ཞི་བྱེད་ཆོས་འབྱུང་།
དཔར་བྱང་སྨོན་ཚིག
ལེའུ་སྔོན་མ།
ལེའུ་རྗེས་མ།

(དཔར་བྱང་སྨོན་ཚིག)

ཨོཾ་གྲུབ་པར་གྱུར་ཅིག །ཟ༷བ་གསང་རྡོ་རྗེ་བཙུན་མོའི་དབྱིངས། །རྒྱ༷་ཆེ༷ན་རླབས་ཕྲིན་ཆུ་འཛིན་གཡོ། །བསྟན་འགྲོའི་སྐྱེད་ཚལ་སྨིན་པའི་ཆར། །རྒྱུན་མི་ཆད་དུ་འབབ་པའི་འཕྲུལ། །མཛད་པོ་ཐུགས་སྤྲུལ་ཡབ་སྲས་ཀྱིས། །དམིགས་མེད་རྣམ་དག་ཞི་བའི་དབྱིངས། །ཐུགས་ཀློང་སྙིང་རྗེ་གཞོན་ནུ་མས། །བསྐུལ་བའི་ཚོགས་གསུམ་ལེགས་ཚོགས་ཀྱིས། །ལུང་རྟོགས་ཡོན་ཏན་བཤད་སྒྲུབ་བསྟན། །འཕེལ་རྒྱས་དབྱར་མཚོ་ཇི་བཞིན་དང་། །ཕ་མ་མཁའ་མཉམ་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ། །བདག་གཞན་འབྲེལ་ཐོག་ལུས་

94a

༄༅།       །ཅན་ཀུན། །སྐུ་གསུམ་རྒྱལ་སྲིད་མ་ཐོབ་པར། །མཐོ་རིས་ཡོན་ཏན་འཕགས་པའི་ནོར། །བདུན་གཉིས་དཔལ་དང་ལྡན་པར་ཤོག །ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །ནད་མུག་འཁྲུག་རྩོད་ལ་སོགས་པའི། །ལྔ་བདོའི་ཉེར་འཚེ་ཀུན་ཞི་ཞིང་། །རྫོགས་ལྡན་བསྐལ་པ་ཅི་བཞིན་སྨོན། །ཅེས་པའང་ལྷ་ལུང་ཐུག༷ས་སྤྲུལ༷་རི༷ན་པོ༷་ཆེ༷་ཀུན༷་བཟ༷ང་ཟི༷ལ་གནོ༷ན་བཞ༷ད་པ༷་རྩ༷ལ་དཔ༷ལ་བཟ༷ང་པོ༷འི་ཞབས་དང་གོང་གི་མཛོད་ཟུར་པ་ཁྱབ་བརྡལ་དཔའ་བོ་རྡོ་རྗེ་ཡབ་སྲས་ཀྱིས་པར་དུ་བསྐྲུན་པའི་དགེ་བས་འགྲོ་རྣམས་ཆོས་སྐུ་ཡུམ་ཆེན་གྱི་གོ་འཕང་རེག་གྱུར་ཅིག །འདི་ཡང་སེངྒེའི་མིང་གིས་སོ། །       ། །དགེའོ། །དགེའོ། །དགེའོ། །        ། །