བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
རྩོམ་པར་དམ་བཅའ་བ།
ལེའུ་སྔོན་མ།
(རྩོམ་པར་དམ་བཅའ་བ།)
རྒྱུད་ཀུན་བླ་མ་འཁོར་ལོ་སྡོམ་པ་ཡི། །སྤྱི་ཡི་རྣམ་གཞག་མདོར་བསྡུས་དོན་གསལ་བ། །རྡོ་རྗེ་འཆང་དངོས་བླ་མས་བཀའ་གནང་ཕྱིར། །རང་དང་གཞན་ལ་ཕན་པའི་དོན་དུ་བྲི། །འདིར། བདེ་མཆོག་རྩ་བའི་རྒྱུད་ཉུང་ངུ་འཆད་པའི་སྤྱིའི་རྣམ་གཞག་ལ། གང་མཉན་ཅིང་བཤད་པར་བྱ་བའི་ཆོས་ངོས་གཟུངས། ཆོས་དེ་ཇི་ལྟར་བྱུང་བའི་ཚུལ། བྱུང་བའི་རྒྱུད་འགྲེལ་ལ་བཤད་ཉན་ཇི་ལྟར་བྱ་བའི་ཚུལ་དང་
2a
༄༅། །གསུམ་གྱི་དང་པོ་ལ།