ཞི་བྱེད་ཆོས་འབྱུང་།
སངས་རྒྱས་དགེ་སློང་།
ལེའུ་སྔོན་མ།
ལེའུ་རྗེས་མ།

(སངས་རྒྱས་དགེ་སློང་།)

དེ་ལ་བུ་ཆེན་མང་དུ་ཡོད་ཀྱང་ཆོས་འདིའི་བཀའ་སངས་རྒྱས་དགེ་སློང་ལ་བབས་ཏེ། འཁྲུངས་ཡུལ་རྡོག་ཅན་གདུང་ཤེང་བྱ་བ་ཡིན། གཞོན་ནུ་ནས་རབ་ཏུ་བྱུང་སྟེ་ཐུགས་རབ་ཤིན་ཏུ་ཆེ་ཞིང་ཐོས་བསམ་གྱི་སྒྲོ་འདོགས་བཅད་དེ་སངས་རྒྱས་རབ་སྟོན་གྱི་དྲུང་དུ་བྱོན། འཁྲུལ་གཅོད་ཀྱི་དབང་དང་ཁྲིད་ཁ་ལ་སོགས་པ་ཞུས་ནས་གཅིག་པུར་རི་ཁྲོད་ཕྱོགས་མེད་དུ་འགྲིམས་པས། བློ་གཟུང་འཛིན་གྱི་འཆིང་བ་ལས་གྲོལ་ཏེ་ཆོས་ཉིད་མངོན་སུམ་དུ་རྟོགས། མི་དང་མི་མ་ཡིན་པ་ཐམས་ཅད་དབང་དུ་འདུས་

54b

ཤིང་བདུད་བཞི་ལས་རྒྱལ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་པར་མཛད། མཐར་དགུང་ལོ་ལྔ་བཅུ་རྩ་ལྔར་མྱ་ངན་འདས་པའི་ཚུལ་བསྟན་པའི་ཚེ། གྲོངས་རྟགས་ཕུན་སུམ་ཚོགས་པ་བྱུང་བས་ཀུན་ཡིད་ཚིམ་ཞིང་མགུ་བར་གྱུར་ཏོ། །       ། །