ལྡེའུ་ཆོས་འབྱུང་།
༤.གཞོན་ནུའི་རོལ་རྩེད་ཀྱི་མཛད་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༤.གཞོན་ནུའི་རོལ་རྩེད་ཀྱི་མཛད་པ།)

དེ་ནས་གཞོན་ནུ་རོལ་རྩེད་མཛད་པ་ནི། ཤཀྱ་བ་ལྔ་བརྒྱས་ཁྱིམ་ལྔ་བརྒྱ་ཕུབ་ནས་ཕུལ། བྲམ་ཟེ་མདུན་ན་འདོན་གྱིས་སྐར་མ་ནག་པ་ལ་གོས་བརྩེམས་ནས་དེ་ལ་མས་བརྒྱན་ལ་སོགས་པ་བཏགས་ཏེ་བྲམ་ཟེའི་བུ་ཉི་ཁྲི་དང་། ཤཀྱའི་བུ་སྟོང་ཕྲག་བཅུ་དང་འགྲོགས་ནས། ཡིག་མཁན་ཀུན་གྱི་བཤེས་གཉེན་སྲིན་བུ་གོ་ཆ་ཞེས་པའི་གན་དུ་ཡི་གེ་སྦྱོང་དུ་ཕྱིན་པས། རྒྱལ་བུས་ཡི་གེ་དྲུག་བཅུ་རྩ་བཞིའི་གྲངས་སྟོན་པས། བཤེས་གཉེན་ཡ་མཚན་སྐྱེས་ནས་སྨྲས་པ། སེམས་ཅན་དག་པ་ངོ་མཚར་ཆེ། །ཡི་གེ་གང་གི་མིང་དག་ཀྱང་། །བདག་གི་ཤེས་པར་མ་གྱུར་པ། །གཞོན་ནུ་འདི་གསུང་ངོ་མཚར་ཆེ། །ཞེས་ནས་སླབ་མ་དགོས་པར་ཐམས་ཅད་རྒྱལ་བུས་སླབས་སོ། །དེ་ནས་བརྩིས་ཆེན་པོ་རྩིས་གྲུབ་ལ་རྩིས་སླབ་པ་ལ་

26/27a

༄༅།       །རྒྱལ་བུས་གྲངས་སྟོན་པས། གྲངས་མེད་པ་ནས་ཇི་ལྟར་རྩི་དྲིས་པས། རྩིས་གྲུབ་ཀྱིས་མ་ཤེས་སྟེ་དེ་ནས་སླར་ཕར་ལ་སླབས་སྐད་དོ། །དེ་ནས་དྲི་ཟ་རབ་རྒ་དང་བཟོ་འདྲན་ནས་བསྟུལ། དེ་ནས་ལྡོང་དང་བརྒྱན་དང་སོག་དང་ཆོ་ལོ་ལ་སོགས་པ་རྒྱུ་རྩལ་དྲུག་བཅུ་རྩ་བཞིས་རོལ་རྩེད་མཛད་དོ། །