རྟ་ནག་ཆོས་འབྱུང་།

༡༽རང་བཞིན་རྒྱུའི་གཙོ་བོ།

上一章
下一章

(༡༽རང་བཞིན་རྒྱུའི་གཙོ་བོ།)

དང་པོ་ནི། བདེ་སྡུག་བཏང་སྙོམས་གསུམ་མམ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་མམ། རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་ཆ་མཉམ་པ་སྟེ་བེམ་པོ། རྟག་པ་གཅིག་པུ། རྣམ་འགྱུར་ཐམས་ཅད་བསྐྱེད་པའི་རྒྱུ་བྱེད་པ། སུས་ཀྱང་མ་བསྐྱེད་པ། དྲང་སྲོང་སེར་སྐྱས་ཀྱང་མ་མཐོང་བས་ལྐོག་ཏུ་གྱུར་པ་སྟེ་ཆོས་ལྔ་ལྡན་དུ་འདོད་དོ། །