(འབྲས་བུ་མངོན་པར་རྫོགས་པ་འཚང་རྒྱ་བ་སྐུ་གསུམ་ཚུལ་གྱིས་བསྟན་པ།)
དེ་ལྟར་སྟན་པའི་བདག་པོ་ཤཀ་ཐུབ་པ་འདིས་སེམས་བསྐྱེད་ཅིང་ཚོགས་བསགས་ནས། འབྲས་བུ་མངོན་པར་རྫོགས་པར་སངས་རྒྱ་བ་ནི་སྐུ་གསུམ་གྱི་ཚུལ་སྟེ། དེ་ཡང་ཆོས་སྐུ་དང་ལོངས་སྐུར་འཚངས་རྒྱ་བའི་གནས་ནི་འོག་མིན་ཡིན་ལ། འཛམ་བུའི་གླིང་དུ་ནི་སྤྲུལ་པའི་སྐུར་སངས་རྒྱ་བའི་ཚུལ་སྟོན་པའོ། །དེ་སྐད་དུ་ཡང་ལམ་དཀར་གཤེགས་པ་ལས། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་རྣམས་ནི་སངས་མི་རྒྱ། །གཟུགས་གྱིས་ཁམས་དང་འོག་མིན་དུ། །འདོད་ཆགས་བྲལ་བ་ཁྱོད་འཚངས་རྒྱའོ། །ཞེས་པ་དང་། ཟླ་གསང་ཐིག་ལེ་ལས་ཀྱང་། གཙང་མའི་གནས་འདི་རབས་སྤང་སྟེ། །འོག་མིན་འཐུག་པོ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ནི་འདིར་སངས་རྒྱ་ཞེས་པས་སོ། །དེ་ཡང་གཞུང་ལས་འོག་མིན་གི་གནས་སུ་ལོངས་སྐུར་སངས་རྒྱ་སྟེ། དེ་ནས་དགའ་ལྡན་དུ་ལྷའི་སྟོན་པ་མཛད་དེ་བྱམས་པ་རྒྱལ་ཚབ་བཞག་ཞེས་པ་ཚིག་གསུམ་གྱི་དོན་སྟོན་པ་ནི། ས་བཅུ་པའི་བུད་དྷེ་སྭ་སྟྭ་དེ་འོག་མིན་དུ་འགྲོ་བ་ལ་སྲིད་པ་གསུམ་གྱིས་ཏིང་ངེ་འཛིན་དང་། མི་གཡོ་བའི་བསམ་གཏན་གྱིས་བསྒྲོད་པ་ལས། སྲིད་པ་གསུམ་ནི་འཆི་བ་བར་
དོ་སྐྱེ་བ་གསུམ། དེ་ལ་འཆི་བའི་སྲིད་པ་ལ་གཉིས་ལས། རྣམ་སྨིན་གྱིས་འཆི་བ་མ་ཡིན། བསམ་གྱིས་མི་ཁྱབ་པ་ཡོངས་སུ་གྱུར་པའི་འཆི་འཕོ་སྟེ། འདི་ནས་འབུད་དྷེའི་ལུས་ཀྱིས་རི་རབ་དུ་བྱོན་ཏེ། གྲོང་ཁྱེར་ལྟ་ན་སྡུག་པའི་དབུས་སུ་ལུས་བཞག་ནས་སྨོན་ལམ་བཏབ་པ། བདག་ནམ་ཞིག་སངས་རྒྱས་ནས་གཟུགས་ཀྱི་རྣམ་པར་རྟོགས་པར་སྤྲུལ་པ་དང་། སྒྲའི་རྣམ་པར་རྟོགས་པར་འཆད་པའི་དུས་སུ། བདག་གི་ལུས་བཞག་པ་འདིས་སེང་གེའི་ཁྲིར་གྱུར་ལ། དེའི་སྟེང་ནས་བདག་ཆོས་སྟོན་པར་གྱུར་གཅིག་ཅེས་བཞག་གོ །དེ་ནས་བར་མ་དོའི་སྲིད་པར་ལྷ་མོ་བརྒྱད་ཀྱིས་ཚུལ་གྱི་བསྒྲོད་ནས། སྐྱེ་བའི་སྲིད་པ་འོག་མིན་དུ་སྐྱེས་སྟེ། དེ་ཡང་ལོངས་སྐུའི་ཞིང་ཁམས་དེ་ན། སྣང་པ་དག་པ་རྣམས་ལ་ཙན་དན་སྦྲུལ་གྱི་སྙིང་པོ་ལས་བྱས་པའི་ཁང་པ་ཡོད་དེ། ཀ་བ་ས་ཡ་ཕྲག་ཕྱེད་དང་བཅུ་གསུམ་གྱིས་གྲུབ་པའི་དབུས་སུ། པདྨའི་སྡོང་པོ་གཅིག་ལས་སྤྲུལ་ཏེ་ཀུན་རྫོབ་ཀྱི་གོས་དང་བཅས་པའི་རྫུས་སྐྱེས་གཅིག་ཏུ་འཁྲུངས། དེ་ལ་ཕྱོགས་བཅུའི་ཏ་ཐ་ག་ཏ་རྣམས་ཀྱི་གསང་སྔགས་ཀྱི་སྣོད་དུ་རུང་བར་གཟིགས་ནས་ཐམས་ཅད་འདུས་སྟེ་དབང་བསྐུར། དེ་ནས་གདམས་ངག་བཤད་སྙམས་རྩ་ན། འབུད་དྷེ་སྭ་ཏྭ་དེ་ཉོན་མོངས་པའི་སྒྲིབས་པ་བྱང་ཡང་། ཤེས་བྱའི་སྒྲིབས་པ་བག་ཆགས་རྩམ་གྱིས་སྒྲིབས་ནས་ང་རྒྱལ་དྲེགས་པ་ཅུང་ཞིག་སྐྱེས་སྟེ། བདེ་བར་གཤེགས་པ་འདི་རྣམས་དང་བདག་རྟོགས་པ་ལ་ཁྱད་པར་མེད་དེ། སྤངས་པའི་ཁྱད་པར་དུམ་གཅིག་ཡིན་པས་ཁོང་གི་བསྒོམས་པས་སངས་རྒྱས། ངས་མ་བསྒོམས་པས་སངས་མ་རྒྱས་པ་ཡིན། སྒོམས་
༄༅། །པའི་གདམས་པ་ནི་བདག་རང་ལ་ཡོད་དེ། གདམས་ངག་ཞུ་མི་དགོས་འདི་རྣམས་ཀྱི་དྲིན་ལ་དགོས་པ་མེད་སྙམས་པ་དང་། དེ་རྣམས་ཀྱང་ཕྱོགས་ཕྱོགས་སུ་གྱེས་སོ། །དེ་ནས་མི་གཡོ་བའི་ཆོས་ཅན་རྗེས་སུ་དྲན་པ་དྲུག་བསྒོམས་པ་ལས་ལུས་མི་གཡོ་བ་བསམ་གཏན་གྱི་ཆོས་བདུན་བྱས། ངག་དབུགས་འབྱུང་རྔུབས་སྤངས། སེམས་གཟུང་འཛིན་སྤང་ནས་བསྒོམས། དེ་ལ་ཡང་རྟེན་དཀོན་མཆོག་རྗེས་སུ་དྲན་པར་བསྒོམས། རྐྱེན་ཚད་མེད་པ་བཞི། ཤེས་བྱ་བདེན་པ་གཉིས། ལམ་ཐབས་ཤེས་རབ། རྒྱུ་རིགས་ལྔའི་དམ་ཚིག་དང་སྡོམ་པ། འབྲས་བུ་མངོན་པར་རྫོགས་པར་སངས་རྒྱ་བ་རྣམས་རྗེས་སུ་དྲན་པ་བསྒོམས་པས། མཉམ་བཞག་ལ་སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའི་དཀྱིལ་ལྟ་བུར་མཐོང་ཀྱང་། རྗེས་སྒྱུ་མའི་དཔེ་རྒྱད་དུ་སོང་པ་ལ་སེམས་འཁྲུལ་སྟེ། ག་རེ་བདག་གི་བྱ་བ་ནི་བྱས། ཟག་པ་ནི་ཟད། ཨ་ར་ཧན་འདི་ལ་ཡར་གཤེགས་ཀྱང་གུང་ལ་དོན་མི་མངའ། སངས་རྒྱས་པ་བྱ་བ་ནི་རང་ཡིན་ནམ་སྙམ་པ་དང་། ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་འདུས་སྟེ་བསྐུལ་བས་དེ་བཞེངས་སྟེ། བལྟས་རྩ་ན་མདུན་ན་དེ་བཞིན་གཤེགས་པ་རྣམས་བཞུགས་པ་མཐོང་ནས་འགྱོད་པ་དང་བཅས་པས་ཕྱག་བྱས་སྟེ་གདམས་ངག་ཞུས་པས། དེ་རྣམས་ཀྱིས་མགྲིན་གཅིག་ཏུ་གསུང་པ། རིགས་ཀྱི་བུ་རང་གི་སེམས་ལ་སོ་སོར་རྟོགས་ཅིག་ཞེས་པ་ལས་སོགས་པ་གདམས་ངག་ཕོག་པ་ལ། དོན་བསྒོམས་པ་ལྔ་ལ་སོགས་པ་རྣམ་པ་ལས་བྱང་ཆུབ་པའི་ཉེར་ལྔས་སངས་རྒྱས་ཏེ། རང་དོན་དུ་ཆོས་ཀྱི་སྐུ་སྔོན་དུ་བྱས་པས་འཁོར་གྱིས་ཀྱང་
མ་མཐོང་སྟེ་སྟོང་ཉིད་དུ་གནས་སོ། །དེ་ནས་སྟོང་ཉིད་དེ་ལས་ཆུ་ལས་ཉ་ལྡང་པའི་ཚུལ་དུ་ལོངས་སྐུ་རྣམ་སྣང་དུ་བཞེངས་སྟེ་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་གསུངས། དེ་ནས་འཁོར་གྱི་སྣང་པ་ལ་ལོངས་སྐུ་རིགས་ལྔར་སྣང་སྟེ། དེས་ལྷ་གནས་གསུམ་དུ་ཆོས་ཀྱི་འཁོར་ལོ་བསྐོར་སྐད། དེ་རྩམ་ན་བསྐལ་པ་རྫོགས་ལྡན་གྱིས་དུས་སྟེ། གཉིས་ལྡན་གསུམ་ལྡན་དུས་སུ་ཆོས་མ་གསུང་། བཞི་པ་བཙོད་ལྡན་གྱིས་དུས་སུ་རྩ་བའི་སྐུ་བ་ལས་རྡོ་རྗེ་སེམས་དཔའ་གཅིག་ཏུ་བྱེ་ནས་གཟུགས་ཁམས་སུ་རྟོགས་ལྡན་སྙིང་པོར་བྱོན། དེ་ནས་འདོད་ཁམས་སུ་དམ་པ་རྟོགས་དཀར་པོར་བྱོན་ཏེ་ལྷ་རྣམས་ཀྱི་སྟོན་པ་མཛད་དེ་ལོངས་སྐུས་སྣང་པ་དག་པ་ལྷ་རྣམས་ཀྱིས་དོན་བྱས་པའོ། །