རྟ་ནག་ཆོས་འབྱུང་།

འདོད་ཆགས་ཅན་རྗེས་སུ་བཟུང་བ་གསང་བ་འདུས་པ།

上一章
下一章

(འདོད་ཆགས་ཅན་རྗེས་སུ་བཟུང་བ་གསང་བ་འདུས་པ།)

དང་པོ་ལ་གསང་བ་འདུས་པ་རྩ་བའི་རྒྱུད། བཤད་པའི་རྒྱུད་ལ་དགོངས་པ་ལུང་སྟོན་དང་། ལྷ་མོ་བཞིས་ཞུས་པ་སོགས་མང་ངོ་། །དགོངས་པ་འགྲེལ་ཚུལ་ལ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཀྲལ་བའི་ལུགས་ལ་གསང་འདུས་འཕགས་ལུགས་དང་། དཀྱིལ་འཁོར་ཆེན་པོའི་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་བཀྲལ་བའི་ལུགས་ལ་ཡེ་ཤེས་ཞབས་ལུགས་དང་། ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ཀྱིས་བཀྲལ་བའི་ལུགས་ལ་གསང་འདུས་སྤྱན་གཟིགས་སུ་གྲགས་པ་ཡིན་ནོ། །