བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༡. རྗོད་བྱེད་སྒྲའི་ཁྱད་པར་གྱི་དབྱེ་བ།
ལེའུ་སྔོན་མ།
(༡. རྗོད་བྱེད་སྒྲའི་ཁྱད་པར་གྱི་དབྱེ་བ།)
ནག་པོ་པས། རྣལ་འབྱོར་རྒྱུད་དུ་དེ་བཞིན་གཤེགས། །འདི་སྐད་ལ་སོགས་གང་གསུངས་པ། །དེ་ཉིད་རྣལ་འབྱོར་མ་རྒྱུད་དུ། །གསང་བ་མཆོག་གི་དགྱེས་པ་ན། །ཞེས་པས། འདི་སྐད་བདག་གིས་ཐོས་པ་ཞེས་སོགས་ཀྱིས་ཐོག་དྲངས་པ་ནི་མ་རྒྱུད། གསང་བ་མཆོག་གི་དགྱེས་པ་ན། ཐམས་ཅད་བདག་ཉིད་ཀུན་ཏུ་ཞུགས་ཞེས་སོགས་ཀྱིས་ཐོག་དྲངས་པ་ནི་རྣལ་འབྱོར་མ་རྒྱུད་དུ་བཤད་ལ། ཐམས་ཅད་མཁྱེན་པ་དང་ཡེ་ཤེས་སྐུ་ཞེས་སོགས་ཀྱིས་ཐོག་དྲངས་པ་ནི་གཉིས་མེད་ཀྱི་རྒྱུད་དུ་དོན་གྱིས་ཐོབ་པོ། །