སྒྲོལ་མའི་རྒྱུད་ཀྱི་བྱུང་ཁུངས།
ཀ་ན་ཀ་ཤྲཱི།
ལེའུ་སྔོན་མ།
(ཀ་ན་ཀ་ཤྲཱི།)
ཀ་ན་ཀ་ཤྲཱི་འདི་ནི་བལ་བོ་ཀ་ཤྲཱི་མི་ན་མ་ག་དྷ་ཉིད་དུ་སྐུ་འཁྲུངས་ཤིང། ཀུ་རུ་ཀུ་ལེའི་སྡེ་པ་ལས་རབ་ཏུ་བྱུང་བ། རྣམ་གནོན་ཚུལ་གྱི་དགོན་པར་མདོ་སྔགས་རིག་གནས་ཐམས་ཅད་ལ་མཁས་པར་སྦྱངས་ཏེ། བྷཾ་ག་ལར་པཎྜི་ཏ་དྷ་རྨ་མི་ཏྲ་ཞེས་བྱ་བ་ཞིག་ལ་གསང་བ་འདུས་པའི་དབང་ནོས་ཏེ་ལོ་བདུན་དུ་སྒོམ་བཟླས་བྱས་ཀྱང་མཚན་མ་བཟང་བ་ཙམ་ཡང་མ་བྱུང་སྟེ། སྒོམ་འཕྲོ་བཅད་ནས་ཅི་བདེར་བཞུགས་པས། ནུབ་ཅིག་རྨི་ལམ་དུ་བུ་མེད་ཅིག་གིས་དཔལ་ན་རོ་པའི་དྲུང་
16a
༄༅། །དུ་སོང་ཞེས་ལུང་བསྟན། དེ་ནས་ན་རོ་པ་ལ་འཁོར་ལོ་སྡོམ་པའི་དབང་བསྐུར་ཞུས་པ་ཙམ་གྱིས་ཏིང་ངེ་འཛིན་བཟང་པོ་རང་ཤུགས་སུ་སྐྱེས། ཟླ་བ་དྲུག་ཏུ་བསྒོམས་པས་འཁོར་ལོ་སྡོམ་པའི་ཞལ་གཟིགས། སླར་ཡང་ན་རོ་པ་ཆེན་པོ་ལོ་བདུན་གྱི་བར་དུ་བསྟེན་ཏེ། རྒྱུད་སྡེ་དཔག་ཏུ་མེད་པ་གསན། ཁྱད་པར་འཁོར་ལོ་བདེ་མཆོག་དང། གདན་བཞི་དང། སྒྲོལ་མ་འབྱུང་བའི་རྒྱུད་རྣམས་ལ་མཁས་པར་གྲགས།