རྟ་ནག་ཆོས་འབྱུང་།
༢. རིག་འཛིན་བརྡ་བརྒྱུད།
(༢. རིག་འཛིན་བརྡ་བརྒྱུད།)
གཉིས་པ་ནི། རྡོ་རྗེ་སེམས་དཔའི་ཞལ་ལན་གསུམ་གཟིགས་པ། གསུང་ལན་གསུམ་ཐོས་པ། ཐུགས་ལན་གསུམ་མཁྱེན་པ། རིག་འཛིན་གྱི་གཙོ་བོ་དགའ་རབ་རྡོ་རྗེས་རྒྱ་ནག་བཀྲ་ཤིས་ཁྲིགས་སྒོར་འཇམ་དཔལ་བཤེས་གཉེན་ལ། དེས་རྒྱ་ནག་ཞོ་ཤའི་གླིང་དུ་འཁྲུངས་པ་ཤྲཱི་སིངྷ་ལར་བཤད། དེས་དུར་ཁྲོད་བསིལ་བའི་ཚལ་དུ་རྒྱ་གར་ནུབ་ཕྱོགས་པ་བི་མ་ལ་མི་ཏྲ་དང་། རྒྱ་ནག་བཀྲ་ཤིས་ཁྲིགས་སྒོར་ཛྙཱ་ན་སུ་ཏྲ་ལ་བཤད། ཕྱི་མ་ལ་བི་མ་ལས་གསན་པ་ནི་རྫོགས་པ་ཆེན་པོའི་བརྒྱུད་པའོ། །ཡང་འཇམ་དཔལ་བཤེས་གཉེན། སངས་རྒྱས་གསང་བ།
༄༅། །བི་མ་ལ་ཏེ་སྒྱུ་འཕྲུལ་གྱི་བརྒྱུད་པ། ཡང་འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ཤནྟིཾ་གརྒྷ། དེས་རྒྱ་གར་གྱི་རྒྱལ་པོ་ཀུན་སྐྱོང་དང་། བལ་པོ་བ་སུ་དྷ་ར་གཉིས་ལ་བཤད་དེ་གཤིན་རྗེའི་བརྒྱུད་པའོ། །དེ་ཚོའི་ལུགས་ལ་སློབ་དཔོན་བཤེས་གཉེན་གྱིས་འཇམ་དཔལ་གྱི་ཏནྟྲ་འབུམ་སྡེ་གླེགས་བམ་དུ་བཀོད། མ་གཤིན་ཚོགས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་སྒྲུབ་པའི་ཚེ་བམ་ལ་ཡེ་ཤེས་སེམས་དཔའ་དངོས་སུ་ཞུགས་ཏེ་བཞེངས་པ་ལ་རོ་ལངས་བདེ་བའི་དངོས་གྲུབ་ཡིན་ཟེར་རོ། །
