(མཆོད་པར་བརྗོད་པ།)
ཉི་མའི་རིགས་འཁྲུངས་ཤཱཀྱའི་ཏོག །བུ་རམ་ཤིང་བརྒྱུད་གཽ་ཏ་མ། །གཞོན་ནུ་དོན་གྲུབ་སྒྱུ་འཕྲུལ་སྲས། །ཐུབ་པའི་དབང་པོས་རྟག་ཏུ་སྐྱོངས། །(དཔེ་རྒྱན་ལས་ཐུན་མོང་མ་ཡིན་པའི་དཔེའོ། །)བཀྲ་ཤིས་དགེ་
༄༅། །ལེགས་རི་མོ་རབ་བཀྲ་ཚངས་ལྷའི་མཐར་སོན་མཛེས་བྱེད་ཀུན་གྱིས་གསེར་གྱི་ས་འཛིན་ཉེ་བར་བསྟེན། །བྱེད་པོའི་ངག་གི་ཟླ་བོར་འོས་མིན་ཆ་ཤས་ཉིད་ཀྱིས་འཁོར་བའི་གདུང་སེལ་ཚིག་མདའི་གཾ་གས་མི་སྙན་ཞིང་། །ཆོས་ཀྱི་སྤྲིན་དང་མངོན་པར་རྩེན་པའི་འཁྱུག་འགྲོས་དཔེར་མིན་ཟབ་གསལ་ངང་ལས་སྙིང་རྗེས་མཁྱུད་པའི་སྲིད་དང་རྩེ། །སྟོབས་སོགས་ཆོས་ཀྱིས་ཆེས་ཆེར་མཐོ་བའི་སངས་རྒྱས་ཁྱེད་ལ་དཔེ་ཟླ་གང་ལགས་རང་ཉིད་མཚུངས་ལ་དང་བས་འདུད། །(གཟུགས་ཅན་གྱི་རྒྱན་ལས་གཟུགས་ཅན་གྱི་གཟུགས་ཅན་ནི།)སྙིང་རྗེའི་སྤྲིན་དཀར་ལྗོན་པའི་སྐྱེད་ཚལ་ན། །མགོན་པོའི་འབྲུག་སྒྲ་གཞན་བསོས་སྐད་སྙན་སྒྲོགས། །ཆོས་ཆར་ས་ཧ་ཀ་རའི་ཟེགས་མ་གདལ། །སྤྱན་རས་གཟིགས་མགོན་གདེངས་ཅན་རྒྱལ་གྱུར་ཅིག །ཀུན་ཁྱབ་དབྱིངས་སུ་བདུན་གྱི་བདུན་པས་རྣམ་པར་རོལ་པའི་དཔལ་གྱིས་མཛེས། །ཆུ་གཏེར་ཟླ་བ་རི་དྭགས་
སྐྱེ་འགྲོའི་རྩི་བཅུད་སྨན་ལྗོངས་སྨིན་ལ་དཔའ། །སྦྲང་རྩིའི་དོག་པ་ཅི་ཡང་བསྐྲུན་ཞིང་འདབ་སྟོང་ཚལ་མང་བསྐྱེད་པའི་གཉེན། །ལྷག་པའི་ལྷ་མཆོག་འཇམ་དབྱངས་ནམ་མཁའི་ནོར་བུས་རྟག་པར་སྐྱོང་བར་མཛོད། །(མཐའ་དག་གི་གཟུགས་ཅན།)ལེགས་བྱས་མཆོད་སྦྱིན་བརྒྱ་ཕྲག་བཅུ་ཡི་བསོད་ནམས་འབྲས། །ས་གསུམ་མཐོང་བའི་ཡེ་ཤེས་འདྲེན་བྱེད་སྟོང་གིས་བརྒྱན། ཁྲི་ཕྲག་སྲེད་མེད་སྟོབས་ཀྱིས་མི་བཟོད་སྒྲ་བརྒྱའི་ལག །ནམ་མཁའི་རལ་པས་འཇིལ་བའི་མཐུ་སྟོབས་དབང་པོ་མཆོད། །(རྒྱུའི་དཔེ་འོ།།)ལེགས་བྲིས་ཀྱིས་མཆོད་ལྷ་ཡི་བླ་མ་སྟེ། །མཁྱེན་པའི་ཡེ་ཤེས་སྣང་བས་རི་བོང་འཛིན། །ཤཱཀྱའི་རིགས་འཁྲུངས་ས་བདག་གསལ་རྒྱལ་གྱི། །རྗེས་སུ་མཛད་པའི་འོད་གསལ་ལྷ་རིགས་རྒྱལ། །དཔག་ཡས་བསྐལ་པར་ཡོན་གནས་མཆོག་ལ་བསོད་ནམས་མཆོད་སྦྱིན་ཅི་ཡང་བསྐྱེད་པས་ཕུན་ཚོགས་ཡོངས་འདུའི་ཁྲི་ཤིང་འབྲས་བཅས་མཐོ་རིས་འདོད་ཡོན་གསར་པ་འཁྲུངས། །ས་བདག་རྣམས་ཀྱིས་ས་ཆེན་མ་ལུས་ལག་པར་རྣམ་རོལ་སྲིད་ལ་ཁྲིམས་གཉིས་དྲིལ་ཆེན་རབ་སྒྲོགས་ཕན་བདེའི་ཕུན་ཚོགས་འཆི་མེད་འཚོ་བ་རྟག་པར་སྩོལ། །
༄༅། །སྐྱོབ་མཛད་བསྟན་པའི་ཡིད་བཞིན་རྒྱལ་མཚན་འཛིན་ལ་རབ་དགྱེས་ལེགས་བྱས་དཔལ་མགྲིན་གཙུག་གི་བ་དན་རབ་བསྒྲགས་དཀར་པོས་ཕྱོགས་ཀྱི་ལག་ལྡན་མཐར་ཐུག་འགྲོ། །རྣམ་དཔྱོད་བློ་ཆེན་འཇམ་པའི་དབྱངས་ཉིད་ཆོས་བཞིན་ས་སྐྱོང་ཤཱཀྱའི་རིགས་བཟང་རབ་མང་ལྷ་རྣམས་སྐྱེ་དགུའི་གཙུག་ཏུ་རྟག་པར་ཞབས་བརྟན་རྒྱལ་གྱུར་ཅིག །