེས་པའི་སྐབས་དོན་བཅུ་པ་བམ་གང་ཥུའན་ཊུའང་ཧྥཱ་ཤིའས་འགྱུར།(འདི་ཡང་སྔ་མ་བཞིན་དུ་སྣང་གསུངས།) བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་བམ་བཞི་པཎྜི་ཏ་དེ་ཝ་ཤནྟས་འགྱུར། ཆེད་དུ་བརྗོད་པའི་ཚོམས་བསྟུས་པ་བམ་བཞི་འགྱུར་གོང་འདྲ། དམ་པའི་ཆོས་ཀྱི་རྣམ་གྲངས་བམ་གང་སྦྱིན་སྲུང་གིས་འགྱུར། བྱང་ཆུབ་གྱི་སེམས་བསྒོམ་པའི་མན་ངག་དྷརྨ་དེ་ཝས་འགྱུར། སློབ་དཔོན་ཞི་བའི་བཤེས་གཉེན་གྱིས་མཛད་པའི་བཅོམ་ལྡན་འདས་ཀྱི་བསྟོད་པ་བམ་གསུམ་སྦྱིན་སྲུང་གིས་འགྱུར། སྤྱན་རས་གཟིགས་ཀྱི་བསྟོད་པ། སྐུ་གསུམ་གྱི་བསྟོད་པ། སངས་རྒྱས་ཀྱི་མཚན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པ། སྒྲོལ་བསྟོད། འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པ། ཡང་སྤྱན་རས་གཟིགས་ཀྱི་བསྟོད་པ། གཎྜིའི་

131a

༄༅།       །ཡོན་ཏན་བརྗོད་པ། མཆོད་རྟེན་བརྒྱད་ཀྱི་མཚན་བྱང་། མཆོད་རྟེན་བརྒྱད་ཀྱི་བསྟོད་པ། ཡང་སྐུ་གསུམ་གྱི་བསྟོད་པ། སངས་རྒྱས་བདུན་གྱི་བསྟོད་པ། ཚིགས་སུ་བཅད་པ་བརྒྱད་པ། ཀླུ་སྒྲུབ་གྱི་མཛད་པའི་སྨོན་ལམ་ཆེན་མོ། མཆོག་གི་སྡེས་མཛད་པའི་དཔེ་ཆོས་བརྒྱ་པ། ཀླུ་སྒྲུབ་གྱིས་མཛད་པའི་ཆོས་ཀྱི་དབྱིངས་ལ་བསྟོད་པ། རིགས་དྲུག་གི་ཚིགས་བཅད། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཚོགས་གཉིས་བསྟུས་པའི་ཚོམས་བམ་པོ་བཅུ་གཉིས་པ་ལོ་ཆེན་ཉི་གྲགས་ཀྱིས་འགྱུར། རྟ་སྐད་ཀྱིས་མཛད་པའི་གཅེར་བུ་པའི་དྲིས་ལན་བདག་མེད་པ་བསྟན་པ་འགྱུར་གོང་འདྲ། དེས་མཛད་པའི་བླ་མ་ལྔ་བཅུ་པ་འགྱུར་འདྲ། དེས་མཛད་པའི་རིགས་དྲུག་གི་འཁོར་ལུགས་བམ་གང་འགྱུར་འདྲ། དེས་མཛད་པའི་མི་དགེ་བ་བཅུའི་རྣམ་སྨིན་བསྟན་པ་བམ་གང་འགྱུར་འདྲ། སློབ་དཔོན་རྩོལ་མེད་བསྒོམ་གྱིས་མཛད་པའི་ཆོས་ཐམས་ཅད་ཀྱི་དོན་བསྟུས་པ་བམ་པོ་བཅུ་པ་འགྱུར་གོང་འདྲ་རྣམས་བཞུགས། །