ལྡེའུ་ཆོས་འབྱུང་།
བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ།)

དེ་ནས་བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ནི་གཞུང་ལས། གྲངས་མེད་གསུམ་གྱི་བར་དུ་ཚོགས་བསགས་པས། །ས་ནི་དང་པོ་བརྒྱད་པ་བཅུ་པར་ནོན། །ས་བཅུ་བྱང་ཆུབ་སེམས་དཔའི་སྟོན་པ་མཛད། །ཞེས་པ་དེ། དེ་ལ་ཡང་གྲངས་མེད་པ་གསུམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་དཀའ་བ་ཅད་པ་དང་འབུད་དྷ་ཇི་སྙེད་པ་ལ་བསྙེན་བསྐུར་བྱས་པའི་ཚུལ་ཡང་། བྱེ་བྲག་སྨྲ་བ་རྣམས་ན་རེ་གྲངས་མེད་གསུམ་ཡང་ཚོགས་ལམ་ལ་འདའ་བར་འདོད་ལོ། །དེ་ཡང་ཕ་རོལ་ཕྱིན་དྲུག་ཅད་ལུགས་ནི་བྱང་ཆུབ་སེམས་དཔའ་དུད་འགྲོར་སྐྱེས་ནས་སེམས་ཅན་རྣམས་ལ་མགོ་ལ་སོགས་པ་

16b

བཏང་པས་སྦྱིན་པ་རྫོགས་པར་མཛད། རྒྱ་མཚོའི་མཚོང་བར་སྐྱེས་པའི་ཚེ་མགོ་དང་ཡན་ལགས་བཅད་ཀྱང་མི་འཁྲུག་པས་ཚུལ་ཁྲིམས་རྫོགས། དྲང་སྲོང་བཟོད་པ་སྨྲ་བར་སྐྱེས་ནས་ཡན་ལགས་བཅད་པ་བཟོད་པས་བཟོད་པ་རྫོགས། འབུད་དྷེ་སྭ་སྟྭ་སྐར་བརྒྱལ་དུ་སྐྱེས་པའི་དུས་སུ། དེ་བཞིན་གཤེགས་པ་སྐར་རྒྱལ་རིའི་ཕུགས་ན་མཚན་མོ་རི་བོའི་སྤོ་ལ་མེ་འབར་བ་ལྟ་བུའི་ཟད་པར་མེའི་ཁམས་ལ་སྙོམས་པར་བཞུགས་པ་ལ་རྐང་པ་གཅིག་གི་འཐེ་བོས་སྐུ་མདུན་དུ་བསྐོར་བ་བྱེད་ཅིང་ཚིག་བཅད་པས་བསྟོད་པས་བརྩོན་འགྲུས་རྫོགས། སྨན་ཆེན་བློན་པོར་སྐྱེས་པའི་དུས་སུ་བསམ་གཏན་དང་། དོན་འགྲུབ་ཏུ་སྐྱེ་བ་བཞེས་པའི་དུས་སུ་ཤེས་རབ་རྫོགས་པར་བྱས་པ་སྟེ། མདོ་ལས་ཀྱང་ཀུན་ལ་ཐམས་སྙིང་རྩེ་བས། །སྦྱིན་སོགས་ཕ་རོལ་ཕྱིན་རྫོགས་བྱས། །ཞེས་པའོ། །འབུད་དྷ་ཇི་སྙེད་པ་ལ་བསྙེན་བསྐུར་བྱས་པས་ས་དང་པོ་ནོན། གཉིས་པ་ལ་རིན་ཆེན་གཙུག་གཏོར་ནས་མར་མེ་མཛད་ཀྱི་བར་དུ་བདུན་ཁྲི་དྲུག་སྟོང་ལ་བསྙེན་བསྐུར་བྱས་པས་ས་གཉིས་པ་ནོན། གསུམ་པ་ལ་མར་མེ་མཛད་ནས་རྣམ་པར་གཟིགས་ཀྱི་བར་དུ་བདུན་ཁྲི་བདུན་སྟོང་ལ་བསྙེན་བསྐུར་བྱས་པས་ས་གསུམ་པ་ནོན། དེ་ཡང་མཛོད་ལས་རྣམ་གཟིགས་མར་མེ་རིན་ཆེན་གཙུག་གཏོར་ཅན། གྲངས་མེད་གསུམ་གྱི་ཐ་མར་བྱུང་། ཤཱཀྱ་ཐུབ་པ་དང་པོ་ཡིན་ཞེས་པའི་ཚུལ་དུའོ། །དེ་ནི་ཐེགས་པ་ཆུང་ངུ་འམ་ཐུན་མོངས་ཀྱི་འདོད་པའོ། །ཐེགས་པ་ཆེན་པོ་ལྟར་ན། ཤཀ་ཐུབས་ཀྱིས་གོང་ལས་རྣམ་པར་གཟིགས་བྱོན། བྲམ་ཟེའི་ཁྱིའུ་ཤག་ཀྱར་སྐྱེས། ས་དང་པོ་ནོན། མར་མེ་མཛད་བར་དུ་སྟེ་བྲམ་ཟེ་ཆོས་ཀྱིས་སྤྲིན་དུ་

17a

༄༅།       །སྐྱེས་ས་བརྒྱད་པ་ནོན། གཙུག་གཏོར་ཅན་ཐ་མར་སྟེ། བྲམ་ཟེ་སེར་སྐྱར་སྐྱེས་ས་བཅུ་པ་ནོན། དེ་ཡང་འབུད་དྷ་རྣམས་གཟིགས་ནི་འདི་ནས་བསྐལ་པ་དགུ་བཅུ་རྩ་གཅིག་གི་གོང་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་པ་ལ་བྱོན་ཏེ། བསྐལ་བཟང་སྟོང་དགེ་སློང་སྟོང་དུ་སྐྱེས་ནས་ཚངས་པར་སྤྱོད་པ་ཅད་དེ། དེ་དག་བསྐལ་པ་བཟང་པོ་ལ་འཚངས་རྒྱ་བར་ལུང་སྟན། ཁྱད་པར་ཤཀ་ཐུབ་ནི་བྲམ་ཟེ་ཤཱཀྱར་སྐྱེས་ལུགས་སྟན། ཁྱིམ་བདག་བློ་གྲོས་ལྡན་ཞེས་པ་ཡང་རྩ་འཚོང་བཀྲ་ཤིས་སུ་གྱུར་ཏེ། །ཡང་ཐེགས་པ་ཆེན་པོ་པའམ་ཐེགས་པ་ཐུན་མོངས་ཀྱི་མདོ་ཁ་ཅིག་ལས་འདི་སྐད་དུ་བྱུང་ཏེ། ཤཀ་ཐུབ་ལ་སེམས་བསྐྱེད་རྩ་ན་གྲངས་མེད་གསུམ་གྱི་མགོ་མ་གཙུགས། དེ་ནས་སྐབས་དེར་ཚོངས་དཔོན་གྱི་བུ་མངོན་དགར་སྐྱེས་ནས་འབུད་དྷ་མཛེས་པ་ཆེན་པོ་ལ་སེམས་བསྐྱེད་དེ། དེས་ཀྱང་ཐར་པ་ཆ་མཐུན་གྱི་དགེ་རྩ་ཆེན་པོར་གྱུར་ཀྱང་གྲངས་མེད་ཀྱི་མགོ་མ་གཙུག་སྐད། དེ་ནས་དགེ་བའི་རྩ་བ་ཡོངས་སུ་སྨིན་པས་བདག་མེད་པ་ལས་དོན་སྤྱིའི་རྣམ་པ་ལ་མོས་པར་གྱུར་ཏེ་གྲངས་མེད་དང་པོ་ལ་འཇུག་པས་ན། རྒྱལ་པོ་ཚེ་རྣམ་པར་རྒྱལ་བའི་སྲས་རྒྱལ་བུ་བརྩོན་འགྲུས་སྤྱོད་དུ་སྐྱེས་ནས་འབུད་དྷ་འོད་འཕྲོ་བའི་ཕུང་པོ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྡུས་པ་ཚད་མེད་བཞིའི་ཆོས་ལ་ཉན་ཏེ་གྲངས་མེད་གསུམ་གྱི་མགོ་བརྩམས་པར་མཛད་དེ། རིན་ཆེན་གཙུག་གཏོར་གྱིས་བར་དུ་མང་དུ་བསྙེན་བསྐུར་རོ། །སྦྱོར་ལམ་མན་ཆད་དེ་གྲངས་མེད་དང་པོའོ། །དེ་ནས་གྲངས་མེད་གཉིས་པའི་མགོ་གཙུག་ས་ནི་ཚོངས་དཔོན་གྱི་བུ་ཤེས་རབ་བཟངས་པོར་སྐྱེས་ནས། འབུད་

17b

དྷ་དཀོན་མཆོག་ཡན་ལགས་ལ་བསྙེན་བསྐུར་སྟེ་ས་བདུན་པའི་བར་དུ་ངར་མཛིན་པ་དང་བཅས་པའི་མ་དག་པའི་ས་ལས་འདས་སྟེ། བསྒོམས་ལམ་མན་ཆོད་ཀྱི་ས་བརྒྱད་པ་ནོན་སྟེ་གྲངས་མེད་གཉིས་པའོ། །དེ་ནས་གྲངས་མེད་པ་གསུམ་པ་ལ་བྲམ་ཟེ་གཞོན་ནུ་སྤྲིན་དུ་སྐྱེས་ནས། མར་མེ་མཛད་ལ་བསྙེན་བསྐུར་བྱས་པས་དག་པའི་ས་གསུམ་རྫོགས་ནས་གྲངས་མེད་གསུམ་པ་མཐར་ཕྱིན་སྟེ། དེ་ཡང་གང་ལྟར་ཕྱིར་མི་ལྡོག་པའི་ས་བརྒྱད་པ་ནོན་སྟེ། གྲངས་མེད་པ་གསུམ་པ་ལ་འཇུག་པ་ནས་འཛམ་བུའི་གླིང་འདིར་རྒྱལ་པོ་དགྲ་ཐུལ་ཞེས་བྱ་བ་དང་། དེའི་བདན་ཕྱེད་ལ་དབང་བྱེད་པའི་བྲམ་ཟེ་མར་མེའི་བདག་པོ་བྱ་བ་གཉིས་བྱུང་། བྲམ་ཟེ་དེ་ལ་སྲས་འབུད་དྷ་མར་མེ་མཛད་འཁྲུངས་སྟེ་བཙུན་མོའི་ནང་ན་གནས་པ་ལ་གནས་གཙང་མའི་ལྷ་རྣམས་ཀྱི་རབ་ཏུ་བྱུང་པར་བསྐུལ་བ། བཙུན་མོ་འཁོར་གྱི་གནས་འདིར་ནི། །ཡོན་ཏན་འབྱུང་གནས་གྱུར་པ་མེད། །དྲང་སྲོང་རྒྱལ་མཚན་གནས་ནས་ནི། །བྱང་ཆུབ་དམ་པ་རྟོགས་པར་འགྱུར། །ཞེས་པ་ལ་སོགས་པས་བསྐུལ་བས་རབ་ཏུ་བྱུང་ཏེ། དེའི་ནུབ་མོ་ཉིད་ལ་སངས་རྒྱས་ནས་མར་མེ་ཅན་ན་གནས་སོ། །དེའི་གྲགས་པ་རྒྱལ་པོ་དགྲ་འདུལ་གྱིས་ཐོས་ནས་དམགས་ཀྱི་དཔུང་གི་སྡིགས་སྟེ། སངས་རྒྱས་ངའི་གན་དུ་ཐོང་ཞེས་སྲིངས་སོ། །དེ་ནས་སངས་རྒྱས་འཁོར་དང་བཅས་སྟེ་རྒྱལ་པོའི་ཕོ་བྲང་པདྨ་ཅན་དུ་གཤེགས་སོ། །དེའི་ཚེ་ཤཀ་ཐུབ་འདི་བྲམ་ཟེའི་ཁྱིའུ་གཞོན་ནུ་སྤྲིན་དུ་སྐྱེས་ནས། རི་བོ་གངས་ཅན་ནས་སློབ་དཔོན་བྲམ་ཟེ་རིན་པོ་ཆེ་ཞེས་བྱ་བ་རིགས་བྱེད་ལ་མཁས་པ་གཅིག་ཡོད་པ་ལ་རིགས་བྱེད་རྫོགས་པར་བསླབས་སྟེ། དེ་མཉེས་པའི་ཡོན་

18a

༄༅།       །བཙལ་བའི་སླད་དུ་ཡུལ་དབུས་སུ་འགྲོན་བུ་ལྔ་བརྒྱ་འཚོང་དུ་སོང་པ་ལ། མཐར་གྱིས་པདྨ་ཅན་གྱི་ཚོངས་དུས་ཀྱི་དབུས་སུ་ཕྱིན་པ་དང་། ལྷ་རྣམས་མེ་ཏོག་ཁྱེར་སིལ་སྙན་སྒྲོགས་པ་མཐོང་ནས་ནས་དྲིས་པས་འབུད་དྷ་མར་མེ་མཛད་ལ་མཆོད་པ་བྱེད་ཟེར་ནས། དེར་དད་པ་སྐྱེས་སྟེ་བསམ་པས་སློབ་དཔོན་བྲམ་ཟེའི་ཡོན་སྟོད་བསབས། འབུད་དྷ་འདི་ལ་བསྙེན་བསྐུར་བྱ་སྙམས་ནས་འགྲོན་བུས་མེ་ཏོག་བཙལ་བས་མ་རྙེད་དེ། མི་འཚོང་པར་དམ་བཅའ་བྱས་ཟེར། དེར་བྲམ་ཟེའི་བུ་མོ་བཟངས་ལྡན་ལ་ཨུད་པ་ལ་ལྔ་འདུག་པས་དེ་ཉོས་པས་མ་གཏེར། ཁྱིམས་འཐབ་དུ་བྱེད་ན་སྦྱིན་ཟེར་ནས་དེ་ལྟར་ཁས་བླངས་སྟེ་མེ་ཏོག་ལྔ་བྱིན་པ་དེ་སངས་རྒྱས་ལ་གཏོར། ཁྲི་གཉན་ས་ལེའི་ལྤགས་པ་གཏིང་། རལ་པས་གདན་ལོ་བཅུ་གཉིས་བྱས་པས་ལུང་སྟན་ཏེ། སྲིང་མོ་ཡང་ལུང་སྟན་པ་གང་གའི་ལྷ་མོའོ། །དེ་ལ་སོགས་པ་འབུད་དྷ་བདུན་ཁྲི་ལྔ་སྟོང་དཔག་ཏུ་མེད་པ་ནས། རྣམ་པར་གཟིགས་ཀྱི་བར་དུ་བསྙེན་བསྐུར་བས། དག་པའི་ས་གསུམ་རྫོགས་ནས་གྲངས་ཎ་པ་གསུམ་པོ་རྫོགས་སྟེ། མཐར་ཕྱིན་པའི་ལམ་བསྒྲོད་ནས་ས་བཅུ་པ་ནོན་ཏོ། །དེ་ནས་ཟད་པར་མེ་ལ་གནས་ནས་དེ་བཞིན་གཤེགས་པ་ཀར་རྒྱལ་བསྟོད་དེ། དཀའ་ཐུབ་སྟེན་ནས་གྲོང་ཁྱེར་ཉེར་ལྡན་དུའོ། །དེ་ནས་ཐ་མར་འབུད་དྷ་འོད་བསྲུངས་ཀྱི་དུས་སུ་བྲམ་ཟེའི་ཁྱེའུ་བླ་མར་གྱུར་ཏེ། སྐལ་པ་གཅིག་གི་བར་དུ་ཚོགས་སྒྲུབས་ནས་ས་ལམ་ཐམས་ཅད་མཐར་ཕྱིན་པར་བྱས་སྟེ་ཚོགས་ལམ་ཐམས་ཅད་རྫོགས་པས། གྲངས་མེད་གསུམ་གྱི་བར་དུ་ཚོགས་བསགས་ནས་ཅེས་པའོ། །