(༡ སྟོན་པ་པོའི་ཁྱད་པར་གྱི་སྒོ་ནས་དབྱེ་བ།)
བཙུན་མོའི་ཚོགས་དང་བཅས་པའི་འཁོར་གྱི་དབུས་སུ་རྡོ་རྗེ་འཆང་ངམ་རྡོ་རྗེ་སེམས་དཔའི་རྣམ་པས་གསུངས་པ་ནི་ཕ་རྒྱུད། ཧེ་རུ་ཀའམ་མཁའ་འགྲོའི་ལྷ་མོས་གསུངས་པ་ནི་མ་རྒྱུད་དེ། དགོངས་པ་ལུང་སྟོན་ལས། དེ་ནས་དཔལ་ལྡན་རྣམ་སྣང་མཛད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས། །དེ་ཉིད་གསུམ་སྐྱེར་སྐུ་མཛད་དོ་ཞེས་པ་དང་། རྡོ་རྗེ་མཁའ་འགྲོ་ལས། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅན་བདག་ཉིད་རྟག་ཏུ་བཞུགས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་ཅེས་དང་། རི་གི་ཨཱ་ར་ལིའི་རྒྱུད་ལས་ཀྱང་། རི་གི་རྣལ་འབྱོར་དབང་ཕྱུག་གཙོ། །དེ་ལ་ཨ་ར་ལིས་
བདག་རྡོ་རྗེ་སེམས་དཔར་གྱུར་ནས། སེམས་ཅན་ཐམས་ཅད་གོ་འཕང་དེ་ལ་དགོད་པར་བྱའོ། །སྙམ་པའི་འདོད་པ་དང་བཅས་པའི་སེམས་བསྐྱེད་དོ། །འཇུག་པ་བྱང་ཆུབ་ཀྱི་སེམས་ནི། དེའི་ལམ་སྦྱིན་པ་ལ་སོགས་པ་ཉམས་སུ་ལེན་པའི་རང་བཞིན་ནོ། །དེ་གཉིས་ནི་བླ་ན་མེད་པའི་འབྲས་བུ་སྒྲུབ་པར་བྱེད་པས་ན་བླ་མེད་དོ། །འཇིག་རྟེན་ལས་འདས་པའི་ཡོན་ཏན་དམ་པ་ཐོབ་པར་བྱེད་པའི་ཕྱིར་དམ་པ་ཏེ། དེ་བདག་གིས་བསྐྱེད་པར་བགྱིའོ། །དེ་ལྟར་དང་པོ་སེམས་བསྐྱེད་ནས་སྡོམ་པ་འཛིན་པ་ནི། བཟུང་བར་བགྱི་ཞེས་དྲང་ངོ་། །གང་ན་རྣམ་པ་གསུམ་མོ། །གསུམ་པོ་གང་ཞེ་ན། མི་དགེ་བ་ལས་ལྡོག་པའི་ངོ་བོ་སྡོམ་པའི་ཚུལ་ཁྲིམས་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་མཚན་ཉིད་ཅན་ཏེ། ལུས་ལ་སོགས་པ་བྱ་བ་མ་ཡིན་པ་ལས་ལྡོག་ཅིང་བསྡུད་པའི་ཕྱིར་སྡོམ་པ་སྟེ། དེའང་བྱང་ཆུབ་སེམས་དཔའི་སེམས་གནས་པའི་རྒྱུར་འགྱུར་རོ། །དགེ་བའི་ཆོས་རྣམས་བསྡུད་ཅིང་བསྒྲུབ་པར་བྱེད་པ་ནི་དགེ་བའི་ཆོས་བསྡུད་ཀྱི་ཚུལ་ཁྲིམས་ཏེ། བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པའི་རྒྱུར་འགྱུར་རོ། །སེམས་ཅན་ལ་ཕན་པའི་དོན་བྱ་བའི་མཚན་ཉིད་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི་སེམས་ཅན་ཡོངས་སུ་སྨིན་པའི་ཆེད་དུའོ། །གང་གིས་ན་བདག་གིས་ཏེ། རང་ཉིད་ཀྱིས་འགྲོ་བ་འཁོར་བ་ནས་གདོན་ཅིང་སྒྲོལ་བར་ཁས་བླངས་པ་ཉིད་ཀྱི་ཕྱིར་ང་རྒྱལ་བྱེད་པའོ། །ཇི་ལྟར་ན་སོ་སོར་བརྟན་པོར་བཟུང་སྟེ། སོ་སོར་ནི་ཡང་དང་ཡང་དུ་
༄༅། །ཕྱི་རོལ་པའི་གང་ཟག་སྲོག་གཅོད་པ་ལ་སོགས་པ་ལ་དགའ་ཞིང་། ལྟ་བ་དང་ལམ་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་གདུལ་བའི་ཕྱིར་མ་རྒྱུད་དེ། གུར་ལས། སྲོག་ཆགས་གསོད་དང་འབད་ལྡན་དང་། །ལྟ་བ་ལས་ནི་ལོག་རྣམས་དང་། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །བདེ་བའི་ཐབས་ཀྱིས་རྒྱས་མིན་ཞིང་། །གཞུང་ཉུང་བ་ལ་དོན་རྒྱས་པ། །བློ་དམན་རབ་ཏུ་རྟོགས་བྱེད་པའི། །སྔགས་རྣམས་ཀྱིས་ནི་ཁྱད་པར་ཕྱིར། །རྒྱུད་ཀུན་ཡི་ནི་སྙིང་པོ་ཡི། །མཁའ་འགྲོ་མའི་རྒྱུད་བཤད་དོ། །ཞེས་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་ལས། གང་དུ་སྐྱེས་པ་རྣམས་དང་རང་གི་སྡེ་པ་འདུལ་བའི་ཕྱིར་ལྷ་ཕོའི་རྣམ་པ་མང་བའི་དཀྱིལ་འཁོར་སྟོན་པ་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་བུད་མེད་དང་ཕྱི་རོལ་མུ་སྟེགས་འདུལ་བའི་ཕྱིར་དེ་དག་དང་རྗེས་སུ་མཐུན་པའི་ལྷ་མོའི་རྣམ་པ་མང་བའི་དཀྱིལ་འཁོར་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ་ཞེས་སོ། །དེ་ལྟར་ཁྱད་པར་རེ་རེས་ཕ་རྒྱུད་མ་རྒྱུད་དུ་ངེས་པ་ཅན་དུ་དབྱེ་བར་མི་ནུས་ཏེ། ཤས་ཆེ་བ་དང་། ཕྱོགས་རེ་ཙམ་ལ་མཚོན་ནས་བསྟན་པ་ཡིན་ནོ། །ཁྱད་པར་གཉི་ག་དེ་རྣམས་ཆ་ལྡན་དུ་ཚང་བ་དང་། གཉི་ག་མ་ཡིན་པ་ཞིག་བརྗོད་བྱའི་གཙོ་བོར་སྟོན་ན་ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཅེས་གོ་བར་བྱའོ། །