ཉི་མའི་རིགས་ཀྱི་རྒྱལ་རབས།
བཀྲ་ཤིས་འོད་ལྡེ་བཙན་གྱི་སྲས།
ལེའུ་སྔོན་མ།
ལེའུ་རྗེས་མ།

(བཀྲ་ཤིས་འོད་ལྡེ་བཙན་གྱི་སྲས།)

ཡང་

136a

༄༅།        །མངའ་བདག་ཁྲི་བཀྲ་ཤིས་འོད་ལྡེ་བཙན་ལ་སྲས་གསུམ་སྟེ། སོ་ལོན་ཚ་བཙན་སྲོང་། ཆོ་ཆེན་ཚ་རྩེ་ལྡེ། ལྡོང་རྩ་ཁྲི་སྲོང་། མཚན་གྲགས་མཚན་ལྡེ་ཡང་ཟེར་རོ། །ཆེ་བ་བཙན་སྲོང་ནི་པུ་ཧྲངས་ལ་མངའ་མཛད། བླ་ཆེན་རྩེ་ལྡེ་ནི་གུ་གེ་ལ་མངའ་མཛད་དོ། །བཙན་སྲོང་སྲས་ཁྲི་བཙན་ལྡེ། དེའི་སྲས་དབང་ཕྱུག་ལྡེ། དེའི་སྲས་དེ་སྲས་གྲགས་བཙན་ལྡེ་དེའི་སྲས་ཁྲི་བཀྲ་ཤིས་བཙན་སྟོབས་ལྡེ། དེའི་སྲས་སྟག་ཚ་ཁྲི་འབར་བཙན། དེའི་སྲས་མངའ་བདག་ཁྲི་བཙན་དཔལ་ལྡེ། འདིས་ཡ་རྩེར་ལྷ་ཁང་བཞེངས། དབུ་སྡེ་བཞི་བཙུགས་སོ། །དེའི་སྲས་བཙན་ཕྱུག་ལྡེས། ཤང་ཟའི་ལྷ་ཁང་བཞེངས། ཞེར་ཆོས་འབྱུང་དུ་བཀོར་ནོར་མང་དུ་ཕུལ། ཞིག་བསོས་མཛད་དོ། །དེའི་སྲས་བཙན་གྲགས་ལྡེ། འདིས་ཁྭ་ཆར་དུ་རིན་ཆེན་རྩེགས་པ་དཔལ་གྱི་ལྷ་ཁང་ཤིང་སྒྲ་ཅན་སུམ་བརྩེགས་ཏུ་བཞེངས་སོ། །མཆོད་གནས་བརྒྱད་བཙུགས། དེའི་སྲས་བཙས་སྟོབས་ལྡེ། དེའི་སྲས་ཁྲི་འབར་བཙན། འདིས་ཁ་ཆར་དུ་ཀུན་སྤྱོད་ཆེན་མོ་བཞེངས། གསེར་ཀྱང་གི་མདོ་མངས་བཞེངས་སོ། །འདིས་

136b

རྒྱལ་ལྡེ་འདིས་ཤར་ཕྱོགས། གྱེ་གོད་ཁ་ལ་བྱ་བ་ཡན་ཆོད། ནུབ་གསེར་འདུད་ཤིང་ཚུན་ཆད་མངར་བསྡུས། ཏི་སེའི་སྒོམ་ཆེན་རྣམས་ཚོ་རྒྱགས་བསྒྲུབས་སོ། །དེའི་སྲས་ཁྲི་བཀྲ་ཤིས་རྒྱལ་བ་ལྡེ། དེའི་སྲས་ཁྲི་བཀྲ་ཤིས་རྟོགས་ལྡེ་བཙན། འདིས་བྱང་ལ་ཕུབ་མངར་བསྡུས། ཁྭ་ཆར་དུ་བཀྲ་ཤིས་བརྩེགས་པའི་གཙུག་ལག་ཁང་བཞེངས་སོ། །དེའི་སྲས་ལྷ་བཙུན་རྡོ་རྗེ་སེང་གེ། དེའི་སྲས་ཁྲི་བཀྲ་ཤིས་བསོད་ནམས་ལྡེ་འདི་པུ་ཧྲངས་ཀྱི་རྒྱལ་སྲིད་ཐམས་ཅད་བཟུང་། མོན་ཀོ་ཕྲལ་དྲུག་བཏུལ། ཁྭ་ཆར་སོགས་ཀྱི་ལྷ་ཁང་མང་པོ་ཞིག་གསོས་མཛད། དགུང་ལོ་བཅུ་གསུམ་པ་ལ་ཡ་ཚེ་རྒྱལ་པོའི་མངའ་བཟུང་། དབུས་ལྷ་རྗེ་རིན་པོ་ཆེའི་ལྷ་ཁང་ལ་གསེར་ཐོག་ཕུབ། གསེར་སྐོང་བཙུགས། ས་སྐྱར་ལྷ་ཁང་ཆེན་མོའི་གསེར་ཐོག །ཆབ་ཟངས་གསེར་མང་དུ་ཕུལ། ཚོགས་ཆེན་པོ་ལ་གསེར་ཐོག་གསེར་བྱུ་དང་བཅས་པ་བསྒྲུབས། འབྲི་ཁུང་ཐེལ་གྱི་ལྷག་ཆེན་ལ་གསེར་ཐོག་ཕུབས། ཚལ་གུང་ཐང་གི་གསེར་ཐོག་ཀྱང་ཕུབས་སོ། །དགོན་སྡེ་དེ་རྣམས་སུ་འབུལ་བ། འགྱེད་བཅས་ཚན་པོ་ཆེ་བསྒྲུབས། སྐུ་

137a

༄༅། །ནོར་མང་པོ་ཁོང་ལ་བཅོལ། ལོ་གསུམ་ནས་ཉེད་བཅག་མ་སླེབ་ན། ཁྱོད་རང་ཁྱེར་བས་ཆོག་ཟེར་ལོག་སོང་། ལོ་གསུམ་སོང་ཀྱང་མ་སླེབ། ཁུར་པོ་རྣམས་ཁ་ཆེ་ནས་གཟིགས་པས། སྤྱིར་ནོར་རྫས་དཔག་ཏུ་མེད་པ་བྱུང་། ཁྱད་པར་དངུལ་གྱི་ཏང་ཀ་ཐམས་ཅད་ལ་ཛཾ་ཛཾ། ཞེས་པའི་ཁ་ཡིག་བྱུང་བས། ཛཾ་བྷ་ལས་དངོས་གྲུབ་གནང་བར་དགོངས་སོ། །ལོངས་སྤྱོད་ལ་སྙིང་པོ་བླང་བའི་ཕྱིར། ཁྭ་ཆར་དུ་མེས་ལྷས་བཞེངས་པའི་དངུལ་སྐུའི་གཡས་གཡོན་གཉིས་སུ། དབུས་མ་དང་མཉམ་པའི་སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེའི་སྐུ་དངུལ་ག་ར་ལུགས་སུ་བཞེངས། གསེར་རྐྱང་མ་མདོ་མངས་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ་བསྒྲུབས། བཀའ་འགྱུར་སྤྱི་ཐམས་ཅད་དངུལ་རྐྱང་ལ་བཞེངས། འབྲི་ཁུང་ཐེལ་དུ་གསེར་དངུལ་ལས་བཞེངས་པའི་ཆོས་སྤོ་ཏི་བརྒྱ། དངུལ་གྱི་ཐ་ལི། དངུལ་སྐྱོགས་སོགས་བརྒྱ། མུ་ཏིག་བརྒྱ་ཕྲེང་བརྒྱ་རྣམས་མང་དུ་ཕུལ། རྒོད་ཁུང་གི་ཆོས་འཁོར་སྲངས་ཉི་ཤུ་རྩ་བཞིས་བཙུགས། ཡབ་ཀྱི་དུས་མཆོད་བཟང་པོ་རྒྱུན་དུ་བཙུགས་སོ། །གཅེན་དངོས་གྲུབ་མགོན་ལ། སྲས་སྟོབས་

137b

ཚེའི་གཤམ་ལ། བུ་དོལ་ཤེར་གསུམ་སོགས་དབུས་གཙང་གི་དགེ་བཤེས་དུ་མ་ལ་གསེར་དངུལ། མུ་ཏིག་བྱི་རུ་དགོས་པ་ཞབས་ཏོག་ངོམས་བཏུབ་པ་མཛད་ཅིང་སྐུ་བསོད་ཤིན་ཏུ་ཆེ་བས། འདིས་གསེར་རྐྱང་གི་བཀའ་འགྱུར་བསྟན་ཆོས་འགྱུར་རོ་ཚལ་ཐམས་ཅད་བསྟན་པ་ལ་ཞབས་ཐོག་ཆེ་བ་ཡིན་ནོ། །དེའི་སྲས་དཔལ་མགོན་ལྡེ་དང་། ཀིརྟི་མལ་ཆེན་གྱི་སྲས་མཉྫུ་ཤྲཱི་ཀིརྟི། མལ་ཡ་ཙེ་ལ་མཛད། འདིས་རྡོ་རྗེ་གདན་ལ་མཆོད་ཐང་ཕུལ་ཞིག་བསོས་མཛད། པཎྜི་ཏ་མང་པོ་སྤྱན་དྲངས། ཆོས་འཁོར་དང་ཞབས་ཐོག་བསྒྲུབས་འདི་རྣམས་ནི་པུ་ཧྲངས་ཀྱི་གདུང་རབས་ཡིན་ནོ། །                    གཅིག་ཞུས།

(ལས་འདི་ཉིད་ནི་རྗེ་བཙུན་རྡོ་རྗེ་འཆང་གི་སྲས་ཀྱི་ཐུ་བོ་པཎྜི་ཏ་ཆེན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་མཛད་པའོ། །བར་སྐབས་ཀྱི་ཡིག་ཕྲེང་འགའ་ཡར་ཆད་པ་བདག་གིས་བསབས་ཡོད་པས་ནོངས་ན་བཟོད་པར་གསོལ་ལོ། །མངྒ་ལཾ། །)