ཞི་བྱེད་ཆོས་འབྱུང་།
སངས་རྒྱས་རབ་སྟན།
ལེའུ་སྔོན་མ།
ལེའུ་རྗེས་མ།

(སངས་རྒྱས་རབ་སྟན།)

རྗེ་དེ་ཉིད་ལ་བུ་ཆེན་མང་དུ་ཡོད་ཀྱང་

54a

༄༅།       །ཆོས་འདིའི་བཀའ་སངས་རྒྱས་རབ་སྟན་ལ་བབས་ཏེ། དེ་ཉིད་ཀྱི་འཁྲུངས་ཡུལ་ནི་ཟད་ཕུ་གྲག་དམར་བ་ཡིན། ཆུང་དུས་ནས་ཐུགས་ཤིན་ཏུ་དུལ་ཞིང་ཁྲོ་བ་མི་མངའ་བ་ཞིག་ལགས་ཤིང་། སྔོན་སྦྱངས་ཀྱི་སྟོབས་ཤུགས་ལྡན་པས་རིག་གནས་མཐའ་དག་ལ་གཟིགས་པ་ཙམ་གྱིས་ཐུགས་སུ་ཆུད་པར་གྱུར་ཏེ། བླ་མ་རྒྱ་ནག་གི་སྤྱན་སྔར་མ་ཅིག་གི་གདམས་པ་རྣམས་ཞུས་ནས་ཆགས་མེད་ཀྱི་སྤྱོད་པས་ཚེ་འདི་བློས་བཏང་ནས་རི་ཁྲོད་ཁོ་ན་འགྲིམས་ཤིང་། མདོར་ན་ཐོས་བསམ་སྒོམ་གསུམ་གྱིས་ཕྱུག་པའི་རྟོགས་ལྡན་འཁྲུལ་ཞིག་ཆེན་བོར་གྱུར་ཏོ། །དགུང་ལོ་བརྒྱད་ཅུར་སྒྲ་འོད་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་ཡལ་བའི་ཚུལ་བསྟན་ཏོ། །       ། །