རྟ་ནག་ཆོས་འབྱུང་།

བྱ་བ་སོ་སོའི་རྒྱུད།

上一章
下一章

(བྱ་བ་སོ་སོའི་རྒྱུད།)

བྱ་བ་སོ་སོའི་རྒྱུད་ལ་རྡོ་རྗེའི་རིགས་ཀྱི་རྒྱུད། པདྨའི་རིགས་ཀྱི་རྒྱུད། ནོར་བུའི་རིགས་ཀྱི་རྒྱུད། ལྔས་རྩེན་གྱི་རིགས་ཀྱི་རྒྱུད། ལས་ཀྱི་རིགས་ཀྱི་རྒྱུད། འཇིག་རྟེན་པའི་རིགས་ཀྱི་རྒྱུད་དེ་རྒྱུད་སྡེ་སྒོ་དྲུག་ཏུ་ཡོད་ཅིང་། ནང་གསེས་ཀྱི་དབྱེ་བ་ནི་མཐའ་ཡས་པ་ཞིག་ཡོད་དོ། །ལྷ་སྒྲུབ་ལུགས་ནི་བྱ་རྒྱུད་རང་རྐང་ལ་བདག་ཉིད་ལྷར་བསྐྱེད་པ་མེད་པས་རང་ཉིད་ཐ་མལ་པའི་ང་རྒྱལ་གྱིས་གནས་ཏེ་མདུན་བསྐྱེད་དུ་བྲིས་སྐུ་ལྷར་བསྒོམ།

31b

དེའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་གྱི་སྤྲོ་བསྡུས་སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་བསྡུས་ནས་སྔགས་བཟླ་ཞིང་། ཀུན་སྤྱོད་ཀྱི་གཙོ་བོ་གཙང་སྦྲ་དང་དཀའ་ཐུབ་ལ་གནས་ནས་ལྷ་རྗེ་དཔོན་ལྟ་བུ་ལས་དངོས་གྲུབ་ལེན་པ་ཡིན་ཏེ། སྡོམ་གསུམ་རབ་དབྱེ་ལས། འོན་ཀྱང་བྱ་བའི་རྒྱུད་དུ་ནི། །བྲིས་སྐུ་ལྷ་རུ་བསྒོམས་ནས་ཀྱང་། །དེ་ལ་དངོས་གྲུབ་ལེན་པ་ཡིན། །དེས་ན་དཀའ་ཐུབ་གཙང་སྦྲ་ཡིས། །སངས་རྒྱས་མཉེས་ནས་དངོས་གྲུབ་གནང་། །ཞེས་གསུངས་པའི་ཕྱིར། བྱ་རྒྱུད་ཀྱི་ལྷ་ལ་བདག་བསྐྱེད་བསྒོམ་པའི་སྒྲུབ་ཐབས་ཚད་ལྡན་འགའ་ཞིག་ཡོད་པ་ནི་བྱ་རྒྱུད་སྤྱོད་རྒྱུད་ལྟར་བཀྲལ་བ་དང་། རྣལ་འབྱོར་གྱི་རྒྱུད་ལྟར་བཀྲལ་བ་དང་། བླ་མེད་ལྟར་བཀྲལ་བའི་ལུགས་ཡིན་གྱིས། བྱ་རྒྱུད་རང་རྐང་གི་ལུགས་མ་ཡིན་ཏེ། སྡོམ་གསུམ་རབ་དབྱེ་ལས། བྱ་བའི་རྒྱུད་ལ་བདག་བསྐྱེད་མེད། །བྲིས་སྐུ་མཆོད་ནས་གསོལ་བ་འདེབས། །བདག་བསྐྱེད་སྒྲུབ་ཐབས་ཡོད་པ་ནི། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །དེ་ཡིས་ལུགས་བཞིན་མཛད་པ་ཡིན། །ཞེས་གསུངས་པའི་ཕྱིར། བྱ་རྒྱུད་སྨིན་བྱེད་ཀྱི་དབང་ལ་ཆུའི་དབང་དང་། ཅོད་པན་གྱི་དབང་གཉིས་ཁོ་ནར་ངེས་ཏེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་ཡི་དབང་བསྐུར་ཅོད་པན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་གསུངས་པའི་ཕྱིར༑ འོ་ན་གསང་བ་སྤྱི་རྒྱུད་ལས། དབང་བསྐུར་བ་ནི་རྣམ་པ་བཞི། །སློབ་དཔོན་རྣམ་པར་མཁས་པ་ཡིས། །དེ་དག་ཤེས་ནས་ཅི་རིགས་སྤྱད། །སློབ་དཔོན་གོ་འཕང་རབ་སྒྲུབ་ཕྱིར། །དང་པོ་ཡོངས་སུ་བསྒྲགས་པ་ཡིན། །རིགས་སྔགས་

32a

༄༅།     རྣམས་ནི་སྒྲུབ་པའི་ཕྱིར། །གཉིས་པ་ལེགས་པར་བཤད་པ་ཡིན། །བགེགས་རྣམས་འཇོམས་པར་བྱ་བའི་ཕྱིར། །གསུམ་པ་ཡོངས་སུ་བསྒྲགས་པ་ཡིན། །བཞི་པ་འབྱོར་པ་ཐོབ་བྱའི་ཕྱིར། །ཆོ་ག་རྒྱས་པ་དེ་བཤད་དོ། །ཅེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། སྔགས་ཀྱི་བཟླས་ལུང་དང་། བྱབ་ཁྲུས་བསྲུང་གསུམ་གྱི་དབང་དང་། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་ཀྱི་དབང་རྣམས་ནི་བྱིན་རླབས་ལ་དབང་གི་མིང་བཏགས་པ་ཙམ་ཡིན་ལ། བྱ་རྒྱུད་ཀྱི་དབང་མཚན་ཉིད་པ་ནི་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་ཐོབ་པའི་ཆེད་དུ་སྦྱིན་པ་ཆུ་དང་ཅོད་པན་གྱི་དབང་གཉིས་ཁོ་ན་ཡིན་པའི་ཕྱིར། ལུང་འདི་ལ་བརྟེན་ནས་ཁ་ཅིག །རྒྱུད་སྡེ་འོག་མ་གསུམ་ལ་སྨིན་བྱེད་ཀྱི་སྐབས་སུ་དབང་བཞི་དང་། ཕྱོགས་བཅུ་སངས་རྒྱས་ཀྱི་ཞུ་ཕྲིན་ལས། བཅོམ་ལྡན་ཁྱོད་ཀྱི་གསང་སྔགས་ལམ། །རིམ་པ་གཉིས་སུ་བསྡུས་ཏེ་བསྟན། །ཞེས་པ་ལ་བརྟེན་ནས་གྲོལ་བྱེད་ཀྱི་སྐབས་སུ་རིམ་གཉིས་ཡོད་པར་འདོད་པ་ནི་རྣམ་པར་འཁྱམས་ཏེ། སྡོམ་གསུམ་རབ་དབྱེ་ལས། བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལ། །དབང་བཞི་དང་ནི་རིམ་གཉིས་མེད། །གལ་ཏེ་ཡོད་ན་དེ་དག་ཀྱང་། །རྣལ་འབྱོར་ཆེན་པོ་ཉིད་དུ་འགྱུར། །ཞེས་དང་། བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལ། །སྣང་བ་ལྷ་རུ་གསུངས་པ་མེད། །ཅེས་གསུངས་པའི་ཕྱིར། འོ་ན་རྒྱུད་སྡེ་འོག་མ་གསུམ་གྱི་ལུགས་ལ་བྲིས་སྐུ་ལྷ་རུ་བསྒོམ་པ་ཡོད་པས་ཀུན་རྫོབ་ཀྱི་སྣང་བ་ལྷ་རུ་བསྒོམ་པ་ཡོད་པར་འགྱུར་རོ་ཞེ་ན། གནད་མི་འདྲ་སྟེ། བྲིས་སྐུ་དང་འབུར་སྐུ་རབ་

32b

གནས་ཅན་ལྷར་བསྒོམས་ནས་ཕྱག་མཆོད་སོགས་ཕུལ་བས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པའི་དགོས་པ་ཡོད་པས་བྲིས་སྐུ་སོགས་ལྷར་བསྒོམ་པ་ནི་ཐབས་མཁས་ཀྱི་ཁྱད་པར་ཡིན་ལ། ཀུན་རྫོབ་ཀྱི་གནང་བ་གཞན་ལ་དེ་འདྲའི་དགོས་པ་མེད་པའི་ཕྱིར་ཏེ། སྡོམ་གསུམ་རབ་དབྱེ་ལས། དེས་ན་རྣལ་འབྱོར་རྒྱུད་མན་ཆད། །ཀུན་རྫོབ་ལྷ་རུ་གསུངས་པ་མེད། །འོན་ཀྱང་ཀུན་རྫོབ་ཐམས་ཅད་ནི། །ཇི་ལྟར་སྣང་བ་བཞིན་དུ་བས། །བྲིས་སྐུ་ལ་སོགས་ལྷར་བསྒོམ་པ། །དེ་ནི་ཐབས་ཀྱི་ཁྱད་པར་ཡིན། །ཞེས་གསུངས་པའི་ཕྱིར། དེས་ན་བྱ་རྒྱུད་ཀྱི་ལྷ་ལ་རྒྱུད་སྡེ་གོང་མ་གསུམ་གྱི་ལུགས་བཞིན་བདག་བསྐྱེད་བྱེད་ན་ལུས་གདུང་བའི་ཕྱིར་དུ་སྨྱུང་གནས་བྱར་མི་རུང་སྟེ། རང་ལྷར་བསྐྱེད་པ་ལ་མཆོད་ན་བསོད་ནམས་དང་བརྙས་ན་སྡིག་པ་འབྱུང་བའི་ཕྱིར། དེས་ན་ལུས་གདུང་བའི་ཕྱིར་དུ་སྨྱུང་གནས་བྱེད་ན་རང་ཉིད་ཐ་མལ་པའི་ང་རྒྱལ་གྱིས་བྲིས་སྐུ་ཆོ་ག་བཞིན་བྲིས་པ་ལྷར་བསྒོམ་ནས་བྱ་དགོས་ཏེ། སྡོམ་གསུམ་རབ་དབྱེ་ལས། འདི་ལྟར་བྱེད་ན་སྨྱུང་གནས་མེད། །བདག་ཉིད་ལྷ་རུ་བསྐྱེད་པ་ལ། །མཆོད་ན་བསོད་ནམས་བརྙས་ན་སྡིག༔ །གལ་ཏེ་སྨྱུང་གནས་བྱེད་འདོད་ན། །རང་ཉིད་ཐ་མལ་ང་རྒྱལ་གྱིས། །བྲིས་སྐུ་ཆོ་ག་བཞིན་བྲིས་ལ། །རྗེ་དཔོན་བཞིན་དུ་དངོས་གྲུབ་བླངས། །དེ་ལ་ཤ་ཆང་གཏོར་མ་མེད། །གླ་རྩི་ལ་སོགས་སྲོག་ཆགས་དང་། །འབྲེལ་བའི་མཆོད་པ་ཐམས་ཅད་སྤོངས། །གུ་ལང་མཆོད་པའི་ལྷག་མ་དང་། །གཏོར་མའི་ཁ་ཟས་འདིར་མི་ཟ། །ལྷ་ལ་ཕུལ་བའི་དམན་མ་སོགས། །ཟ་དང་འགོམ་པ་གཉིས་ཀ་བཀག །དཀར་གསུམ་

33a

༄༅།       །ལ་སོགས་ཁ་ཟས་དང་། །གཙང་སྦྲ་ལ་སོགས་བརྟུལ་ཞུགས་ཀྱིས། །བྱ་བའི་རྒྱུད་ཀྱི་གསང་སྔགས་འགྲུབ། །ཅེས་གསུངས་པའི་ཕྱིར་རོ། །ཕྱི་ལུས་ངག་གི་བྱ་བ་དང་། ནང་ཏིང་ངེ་འཛིན་གྱི་བྱ་བ་གཉིས་ཆ་མཉམ་དུ་སྟོན་པས་ན་སྤྱོད་པའི་རྒྱུད་ཅེས་བྱ་ལ་མཚན་གཞི་ནི་རྣམ་སྣང་མངོན་བྱང་དང་། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་སོགས་ཡིན་ནོ། །ལྷ་སྒྲུབ་ཚུལ་གྱི་ཁྱད་པར་ནི། བྲིས་སྐུ་དང་རང་ཉིད་གཉིས་ཀ་ལྷར་བསྒོམ། ཡེ་ཤེས་ཀྱི་འཁོར་ལོ་མདུན་དུ་སྤྱན་དྲངས་ནས་མི་བསྟིམ་པར་གྲོགས་པོ་ཕན་ཚུན་ཕན་འདོགས་པའི་ཚུལ་གྱིས་དངོས་གྲུབ་ལེན་པ་ཡིན་ཏེ། སྡོམ་གསུམ་རབ་དབྱེ་ལས། སྤྱོད་པའི་རྒྱུད་དུ་བྲིས་སྐུ་དང་། །རང་ཉིད་གཉིས་ཀ་ལྷར་བསྒོམས་ནས། །གྲོགས་པོ་ལྟ་བུས་དངོས་གྲུབ་ལེན། །ཞེས་གསུངས་པའི་ཕྱིར། སྨིན་བྱེད་དབང་དེ་ལ་ཆུ་དང་ཅོད་པན་དང་རྡོ་རྗེ་དྲིལ་བུ་དང་མིང་གི་དབང་ལྔར་ཡོད་དེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། རྡོ་རྗེ་དྲིལ་བུ་མིང་གི་དབང་། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ། །ཞེས་གསུངས་པའི་ཕྱིར། བྱ་སྤྱོད་གཉིས་ཀྱི་སྲོལ་འཕགས་པའི་ཡུལ་དུ་དར་བར་བྱུང་ཡང་། ཁ་བ་ཅན་གྱི་ལྗོངས་འདིར་ནི་དབང་རྗེས་གནང་དང་ལུང་རྒྱུན་མ་ཆད་ཙམ་ལས། དང་པོ་ཆེས་དར་བར་མ་བྱུང་ལ། དུས་ཕྱིས་ཀུན་དགའ་བཟང་པོས་སྒོ་རུམ་དགེ་ཁང་དུ་ལོ་གསུམ་སྐུ་མཚམས་བཅད་དེ་རྒྱུད་དང་རྒྱ་འགྲེལ་རྣམས་ལ་གཟིགས་རྟོག་དཔྱིས་ཕྱིན་པར་མཛད་ནས་བྱ་རྒྱུད་སྤྱི་རྣམ་དང་། སྤྱོད་རྒྱུད་སྤྱི་རྣམ་སོགས་མཛད་དེ་དར་ཞིང་རྒྱས་པར་མཛད་པ་ཡིན་ནོ། །