རྟ་ནག་ཆོས་འབྱུང་།

གསུམ་པ། སེམས་ཙམ་པ།

上一章
下一章

(གསུམ་པ། སེམས་ཙམ་པ།)

ཕྱི་རོལ་གྱི་སྣང་བ་ཐམས་ཅད་སེམས་ཙམ་དུ་འདོད་པའི་དངོས་སྨྲ་བ་ཡིན་པས་སེམས་ཙམ་པའམ་རྣལ་འབྱོར་སྤྱོད་པ་བ་ཞེས་བྱ་སྟེ། མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་དང་། ལང་ཀར་གཤེགས་པ་ལས། ཕྱི་རོལ་སྣང་བ་ཡོངས་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་

27a

༄༅།       །བསྟན་ཏོ། །ཞེས་གསུངས་པའི་ཕྱིར། སེམས་ཙམ་པ་ལ་དབྱེ་ན། སེམས་ཙམ་རྣམ་བདེན་པ་དང་། རྣམ་བརྫུན་པ་གཉིས་དེ་གཉིས་ཀྱི་ཁྱད་པར་ནི། གཟུང་རྣམ་བདེན་གྲུབ་ཏུ་འདོད་པའི་སེམས་ཙམ་པ་དང་། གཟུང་རྣམ་བརྫུན་པ་སྒྲོ་བཏགས་སུ་འདོད་པའི་སེམས་ཙམ་པ་ལ་འཇོག་པ་ཡིན།