རྟ་ནག་ཆོས་འབྱུང་།
༡. རྒྱལ་བ་དགོངས་བརྒྱུད།
上一章
(༡. རྒྱལ་བ་དགོངས་བརྒྱུད།)
དང་པོ་ནི། སྟོན་པ་ཆོས་ཀྱི་སྐུའི་སྤྲུལ་པའི་སྐུ་དང་། ས་ལ་གནས་པའི་སེམས་དཔའ་འཁོར་གྱི་ངོར་ལོངས་སྐུར་བསྟན་ནས་རང་གི་ངོ་བོའི་སྒོ་ནས་བཤད། དེ་ནས་ལོངས་སྐུ་དེས་མེ་ཏོག་པདྨའི་སྟེང་དུ་རང་བྱུང་རྡོ་རྗེ་སེམས་དཔའ་སྤྲུལ་པའི་སྐུར་བསྟན་ནས་ལྷ་གནས་གསུམ་དུ་འཁོར་རྣམ་པ་བཞི་ལ་གདམས་པ་རིན་པོ་ཆེ་རྣམ་པ་གསུམ་བསྟན་པ་ལ་འཆད་དོ། །