རྟ་ནག་ཆོས་འབྱུང་།

ལྔ་པ། ཤེས་པའི་ཕན་ཡོན།

上一章
下一章

(ལྔ་པ། ཤེས་པའི་ཕན་ཡོན།)

ལྔ་པ་ནི། དེ་ཡང་གཙོ་བོས་རྣམ་འགྱུར་ཉི་ཤུ་རྩ་གསུམ་པོ་རྣམས་སྒྱུ་མ་ལྟར་སྣང་བ་ལ་བདག་ཏུ་ཞེན་ནས་བདེན་པར་བཟུང་བས་འཁོར་བར་འཁྱམས་པ་ཡིན་ལ། །བདག་

20b

གི་རང་བཞིན་བྱ་བྱེད་དང་བྲལ་བ། རྟག་པ། ཁྱབ་པ། གཡོ་བ་མེད་པ་ནི་དོན་དམ་པའི་བདེན་པ་སྟེ། དེ་ཤེས་པའི་ཕན་ཡོན་གྱི་གྲོལ་བར་འདོད་པ་སྟེ། གཙོ་བོ་སྐྱེངས་ནས་རྣམ་འགྱུར་རྣམས་གཙོ་བོའི་ཁུག་མར་བསྡུས་ཏེ་བདག་གཅིག་པུ་ཟླ་མེད་པ། གནས་པ་ལ་ཐར་པ་ཐོབ་ཅེས་འདོད་དེ། དེ་ཉིད་ལས། དེ་ཉིད་ཉི་ཤུ་ལྔ་ཤེས་ན། །རལ་པའམ་བྱི་བོ་ཅོད་པན་སོགས། །ཆ་ལུགས་གང་ཞིག་གནས་གྱུར་ཀྱང་། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་འབྱུང་བའི་ཕྱིར་རོ། །དེ་དག་འགོག་བྱེད་ནི། དབུ་ཚད་ཀྱི་གཞུང་ལུགས་དང་། སྔགས་ཀྱི་རྒྱ་གཞུང་མང་པོར་མཐའ་ཡས་པ་ཞིག་འབྱུང་ཡང་འདིར་ཡི་གེས་འཇིགས་ནས་མ་བྲིས་སོ། །