ཞི་བྱེད་ཆོས་འབྱུང་།
འདོང་ཞིག་ནམ་མཁའ་རྒྱལ་མཚན།
ལེའུ་སྔོན་མ།
ལེའུ་རྗེས་མ།
65b

(འདོང་ཞིག་ནམ་མཁའ་རྒྱལ་མཚན།)

༈དེའི་ལོ་རྒྱུས་ནི། ཡུལ་ནི་མདོ་སྨད་རླུང་ཤོད་ངམ་གྲོང་བྱ་བ་ཡིན་ཞིང་། ཡབ་འདོང་རིག་ཡེ་ཤེས་རྡོ་རྗེ་དང་། ཡུམ་འབྲོང་རྩ་བཙུན་ནེ་བྱ་བ་ཡིན། ལོ་བཅུ་གསུམ་ལ་བླ་མ་ཁྱུང་འཕགས་ལ་རབ་ཏུ་བྱུང་ཞིང་སློབ་གཉེར་ཡང་མང་དུ་མཛད། ཉི་ཤུའི་ལོ་ལ་བླ་མ་ཆོས་རྒྱལ་གྱི་ཞབས་ཕྱིར་སོང་། འཕགས་བ་ཤིང་ཀུན་དང་ཡམ་བུའི་ཕོ་བྲང་ཡན་ཆད་ལ་ཕྱིན། ཕར་ཕྱིན་དང་མཚན་ཉིད་ལ་སྦྱངས། རྒྱ་ནག་རི་བོ་རྩེ་ལྔ་ལ་ཕྱིན། བླ་མའི་སྒྲུབ་པ་ཟླ་བ་ལྔ་ཙམ་མཛད། དེ་ནས་ཆུ་འབྱམས་ལ་བྱོན་ཏེ་མདོ་སྟོད་དུ་ཕྱིན། རྒྱ་ཡུལ་གྱི་རི་དང་ཨ་མོ་རྩ་ཀུན་ལ་གནས་འབྲེལ་ཞུས། ཁམས་པ་རྣལ་འབྱོར་དང་མཇལ། ཕྱག་རྟེན་དུ་རལ་གྲི་དང་དར་ཡུག་ཕུལ་ཏེ་ཕྱག་རྒྱ་ཆེན་པོ་གཅོད་ཡུལ་ཞུས། དེ་ནས་དམར་ཤོད་དབུ་རྩེ་བྱོན། འཁྲུལ་ཞིག་ཀུན་དགའ་རྒྱལ་མཚན་དང་མཇལ། ཕྱག་རྒྱ་ཆེན་པོ་གཅོད་ཡུལ་གྱི་རྒྱུད་དང་བཅས་པ་ཞུས། ཁྱད་པར་དུ་གཏོར་མ་རིན་ཆེན་སྤུངས་པའི་རྒྱུད་དབང་དང་། ཚེ་སྒྲུབ་ཀྱི་སྐོར་དང་། མ་རྒྱུད་ཀྱི་དབང་། ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་ཆ་ལག་དང་བཅས་པ། མ་ཚོགས་མཁའ་འགྲོའི་སྐོར་དང་བཅས་པ་ཐམས་ཅད་ཞུས་ཏེ། གངས་ཏི་སེ་མན་ཆད། རྒྱ་མཆོད་རྟེན་དཀར་པོ་ཡན་ཆད། ལྷོ་བལ་མོན་ཡུལ་ཚུན་

66a

༄༅།       །ཆད་ཀྱི་བླ་མ་གྲུབ་ཐོབ་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པ་བརྒྱ་དང་ལྔ་བཅུ་རྩ་ལྔ་མཇལ། གཉན་ཁྲོད་གངས་ཁྲོད་ལ་སོགས་པའི་གཉན་ས་ཡང་བརྒྱ་དང་བདུན་ཅུ་རྩ་བརྒྱད་ཙམ་འགྲིམས། འགྲོ་བའི་དོན་ཡང་དཔག་ཏུ་མེད་པ་མཛད་དོ། །གངས་པའི་སློབ་བརྒྱུད་རྣམ་ཐར་བསྡུས་པ་དེ་ཙམ་མོ། ། ༈ དེ་ནས་གྲུབ་ཆེན་ཀརྨ་པ་ལ་བཀའ་བབས་ཏེ། འདི་མན་སོ་སོའི་རྣམ་ཐར་ནང་དུ་གསལ་ཞིང་བྲིས་པས་ཀྱང་མི་ལང་བས། དེས་ན་མཚན་གྱི་རྣམ་གྲངས་ཙམ་བརྗོད་ན། མཁས་གྲུབ་སྐྱེ་མེད་པ། རས་ཆེན་གཞོན་ནུ། བསོད་ནམས་རྡོ་རྗེ། ཚུལ་ཁྲིམས་དཔལ་ལྡན། བུདྡྷ་བྷ་དྲ། སངས་རྒྱས་མཆོག་དཔལ། ཡེ་ཤེས་རྒྱལ་མཚན་འདི་མན་བཀའ་གཏེར་ཟུང་འཇུག །ལ་འདུས་རྡོ་རྗེ་སྒྲོན་མ། ཀུན་སྤངས་བརྩོན་འགྲུས་སེངྒེ། ཉི་མ་རྒྱལ་མཚན། མོན་གཅོད་བརྩོན་འགྲུས་སེངྒེ། གྲུབ་ཆེན་ཀུན་དགའ་སེངྒེ། ཀརྨ་པཀྴི། གནམ་མཚོ་བ། རྗེ་རང་བྱུང་རྡོར་རྗེ། གཡུང་སྟོན་པ། རོལ་པའི་རྡོ་རྗེ། མཁའ་སྤྱོད་པ། དེ་བཞིན་གཤེགས་པ། རིན་ཆེན་བཟང་པོ། མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་གཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་

66b

དབང་ཕྱུག །ཚེར་ལུང་པ་ཀུན་དགའ་རྣམ་རྒྱལ། ཀརྨ་ཆགས་མེད། ཉི་མ་འགྱུར་མེད། བསམ་གཏན་བཟང་པོ། གཅོད་རྒོད་བླ་མ། དཀོན་མཆོག་བཀྲ་ཤིས། ཆོས་སྐྱོང་པ། རྡོ་ལུང་པ། ཤྲཱི་བཛྲ། དེས་བདག་དྷརྨྨ་སེངྒེ་ལའོ། །འདི་ནི་བཀའ་གཏེར་ཟུང་འཇུག་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་རྣམ་བཤད་ཆེན་མོའི་བརྒྱུད་པ་ཡིན་ལ། སྔགས་ལུགས་ཀྱི་བཀའ་གཏེར་ཟུང་འཇུག་གཅོད་དབང་བརྒྱ་རྩར་གྲགས་པའི་བརྒྱུད་རིམ་ནི། ཆོས་སྐུ་རྒྱལ་བའི་ཡུམ་ཆེན། མཉམ་མེད་ཐུབ་པའི་དབང་པོ། འཇམ་དཔལ་སྨྲ་བའི་སེང་གེ། རྒྱལ་ཡུམ་འཕགས་མ་སྒྲོལ་མ། རྒྱལ་ཚབ་མི་ཕམ་མགོན་པོ། གྲུབ་ཆེན་བྷིར་ཝ་པ། མཁའ་འགྲོ་བདེ་བའི་དངོས་གྲུབ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། རྗེ་བཙུན་ཨཱརྱ་དེ་བ། མཁས་གྲུབ་ཐོགས་མེད། རྒྱལ་སྲས་དབྱིག་གཉེན། བྲམ་ཟེ་ཨཱརྱ་དེ་ཝ་འམ་ཕ་ཅིག་དམ་པ་སངས་རྒྱས། སྐྱོ་ཤཱཀྱ་ཡེ་ཤེས། སྐྱོ་བསོད་ནམས་བླ་མ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མ། སྐུ་སྲས་རྒྱལ་བ་དོན་གྲུབ། སྐུ་སྲས་ཟིལ་གནོན་ཆེན་པོ། སྐུ་སྲས་ལ་འདུས་མ། དེ་གསུམ་གང་རུང་ནས་ཁུ་སྒོམ་ཆོས་ཀྱི་སེངྒེ། དོལ་བ་ཟངས་ཐལ། རྒྱ་ནག་གཅེར་བུ། སངས་རྒྱས་དགེ་སློང་། ཤེས་རབ་རྒྱལ་མཚན། བློ་གྲོས་ཤེས་རབ། སྟོན་པ་ཤཱཀྱ། ཤཱཀྱ་བྱང་ཆུབ།

67a

༄༅།       །རིནཁ་ཆེན་རྒྱལ་མཚན། བློཀ་གྲོས་རྡོ་རྗེ། ཀུན་བཟང་ཀློང་ཡངས། རིན་ཆེན་གླིང་པ། དེ་ཡན་ཆད་མདོ་ལུགས་རིང་བརྒྱུད་ཡིན་ཞིང་། སྔགས་ལུགས་རིང་བརྒྱུད་ནི། ཆོས་སྐུ་ཀུན་བཟང་། རྡོ་རྗེ་འཆང་། སྐྱེས་མཆོག་པདྨ་རྒྱལ་པོ། རྣལ་འབྱོར་དབང་ཕྱུག་ལཱུ་ཧི་པ། བྲམ་ཟེ་ཆེན་པོ་ས་ར་ཧ་ནས་གྲུབ་ཐོབ་བརྒྱ་བཅུ་རྩ་བཞི་སཽ་ནས་བརྒྱུད་པ་འཛིན་པ་ནི་ཆོས་དྲུག་གི་བརྒྱུད་པ་སོ་སོ་ལྟར་དང་། ཡང་ཆོས་དྲུག་ཕྱོགས་གཅིག་ཏུ་བསྡོམས་པའི་ལུགས་སམ། ཡང་ན་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དག་སྣང་ལྟར་དུ་ཤར་བའི་བརྒྱུད་པའང་ཡིན་ནོ། །བྱ་རི་པ་ནས་མ་ཅིག་ཡན་ཆད་འདྲ། དོན་གྱི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། མ་ཅིག་ལབ་སྒྲོན། སྲས་ཐོད་སྨྱོན། གངས་པ་སྨུག་སེང་། གངས་པ་ལྷུན་གྲུབ། སངས་རྒྱས་བསྟན་བསྲུང་། རྡོ་རྗེ་རྒྱལ་མཚན། ཡང་གྲུབ་ཐོབ་བརྒྱད་ཅུའི་མན་ངག་དང་དམ་པའི་ཞི་བྱེད་སོགས་དུ་མ་ཞིག་མ་ཅིག་ལ་མངའ་སྟེ། རྡོ་རྗེ་འཛིན་པ། བླ་མ་རྡོ་རྗེ། ནམ་མཁའ་རྒྱལ་མཚན། གྲུབ་ཐོབ་ཀརྨ་པ། སྐྱེ་མེད་པ། རས་ཆེན་གཞོན་ནུ། བསོད་ནམས་རྡོ་རྗེ། ཚུལ་ཁྲིམས་དཔལ་ལྡན། སངས་རྒྱས་བཟང་པོ། སངས་རྒྱས་མཆོག་དཔལ། ཡེ་ཤེས་རྒྱལ་མཚན། ཀུན་སྤངས་བརྩོན་འགྲུས་སེངྒེ་། ཉི་མ་རྒྱལ་མཚན། མོན་གཅོད་བརྩོན་འགྲུས་སེངྒེ་། ཀུན་དགའ་སེངྒེ་། ནམ་མཁའ་བློ་གྲོས།

67b

རིན་ཆེན་སེངྒེ་། བློ་གྲོས་རྡོ་རྗེ། རིན་ཆེན་རྒྱལ་མཚན། ཀུན་བཟང་ཀློང་ཡངས། རིན་ཆེན་གླིང་པ། ཀུན་བཟང་བསྟན་འཛིན། ༈ ཚེ་དབང་མཆོག་གྲུབ། རཏྣ་དྷཱ་ཛ། ཡེ་ཤེས་ཚུལ་ཁྲིམས་མན་འདྲ། ཉམས་བརྒྱུད་ནི། ༈ ཆོས་སྐུ་རྡོ་རྗེ་འཆང་། རྗེ་བཙུན་སྒྲོལ་མ། ཌཱ་ཀི་ལབ་ཀྱི་སྒྲོན་མ། སྐུ་སྲས་གླང་ལུང་པ། སྐུ་སྲས་ཐོད་སྨྱོན་བསམ་འགྲུབ། རྗེ་གངས་བ་རྨུག་སེང་། སྐུ་སྲས་ལ་འདུས་སྒྲོན་མ། ཀུན་སྤངས་བརྩོན་འགྲུས་སེངྒེ། ཉི་མ་རྒྱལ་མཚན། མོན་གཅོད་བརྩོན་འགྲུས་སེངྒེ། ཀུན་དགའ་སེངྒེ། ནམ་མཁའ་བློ་གྲོས། རིན་ཆེན་སེངྒེ། བློ་གྲོས་སེངྒེ། རིན་ཆེན་རྒྱལ་མཚན། ཀུན་བཟང་ཀློང་ཡངས་མན་འདྲ། མདོ་ལུགས་ཉེ་བརྒྱུད་ནི། ༈ ཆོས་སྐུ་ཡུམ་ཆེན་མོ། སྤྲུལ་སྐུ་ཤཱཀྱ་ཐུབ་པ། འཇམ་དཔལ་སྨྲ་བའི་སེངྒེ། རྗེ་བཙུན་འཕགས་མ་སྒྲོལ་མ། མཁའ་འགྲོ་སུ་ཀ་སིདྡྷི། ཨཱརྱ་དེ་ཝ། དམ་པ་སངས་རྒྱས། བསོད་ནམས་བླ་མ། ལབ་ཀྱི་སྒྲོན་མ། ཀུན་སྤངས་བརྩོན་འགྲུས་སེངྒེས་ལྷ་ས་སྲིན་མོའི་བྲང་རྒྱབ་ནས་གདན་དྲངས་ཏེ། ཉི་མ་རྒྱལ་མཚན། བརྩོན་འགྲུས་སེངྒེ། ཀུན་དགའ་སེངྒེ། ནམ་མཁའ་བློ་གྲོས། རིན་ཆེན་སེངྒེ། བློ་གྲོས་སེངྒེ། རིན་ཆེན་རྒྱལ་མཚན། ཀུན་བཟང་ཀློང་ཡངས། རིན་ཆེན་གླིང་པ། ཀུན་བཟང་བསྟན་འཛིན། ༈ ཆོས་ཀྱི་དབང་ཕྱུག །ཚེ་དབང་མཆོག་གྲུབ། རཏྣ་དྷྭ་ཛ། ཡེ་ཤེས་ཚུལ་ཁྲིམས། ངག་དབང་

68a

༄༅།       །ཚུལ་ཁྲིམས། བཀའ་དྲིན་གསུམ་ལྡན་གྱི་བདག་ཉིད་ངག་དབང་བློ་བཟང་བྱམས་པ་བསྟན་འཕེལ་དཔལ་བཟང་པོས་བདག་དྷརྨཱ་སེངྒེ་ལའོ། །