ཞི་བྱེད་ཆོས་འབྱུང་།
བླ་མ་རྡོ་རྗེ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(བླ་མ་རྡོ་རྗེ།)

དེའི་ལོ་རྒྱུས་ནི། སྐྱེ་ས་གཙང་གི་སྙེ་མོ་མཆོང་ལ་སྣེ་ཤོད་བྱ་བ་ན་ཡབ་ས་ལེ་དང་། ཡུམ་འོད་གསལ་མཚོ་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས། མིང་རྒྱ་གར་སྐྱབ་ཏུ་བཏགས། ལོ་གསུམ་ལོན་ནས་སློབ་གཉེར་ལ་ཕྱིན་པའི་ལམ་དུ་རྒྱལ་བསེན་གྱིས་གནོད་པ་བྱུང་ནས། ཁ་ཡོ་མིག་ཐེན་ཞིང་བརྒྱལ་སོང་བ་ལས། ཡབ་ཀྱིས་ནས་ཁལ་བརྒྱའི་འབུལ་བ་ཁྱེར་ནས་གངས་པ་རིན་པོ་ཆེའི་དྲུང་དུ་ཁྲིད་དེ། ངའི་བུ་འདི་ནད་འདི་འདྲ་ཞིག་གིས་ཟིན་གདའ་བས། ཁྱེད་ལ་བྱིན་རླབས་ཞིག་ཞུ་ཞུས་པས། བླ་མའི་ཞལ་ནས། ཁོ་ངའི་བརྒྱུད་པ་འཛིན་པ་ཅིག་འོང་བར་གདའ་ཡི་གསུངས་ཤིང་། དེ་མ་ཐག་རབ་ཏུ་བྱུང་བར་མཛད་དེ་མཚན་བརྒྱུད་འཛིན་བླ་མ་རྡོ་རྗེར་གསོལ། ཕྱག་རྒྱ་ཆེན་པོ་བདུད་ཀྱི་གཅོད་ཡུལ་བཏབ་པས། ཞག་བདུན་ལ་ནད་གསོས་ཏེ། གངས་དཀར་ཏི་སེ་སོགས་གཉན་ཁྲོད་བརྒྱ་རྩ་བརྒྱད་འགྲིམས་པས། མཐར་འབྲེལ་ཚད་ཐར་པའི་ལམ་ལ་

65b

འགོད་ནུས་པ་ཞིག་ཏུ་གྱུར་ཏོ། །དེའི་ཐུགས་ལ་ཡོད་པ་དེ་འདོང་ཞིག་ནམ་མཁའ་རྒྱལ་མཚན་ལ་སྙན་དུ་བརྒྱུད།