ཞི་བྱེད་ཆོས་འབྱུང་།
གངས་པ་ལྷུན་གྲུབ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(གངས་པ་ལྷུན་གྲུབ།)

དེའི་ལོ་རྒྱུས་ནི། ཡུལ་ལ་སྟོད་ཀྱི་གླང་འཁོར་རི་མོ་བྱ་བར་ཡབ་ཆོས་ལྷ་དང་། ཡུམ་གཡུ་མཚོ་བྱ་བའི་སྲས་སུ་འཁྲུངས། ལོ་བཅུ་བདུན་སོང་ནས་རི་ལ་རྟ་འཚོ་ཞིང་བསྡད་པ་ལས། ཉིན་ཅིག་བྱིས་པ་རལ་པ་ཅན་ཞིག་བྱུང་ནས། ཁྱོད་རྟ་འཚོ་བས་ཕྱི་མའི་དོན་མེད་ཟེར། ཁྱེད་བུ་ཚ་རེ་ངན་ཅིག་སྣང་། ཕྱི་མའི་དོན་མེད་ན་རྟ་འཚོ་བས་ཅི་ཕན་བྱས་པས། ཁྱེད་རྟ་འཚོ་བས་ཚེ་ཕྱི་མའི་དོན་མི་འབྱུང་ཟེར་སྐད། ཁོང་ཡང་སེམས་བུད་ལོང་གིས་སོང་ནས་རྟ་རྣམས་

64a

༄༅།       །བདས་ཏེ་ཁྱིམ་དུ་ཕྱིན་པས། མས་ཁྱོད་ཉི་མ་ཕྱེད་ནས་ཡོང་བ་ཅི་ཡིན་ཟེར། ང་ཡིད་མ་དགའ་ཟེར་ཞིང་རྟ་རྣམས་མ་ལ་གཏད། རྟ་གཉིས་ལས་གཅིག་ལ་རྒྱགས་ཕྱེ་བཀལ། གཅིག་ལ་ཁོ་རང་ཞོན་ནས་ཤམ་པོའི་གངས་གར་ཡོད་འདྲི་བཞིན་སོང་བས། མཚན་ལྡན་གངས་པ་རྨུག་སེང་གི་དྲུང་དུ་ཕྱིན། རབ་ཏུ་བྱུང་ནས་མཚན་གངས་པ་ལྷུན་གྲུབ་ཏུ་བཏགས། ཟླ་བ་གསུམ་ནས་དགེ་སྦྱོར་རྒྱུད་ལ་སྐྱེས། མདོ་དབུས་ཀུན་ལ་སྙན་གྲགས་ཀྱིས་ཁྱབ་ཅིང་གང་མཛད་ཆོས་སུ་འགྲོ་བ་ཅིག་ལགས་སོ། །དེའི་ཐུགས་སུ་ཅི་ཡོད་སངས་རྒྱས་བསྟན་བསྲུང་གི་ལྷན་དུ་བརྒྱུད།