ཉི་མའི་རིགས་ཀྱི་རྒྱལ་རབས།
སྟོད་ཀྱི་སྟེང་གཉིས།
ལེའུ་སྔོན་མ།
ལེའུ་རྗེས་མ།

(སྟོད་ཀྱི་སྟེང་གཉིས།)

གྲི་གུམ་གྱི་རིང་ལ་འ་ཞའི་རྣམ་བོན་མང་དུ་བྱུང་ངོ་། །འདི་ནི་ཤིན་དུ་མི་བཟད་པ་དྲག་པོའི་གནས་ཏེ། ཟུང་གི་མདོ་ལས། གང་ངའི་བསྟན་པ་ལ་མ་དད་པ་དེ་དག་ནི། གདུང་ཞིང་དུས་བྱས་ནས་ལས་མི་བཟད་པར་འགྱུར་ཏེ། ཞེས་བོགས་ནས། ཕ་མ་བཀྲེན་པ་གཉིས་ལ་བུ་ཞིག་ཡོད་ཏེ། དེ་ན་བས། སུ་ལ་སྐྱབས་སུ་འགྲོ་ཞེས་མ་ལ་སྨྲས་པ། མས་ལྷ་བོན་པོ་ལ་འདྲི་བར་གསོལ་ལོ་བོན་པོས་ཡུལ་ལྷ་ལ་བདུག་པས་མཆོད་ནས། ཁྱོད་ལ་ལྷ་བསྐྱོན་གྱིས། མཆོད་སྦྱིན་གྱིས་ཕྱུགས་དང་མི་ཡང་སོད་ཅིག །ཡོངས་སུ་ཐར་བར་འགྱུར་རོ་ཞེས་སྨྲས། ཕ་མ་དག་གིས་གཞན་ལ་རང་གི་ལུས་བཙོངས་ནས་གསེར་གྱིས་ཕྱུགས་དང་མི་ཉོས་ནས་མཆོད་སྦྱིན་བྱས་སོ། །དེ་དག་གི་དོན་བཅོམ་ལྡན་འདས་ལ་གསོལ་ནས་བཀའ་སྩལ་པ། སྨན་གྱི་སྡེ། དེའི་མ་ནི་ངུ་འབོད་དུ་སྐྱེ་བོ། ཕ་ནི་བསྡུས་འཇོམས། བུ་ནི་ཚ་བ། ལྷ་བོན་པོ་ནི་མནར་མེད་པར་སྐྱེས་སོ། །མ་ནོངས་པའི་

82a

༄༅།        །མི་ནི། སུམ་བཅུ་རྩ་གསུམ་དུ་སྐྱེས་ཏེ། མི་དེ་དད་པའི་སྟོབས་ཀྱིས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་ལན་ཅིག་བརྗོད་པས་སོ་ཞེས་གསུངས་སོ། །ཡང་། དབུས་མཐིལ་འོན་གྱི་ལུང་པར། མི་མིའི་མགོ་ལ་བོང་བུའི་རྣ་བ་ཅན་གཅིག་སྐྱེས། དེའི་རུས་པ་གཤེན་ཡིན་ཅིང་། ཤེས་རབ་ཆེ་བས། མིང་གཤེན་རབ་ཅེས་བཏགས། རྣ་བ་རིང་བས་མི་བོང་ཞེས་ཟེར་ཞིང་། བོན་པོ་རྣམས་ཡུལ་འོན་མོ་ལུང་རིངས་སུ། སྟོན་པ་གཤེན་རབ་མི་བོ་ཞེས་སྨྲའོ། །དེ་ལོ་དགུ་ལོན་ཙམ་ན་ཡུལ་འདྲེས་ཁྱེར་ཏེ། མི་མ་ཡིན་གྱི་ནང་དུ་ཞུགས་ནས་ལོ་བཅུ་བཅུ་གཅིག་གམ། ལོ་བཅུ་གཉིས་ཀྱི་བར་དུ་མི་ནང་དུ་མ་འདྲེས་སོ། །དེ་ནས་ཁོ་རང་གིས་ལོ་ཉི་ཤུ་ཙམ་ལོན་པའི་དུས་སུ། མིའི་ནང་དུ་སླར་འོངས་ནས། གསོན་པོའི་ལྷ་མཆོད་པ་དང་། ནད་པའམ། རྨི་ལམ་ངན་པ་སོགས་ཀྱི་རིམ་འགྲོ་ལ་མཆོད་སྦྱིན་གྱི་ཕྱིར། བླུད་དང་ལྟོ་གཏོང་ཞིང་སྲི་འདུལ་བ་དང་། གཤིན་པོ་བསྡུར་བ་རྣམས་གང་ན་ཡུལ་འདྲེ་སུ་ཡོད། དེ་ཅི་ལ་དགའ་ལ་སོགས་པ་དེ་དག་དང་འཐུན་པའི་རང་བཟོ་མང་དུ་བྱས་པ་ན། དེ་ཡུལ་འདྲེ་རྣམས་བདེ་བར་

82b

གནས་པས་ཕན་གནོད་ཀྱི་རྟགས་ཅུང་ཟད་བྱུང་བས་ན། མི་རྣམས་དད་ཅིང་གྲགས་པས་རྒྱལ་པོས་ཀྱང་དེ་བོས་ནས་བོན་མཛད་དེ། བོན་པོ་དར་རོ། །དེའི་དུས་སུ་བློན་པོ་ལོ་ངམ་ཞེས་པ་ངོ་ལོག་ནས་འཐབས་ཏེ། མ་ཐུབ་པར་བཀྲོངས་སོ། །འགའ་ཞིག་ནི་རྒྱལ་པོས་ཀྱང་རལ་གྲི་གླང་བྱ་སོ་ཀླད་ལ་བསྐོར་བས་འོད་ཐག་ཆད་དེ། ལྷ་མ་དགའ་བས་ཕམ་ནས་དཀྲོངས་ཞེའོ། །རྒྱལ་པོ་ཡང་ལོ་ངམ་གྱིས་བཟུང་ཞིང་། བུ་སྤུན་གསུམ་ཀོང་པོར་སྤྱུགས། དེའི་དུས་སུ་བོད་ཀྱི་རྒྱལ་ཁམས་ཉམ་དམའ་བས་ན། བར་གྱི་ལྟེངས་ཞེས་ཟེར་ལ། ལྟེངས་ཀྱི་བང་སོ་གཡའ་སྤང་འཚམས་ལ་བཏབ་ཟེར་ཏེ། འདི་རི་གྲང་མོ་གྲང་ཆུང་གི་ཟོམ་ལ་ཡོད་དོ། །