རྟ་ནག་ཆོས་འབྱུང་།

༢. འབྲས་བུའི་སྒོ་ནས་ཁྱད་པར་འཕགས་ཚུལ།

上一章
下一章

(༢. འབྲས་བུའི་སྒོ་ནས་ཁྱད་པར་འཕགས་ཚུལ།)

གཉིས་པ་མཁས་པའི་འབྲས་

75a

༄༅།       །བུའམ་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་འཛིན་གྱི་སྐྱེས་བུ་མཁས་ཤིང་གྲུབ་པ་ཆེན་པོའི་སར་ཞུགས་པ། ཆོས་ལུགས་རང་སྣང་དུ་མི་མངོན་པ་ཙམ་མ་ཡིན་པར་རང་གཞན་ཀུན་ལ་ཟླ་ལྟར་གྲགས་པ་མཐའ་ཡས་པ་བསྐྲུན་པར་མཛད་པ་སྟེ། དེ་ཡང་ས་སྐྱ་པ་ཆེན་པོའི་ཞལ་སློབ་ནི་འཁོན་སྐྱི་ཆུ་བ་ལ་ཀྱེ་རྡོར་ཌོམྦི་ལུགས་ཀྱི་དབང་གསན་པའི་ནུབ་ཀྱི་མནལ་ལམ་དུ་སྲིད་པའི་རྒྱ་མཚོ་ཡིན་ཟེར་བའི་མཚོ་དམར་མེར་བ་ཅིག་ལ་ཟམ་པ་གསུམ་བཙུགས་ཏེ་ཉེ་བ་ལ་མི་གསུམ། བར་པ་ལ་མི་བདུན། རིང་བ་ལ་མང་པོ་ཞིག་བསྒྲལ་བར་རྨིས་པ་དང་། ཞང་དགོན་པ་བས་སྒྲུབ་པ་ལུང་སྦྱིན་གྱི་སྐབས་མདུན་གྱི་ནམ་མཁར་སྐུ་བདུན་དུ་སྤྲུལ་ཏེ་ངས་ཀྱང་སྒྲུབ་པ་ཙམ་བྱེད་པ་མ་བྱུང་ཡང་ཁྱོད་ཡིད་ཆེས་པའི་ཕྱིར་དུ་འདི་ཙམ་ཡིན། སྤྱིར་ཁྱོད་ཀྱི་སྒྲུབ་པ་གཙོ་བོར་བྱས་ན་རྣལ་འབྱོར་དབང་ཕྱུག་ཙམ་འོང་། བཤད་པ་གཙོ་བོར་བྱས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་སློབ་མ་གསུམ། (མཆོག་ཐོབ་པའི་སློབ་མ་གསུམ་ནི། སིདྒ་གླིང་གི་རྣལ་འབྱོར་པ། བྱང་ཆུབ་སེམས་དཔའ་བརྟག །སྒོམ་པ་ཕྱི་འབར་ཏེ་གསུམ་མོ། །)བཟོད་པ་ཐོབ་པ་བདུན།(ནི། བླ་མ་རྗེ་བཙུན། ཞུ་བཅས་དངོས་གྲུབ། དགའ་སྟོན་རྡོ་རྗེ་གྲགས། ནག་སྒོམ་བསོད་ནམས་རྒྱལ་མཚན། ཚར་བའི་རྣལ་འབྱོར་པ། སྒོམ་པ་འོད་ཟེར་གྲགས། མང་ཆུང་མ་སྟེ་བདུན་ནོ། །)ཚོགས་ལམ་ཆེ་འབྲིང་ལ་གནས་པ་བསམ་གྱིས་མི་ཁྱབ་པ་འབྱུང་བར་འགྱུར་རོ། །ཞེས་གསུངས་པ་དང་མཐུན་པར་འབྱུང་བ་དང་། གཞན་ཡང་ཆེ་བར་གྲགས་པ་རྒ་ལོ་ཙཱ་བ་གཞོན་ནུ་དཔལ། ལ་སྟོད་པ་དཀོན་མཆོག་མཁར། ཁམས་པ་སྣེ་རྩེ་སྦལ་སྟོན། ཀྱུ་ར་ཨ་སེང་། ཤན་པ་རྡོར་སེང་ལ་སོགས་པ་དུ་མ་དང་། རྗེ་བཙུན་རྩེ་མོ་ལས་ཆེན་གྱི་དངོས་སློབ་ཕལ་ཆེ་བས་བཏུགས་ཤིང་གསུང་གི་བདུད་རྩི་བླངས་པ་དང་།

75b

གྲགས་པ་ལ་དཀར་ཤཱཀྱ་གྲགས། ནུབ་པ་རིག་འཛིན་གྲགས། སྣ་རོའི་བནྡེ་གཤིན་རྗེ་གྲགས། ས་ལ་པ་དབང་ཕྱུག་གྲགས་ཏེ་གྲགས་པའི་མཐའ་ཅན་བཞི། སྲས་སྟོན་བློ་གྲོས་གྲགས། རྒ་སྟོན་རྡོ་རྗེ་གྲགས། སྡེ་སྟོན་དཀོན་མཆོག་གྲགས། ས་སྟོན་འཇིགས་མེད་གྲགས་ཏེ་སྔ་མ་བཞི་དང་བསྡོམས་པས་གྲགས་པ་མི་བརྒྱད་ཅེས་པ་དང་། མུ་ཚུ་བྱང་ཆུབ་གྲགས། གཙང་སྟོན་བརྩོན་འགྲུས་གྲགས། ལྷ་ཐོག་ཡོན་ཏན་གཟུངས། རིགས་ལྡན་ཤེས་རབ་རིན་ཆེན་ཏེ་གུར་རྒྱན་ཞུས་པའི་མི་བཞི། ཇོ་སྲས་ལྕགས་ཀྱི་རྡོ་རྗེ། གཉན་སྟོན་སྦས་པའི་སངས་རྒྱས། ཁམས་ཀྱི་འཛི་སྟོན་དགེ་སློང་སྟེ་རིགས་འཛིན་གྱི་སྡོམ་བརྩོན་ཆེན་པོ་བཞི། དབྱི་སྒོམ་ཚུལ་ཁྲིམས་གྲགས། མོན་རྡོ་རྗེ་རཱ་ཛ་སོགས་དུ་མ་དང་། ས་ལོ་ཀུན་དགའ་རྒྱལ་མཚན། སྣུབ་ལོ་བྱམས་པའི་དཔལ། སུམ་པ་ལོ་ཙཱ་བ་དཔལ་མཆོག་དང་པོའི་སྡེ་སོགས་དང་། ས་སྐྱ་པཎྜི་ཏ་ལ་ཡོངས་སུ་གྲགས་པ་ཤར(པ་ཤེས་རབ་འབྱུང་གནས།) ནུབ(ཉིས་ཐོག་པ་རིགས་པའི་སེང་གེ།)གུང་གསུམ། (སྐྱོ་སྟོན་དྲི་མེད།) ཁང(སྟོན་འོད་ཟེར་རྒྱལ་མཚན།)གཉན(སྟོན་ཚུལ་ཁྲིམས་རྒྱལ་མཚན།)ཞང(སྟོན་འོད་བདེ་བ།)གསུམ། ལྷོ(པ་རིན་ཆེན་པ།)དམར(ཆོས་ཀྱི་རྒྱལ་པོ།)གཉིས། གྲུབ(ཐོབ་ཡོན་ཏན་དཔལ།)ཚོགས(སྒོམ་ཀུན་དགའ་དཔལ།)གཉིས། སྡོམ་ཕྲུག་བགྲོས་པ་དཔལ་བཟང་པོའི་མཐའ་ཅན་བཅུ་ (ཤེར་འབྱུང་སོགས)གསུམ། གཞོན་པ་རྒྱལ་མཚན་གྱི་མཐའ་ཅན་བདུན། (ཡེ་ཆེན་པོ་སོགས། )སྐད་གཉིས་སྨྲ་བ་གློ་ཆག་ཞང་གསུམ། འུ་ཡུག་པ་རིག་པའི་སེང་གེ །གཟད་རིང་དར་མ་ཚུལ་ཁྲིམས། ཀུན་མཁྱེན་ཆོས(ཇོ་ནང་ཀུན་སྤངས་ཆེན་པོའི་བླ་མ།)སྐུ་འོད་ཟེར། མཆིམས(སྣར་ཐང་པ།)སྟོན་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། བཅོམ་ལྡན་རིག་པའི་རལ་གྲི་སོགས་སྡེ་སྣོད་འཛིན་པ་དུ་མ་དང་། སྒྲུབ་

76a

༄༅།       །པའི་བརྒྱུད་འཛིན་རྒྱལ་བ་ཡང་དགོན་པ་སོགས་རབ་ཏུ་མང་པོ་དང་། འཕགས་པ་ལ་ཁང་གཉན་ཞང་གསུམ། དགའ་ལྡན་པ་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་བསོད། ཞང་དཀོན་མཆོག་དཔལ།(ཤེར་འབྱུང་ལ་རབ་ཏུ་བྱུང་།)ལམ་འབྲས་པ་ཀུན་བློ༑ ཤོང་སྟོན(བོ་དོང་བ།)རྡོ་རྗེ་རྒྱལ་མཚན། ཀུན་སྤངས་ཀུན་ཏུ་བཟང་པོ།(ཇོ་ནང་བ།) སྣར་ཐང་པ་བརྒྱད་པ་སོགས་དུ་མ་དང་། རྒྱས་པར་ན་ཁ་བ་ཅན་པའི་བླ་དཔོན་ཇི་སྙེད་པ་དེ་སྙེད་ཀྱི་ཞབས་སྤྱི་བོར་བླངས་ཤིང་གསུང་གི་བདུད་རྩི་ལེན་པར་མཛད་པ་སྟེ། དེ་ལྟ་བུ་དག་བསྐྲུན་པར་མཛད་པས་ན། བཀའ་སྲོལ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །