ལྡེའུ་ཆོས་འབྱུང་།
༦.རབ་ཏུ་བྱུང་བའི་མཛད་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༦.རབ་ཏུ་བྱུང་བའི་མཛད་པ།)

དེ་རྩམ་ན་ལྷ་བུ་ཁྲེལ་ཡོད་པ་རྣམས་ཀྱི་བསྐུལ་པ། འཆི་བ་ནི་ཤིན་དུ་སྟན། །སྐྱེས་བུ་སེང་གེའི་གོས་ཀླག་ཅན། །ཁྱོད་ཀྱིས་འཇིག་རྟེན་ཁམས་མཐུན་མཛད། །བཙུན་མོའི་འཁོར་ཡང་བསྟན་པར་མཛད། །འཇིག་རྟེན་ཆོས་ནི་རྗེས་ཐོབ་པས། །མངོན་པར་འབྱུང་པར་དགོངས་པའི། །དེའི་དུས་ལ་ད་བབས་སོ། །ཞེས་བསྐུལ་བས་འཁོར་བ་ལ་སྐྱོ་བ་སྐྱེས་པའི་ཕྱིར་གྲོང་ཁྱེར་གྱི་སྒོ་བཞིར་སྐྱོངས་སངས་ལ་འདེང་ཞེས་ནས་མོས་

30a

༄༅།       །མོས་པས་ཤིང་རྟའི་ཁ་ལོ་ཁྲིད་དེ་གཤེགས་པ་པ་དང་། རྒྱལ་བྱིན་གྱིས་ལྷའི་སྐྱེ་རྒ་ན་འཆི་བཞི་སྤྲུལ་ནས་བསྡད་པས། ཤར་སྒོར་ཕྱིན་པ་དང་བུད་མེད་བུ་སྐྱེ་བ་ན་ཚ་ཅན་གཅིག་དང་འཕྲད་ནས་འདི་ཅི་ཡིན་ཞེས་མོས་པ་ལ་དྲིས་པས། འདི་ནི་སྐྱེ་བའི་སྡུག་བསྔལ་ལོ་ཞེས་པ་དང་། འདི་ཉིད་ལ་འོང་ངམ་ཀུན་ལ་སྲིད། །སྨྲས་པ་འདི་ནི་སྐྱེ་བ་ཞེས་བྱ་བའི་ཆོས་ཉིད་དེ། །སེམས་ཅན་ཀུན་ཀྱང་འདི་ཡི་ལམ་ནས་བྱུང་། །གསུངས་པ་སྐྱེ་བའི་སྡུག་བསྔལ་ཞེས་བྱ་བ་འདི་འདྲ་ན། །ན་དང་རྒས་དང་འཆི་བ་ཅི་ལ་བཟོད། །ངའི་ཤང་སྟ་མྱུར་དུ་སླར་སྒྱུར་ཅིག །དེ་ནས་ལྷོའི་སྒོར་བྱོན་པ་དང་རྒད་པོ་ཤིན་ཏུ་རྒས་པ་དགུར་བ་ཉམས་ཐག་པ་གཅིག་དང་འཕྲད་ནས་འདི་ཅི་ཡིན་དྲིས། མགོ་དཀར་སྙེར་ལུས་རྐང་ལག་ཀུན་ཀྱང་འདར། །གྲོང་པའི་བུས་པས་མཐོང་ན་ཤི་ན་རུང་སྙམས་སེམས། །ཁ་ནས་ཤུས་འདེབས་ལུས་ཀྱི་སྟོབས་དང་བྲལ། །ཤ་སྐམས་རྒྱུས་དང་ལྤགས་པས་དཀྲིས་ནས་སུ། །ཞེས་སྨྲས་པས། ལྷ་གཅིག་མི་འདི་རྒས་པས་ཟིལ་གྱིས་ནོན། །གཉེན་གྱི་སྐྱེ་བོས་བརྙས་ཤིང་སྐྱོན་མེད་གྱུར། །དོན་བགྱིད་མི་ནུས་ནགས་ཁྲོད་ཤིང་ལྟར་བོར། །རྒས་པ་ཞེས་བྱའི་ལུས་འདི་ཅི་མི་རུང་། །མི་འདི་གཅིག་བུ་རྒས་ཤིང་ཁོགས་པའམ། །འོན་ཏེ་གཞན་ཀུན་ལ་ཡང་སྲིད་དམ་སྨྲས་སོ། །ཁྱོད་ཀྱི་ཡབ་ཡུམ་ཉེ་དུ་གཉེན་ཚོགས་ཀྱང་། །རྒས་ལས་མ་ཐར་གྲོལ་བའི་ཐབས་མ་མཆིས། །དར་ཡལ་རྒས་ཤིང་དགུར་ལ་མགོ་སྐྱ་བ། །ལགས་ན་མཁར་བ་ཐོགས་པའི་མི་གཟིགས་ནས། །འདི་བདག་རྒས་ལས་མ་འདས་འདོང་ཞེས་

30b

གྲགས། །དེ་ནས་མི་དགྱེས་ཐུགས་ངན་དགོངས་མཛད་ནས། །ཅེས་སོ། །དེ་ནས་ཡབ་ཀྱིས་འཁོར་ལོ་བསྒྱུར་བའི་ཚིག་ཐོས་ནས། གཞོན་ནུ་ལ་ནི་ཡབ་དེ་དགོས་བཞིན་དུ། །དེ་ཚེ་སླར་དགའ་ནགས་སུ་མི་འགྲོ་ཕྱིར། །འདོད་པའི་ཡོན་ཏན་ལྔར་བཅས་མང་དུ་བྱིན། །དེ་ནས་ནུབ་སྒོར་ཕྱིན་པས་ནད་པ་མལ་ཡོ་བཅས་པ་གཅིག་དང་འཕྲད། འདི་ཅི་ཡིན་དྲིས་པས། འདི་ནི་ཡུན་རིངས་ན་བའོ། །འདི་ཉིད་ཡིན་ནམ་ཀུན་ལ་ཡོངས། །སྨྲས་པ་ཁྱོད་ཀྱི་ཡབ་ཡུམ་ཉེ་དུ་གཉེན་ཚོགས་ཀྱང་། །ནད་ལས་མ་ཐར་གྲོལ་བའི་ཐབས་མ་མཆིས། །འོ་ན་བདག་ཀྱང་ནད་ལས་མ་ཐར་ན། །ད་ལྟ་བདེ་ཡང་ཙེད་རྒས་ཅི་ཞིག་བྱ། །མི་ནི་ལུས་རིད་སྐྱ་བོ་སྦབ་སྦབ་པོ། །རང་དབང་མེད་པར་ནད་ཐེབས་འདི་གཟིགས་ནས། །ནད་ལས་བདག་མ་འདས་པ་ཅི་ཞིག་ཅེས། །དེ་ནས་མི་དགྱེས་ཐུགས་ངན་དགོངས་པར་མཛད། །རྒྱལ་བུ་ཡང་། དེ་ཚེ་དགའ་ནས་བདག་དོར་མི་བཞུགས་ཕྱིར། །གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་དང་། །རེགས་བྱ་ཡིད་འོངས་འདོད་ཡོན་ལྔ་ཡང་བྱིན། །དེ་ནས་བྱང་སྒོར་བྱོན་པས་མི་གུམ་པའི་རོ་མཐུམས་པ་གཅིག་དང་འཕྲད་ནས་འདི་ཅི་ཡིན་དྲིས་པས། ཤི་བ་ཞེས་བྱ་བ་ལགས། འདི་ཉིད་ཡིན་ནམ་ཀུན་ལ་འོངས། སྨྲས་པ། ཁྱོད་ཀྱི་ཡབ་ཡུམ་ཉེ་དུ་གཉེན་ཚོགས་ཀྱང་། །འཆི་བས་མ་ཐར་གྲོལ་བའི་ཐབས་མ་མཆིས། །འོ་ན་བདག་ད་ལྟ་གསོན་ཡང་། །ཚེ་ཟད་པའི་འདུ་ཤེས་བྲལ་གྱུར་ཞིང་། །སེམས་མེད་མིའི་རོ་ཞིག་གཟིགས་ནས་ནི། །འཆི་ལས་བདག་མ་འདས་པས་ཅི་ཞིག་ཞེས། །

31a

༄༅།       །དེ་ནས་མི་དགྱེས་ཐུགས་ངན་དགོངས་པར་མཛད། །སྐྱེས་བུ་མི་རྟགས་འདི་བ་ཅི་འདྲ་རུང་། །ར་རྩས་གྲོང་ཁྱེར་དམ་པ་དཔལ་ལྡན་ཡིད་འོངས་དེར། །ལྷའི་ལྷར་གྱུར་སྒྲོན་མེ་དང་མཚུངས་པ། །འདོད་པའི་ཡོན་ཏན་ཀུན་ཀྱང་དགྱེས་པའི་ཕྱིར། །དམིགས་སྟོང་དགའ་བའི་ཚལ་ན་གནས་པ་བཞིན། །ཅེས་སོ། །རྒྱལ་བུས་གསུངས་པ། གལ་ཏེ་རྒས་ནད་འཆི་བའི་སྡུག་བསྔལ་མེད་གྱུར་ཀྱང་། །འོན་ཀྱང་ཕུང་པོ་ལྔ་མཛིན་སྡུག་བསྔལ་ཆེན་པོ་ཡིན། །རྒས་ནད་འཆི་བ་འབྲས་པ་དམོས་ཅི་དགོས། །ཤིང་རྟ་སླར་བཟློག་རྟགས་ཏུ་ཐར་པར་བསམ། །གསུང་ནས་ནང་དུ་འགྲོ་བའི་ལམ་དཀར་དགེ་སློང་ཅིག་ཏུ་སྤྲུལ་ཏེ། དེ་ཡང་འབུད་དྷེ་སྭ་ཏྭ་ལ་རྒྱུའི་སྟོབས་ཡོད་ཀྱང་དེ་ལ་རྐྱེན་དགོས་སྙམས་ནས་སྤྲུལ་པ་དང་འཕྲད། མོས་པ་ལ་དྲིས་པས། ལྷ་གཅིག་མི་ནི་དགེ་སློང་བྱ་བ་ལགས། །འདོད་པའི་དགའ་བ་སྤང་ཤིང་དུལ་བར་སྤྱོད། །བདག་ཉིད་ཞི་བས་ཆོག་ཤེས་རབ་ཏུ་བྱུང་ནས་སུ། །ཆགས་ཆེན་བྲལ་བས་བསོད་སྙོམས་སྤྱོད་ཅིང་རྒྱུ། །ཞེས་པ་དང་། རྒྱལ་བུས་དེ་ལ་བསྐོར་བ་བྱས་ནས། ཚུལ་མཁས་བརྗིད་པས་གངས་ཀྱི་སེང་གེ་འདྲ། །དྲངས་སྟན་དབྱིབས་ལེགས་གསེར་ཕུར་བཏབ་པ་འདྲ། །ཁྱོད་ཀྱིས་རྗེས་སུ་བདག་ཀྱང་འཆི་བར་སྨོན། །འདི་ནི་བདེ་ལེགས་སྒྲ་ཉུངས་འདོད་ཡལ་སྟེ། །རབ་ཏུ་བྱུང་པར་མཁས་པ་རྣམས་ཀྱི་མངག །བདག་ལ་ཕན་ཞིང་སེམས་ཅན་ཀུན་ལ་ཕན། །འཚོ་བ་སྒོ་ཞིང་ཉམས་མཐུན་འཆི་མེད་འབྲས་བུར་འགྱུར། །གསུངས་ནས་ནང་དུ་ལོག་གོ །དེ་ནས་

31b

བྲམ་ཟེ་མཚན་མཁན་རྣམས་ཀྱིས་དང་པོར་ལོ་བདུན། བར་དུ་ཟླ་བ་བདུན། ད་ནི་ཞག་བདུན་ན་རབ་དུ་མ་བྱུང་ན་འཁོར་ལོས་བསྒྱུར་བར་འགྱུར་ཞེས་ཟེར་བ་ཐོས་ནས་ཡང་མཚན་མཁན་ན་རེ། གལ་ཏེ་དེའི་བཟང་པོ་གཟིགས་བཞེད་ན། །དེའི་སླད་དུ་དགུང་བདུན་བསྲུངས་ཤིག་དང་། །མི་དབང་གདུགས་ནི་བརྡལ་བར་གྱུར་པ་ལྟ་བུ་ཡིས། །རིན་ཆེན་སྣ་བདུན་འབྱུང་བར་ཐེ་ཚོམ་མེད། །ཁྱོད་སྲས་རིན་ཆེན་སྣ་བདུན་གྱིས། །དབང་ཕྱུག་གི་ནི་རྒྱལ་པོར་འགྱུར། །རྒྱ་མཚོ་ལ་ནི་ཐུགས་པའི་ས། །ཆད་པ་མེད་པར་སྐྱོང་བར་འགྱུར། །འོན་ཏེ་ས་ནི་སྤངས་ནས་སུ། །སྙེམས་མེད་ནགས་སུ་བཞུད་ནས་སུ། །ཐམས་ཅད་མཁྱེན་པ་ཐོབ་གྱུར་ནས། །འགྲོ་བ་སྒྲོལ་བར་མཛད་པར་འགྱུར། །ཞེས་ཐོས་སོ། །དེར་རྒྱལ་བུས། རབ་ཏུ་བྱུང་པར་བཞེད་ནས་ཡབ་རྒྱལ་པོ་ལ་ཞུས་པ། ལྷ་གཅིག་བདག་ནི་རབ་ཏུ་འབྱུང་བའི་དུས་བབས་རིགས། །དགྱེས་ཀྱང་མ་མཛད་མི་དགྱེས་མ་མཛད་གཅིག །རྒྱལ་པོ་གཉེན་འཁོར་གཡོག་དང་བཅས་པ་ལ། །ཐུགས་ལ་མི་དགྱེས་ཅི་མཆིས་བཟོད་པར་གསོལ་ཞེས་པ་དང་། རྒྱལ་པོ་མིག་མཆི་བས་གང་བཞིན་དུ་སྲས་ལ་སྨྲས་པ། དེ་སྐད་མ་གསུངས་བདག་དང་བཙུན་མོ་སྲས། །ཁྱོད་མི་བཞུགས་ན་དཔྲལ་གྱིས་མིག་དང་བྲལ། །དེ་བས་ཤཀྱ་བ་རྣམས་ཀུན་ཀྱང་རླག །ཁྱེད་ལ་བཞེད་པའི་སྐོར་ཀྱང་ད་རུང་བདག་གི་མནན། །ཞེས་སྨྲས་པས། འོ་ན་ལྷ་གཅིག་དག་ཀྱང་རྒས་པས་ཚུགས་པར་མི་འགྱུར་ཞིང་། །རྟགས་ཏུ་མདོག་བཟང་དར་ལ་

32a

༄༅།       །བབས་པ་བཞིན་དུ་གནས་པ་དང་། །ནད་མ་མཆིས་ཤིང་ནད་ཀྱི་མི་བཏབ་དང་། །ཚེ་དཔག་མ་མཆིས་རྒུད་པར་མི་འགྱུར་གསོལ། །ཡབ་ཀྱིས་སྨྲས་པ། སྐལ་པར་གནས་པའི་དྲང་སྲོངས་རྣམས་ཀྱང་ནམས་དུ་ཡལ། །རྒས་ནད་འཆི་དང་རྒུད་པའི་འཇིགས་ལས་མ་ཐར་ཏོ། །ཞེས་སོ། །འོ་ན་བདག་ཕྱིས་སྐྱེ་བ་མི་ལེན་པ་གཅིག་ཞུ་བྱས་པས། དེ་ཡང་མེད་ནས་རབ་ཏུ་བྱུང་པར་དམ་བཅས་སོ། །དེ་ནས་ཡབ་ཀྱིས་ཤཀྱ་བ་རྣམས་བསོགས་ནས། གཞོན་ནུ་ནི་རབ་ཏུ་བྱུང་ཟེར་ནས་ཤོལ་མ་ཐེབས་པས་ད་ཅི་བབས་ཞེས་པ་དང་། ཤཀྱའི་ཚོགས་རྣམས་ན་རེ་ཐབས་ཡོད་ཀྱིས། དེ་ནི་གཅིག་བུས་དེས་བདག་ནི་མང་དུ་ཚོགས་པས། ཞག་བདུན་པ་བསྲུངས་པས་ཆོག་གོ་ཞེས་ནས་དེར་ཟས་གཙང་ན་རེ། འོ་ན་སྒོ་ཀུན་ཆོད་ལ་སྟན་པ་དམ་དུ་ཆུག །སྐྱེས་བུ་དམ་པ་འདི་ནི་ཤོར་བར་གྱུར་ཏ་རེ། །ཞེས་ནས་མེལ་རྩེ་བ་ཀུན་ལ་སྨྲས་པ། འཇིག་རྟེན་གཉིད་ལོགས་རོ་དང་མཚུངས། །གཉིད་ལོག་བདུད་ཀྱི་དབང་དུ་འགྲོ། །འདི་ནི་མི་ཉལ་རྟགས་དུ་མཁས། །དེ་བས་མ་ཉལ་མེ་རྩེ་བྱོས། །ཞེས་སྒོ་བཞིར་ཟས་བཞི་དང་གྱད་བཞི་དང་དམག་དང་མེལ་རྩེ་བ་མང་དུ་བཞག་གོ །དེར་ས་འཚོ་མ་ལ་རྨི་ལམ་རྨིས་པ་རྒྱལ་བུ་ལ་བཟླས་སོ། །ལག་པ་གཡས་གཡོན་སྐྲ་ཡང་རབ་ཏུ་འབལ། །སྒྲེད་མོར་བྱུང་ཞིང་བྲང་བརྡུང་ཆོང་ངེས་རབ་དུ་འདེབས། །དེ་ལྟ་བུའི་རྨི་ལམ་རབ་ཏུ་རྨིས། །ཞེས་ནམ་གྱི་ཆ་བསྟོད་ལ་རྨི་ལམ་ཟླས་པས། རྒྱལ་བུ་ན་རེ། ལགས་པས་སྐྲ་འབལ་མིག་ནས་མཆི་མ་

32b

འཛག །ས་འཚོ་ཁྱོད་ནི་ཉོན་མོངས་དྲ་བ་འཆད། །ལུས་ཀུན་ཆད་དང་སྒྲེད་མོར་བྱུང་པ་ཡང་། །ས་འཚོ་མྱུར་དུ་བུད་མེད་ལུས་སྤངས་སྟེ། །རིང་པོར་མི་ཐོགས་སྐྱེས་པའི་ལུས་ཐོབ་འགྱུར། །ཡང་ནམ་སྨད་ལ་རྨིས་པ། བདག་གི་སོ་ཀུན་ལྷགས་པ་དང་། །དུངས་ཀྱི་དཔུངས་པ་ཆགས་པ་དང་། །ཟླ་བ་ས་ལ་ལྷུང་པ་དང་། །སྐར་མ་རྣམས་ནི་ངུ་བ་རྨིས། །ཞེས་སྨྲས་པས། ཁྱོད་ཀྱི་སོ་ནི་ཁ་ནང་གནས། །ཟླ་བ་ཡང་ནི་མཁའ་ལ་གནས། །ཡིད་ཀྱི་གདུང་པ་སྤོངས་ལ་ནི། །དོགས་མེད་བདེ་བར་གཉིད་ལོགས་ཅིག །ཞེས་སྨྲས་སོ། །ས་འཚོས་ཡང་སྨྲས་པ། རྨི་ལམ་འཇིགས་པ་རྨིས་པས་ན། །བདག་ཡིད་དོགས་དང་བཅས་པར་འགྱུར། །དེར་ནི་མཚན་མོ་གདུག་པ་དང་། །འབྲལ་བ་དག་ཏུ་མི་འགྱུར་གྲངས། །ཞེས་སོ། །ཡང་རྒྱལ་བུས་གསུངས་པ། དེང་ད་བུ་མེད་དག་དང་བདག །ཉལ་བའི་ཐ་མ་འདི་ཡིན་ཏེ། །ཕྱིན་ཆད་ཁྱིམས་དུ་བུ་མེད་དང་། །ད་ནི་ལྷན་ཅིག་མི་གནས་སོ། །ཞེས་སྨྲས་སོ། །རྒྱལ་བུ་ཉིད་ལ་ཡང་རྨི་ལམ་ལྔ་རྨིས་སོ། །ས་ཆེན་པོ་འདི་གཟིམས་མལ་དུ་བྱས་པ་དང་། རིབ་དབུ་རྟེན་དུ་བཅུག་པ་དང་། ཕྱག་གཡས་གཡོན་ཤར་ནུབ་ཀྱིས་རྒྱ་མཚོར་བརྐྱང་པ་དང་། ཞབས་གཉིས་ལྷོའི་རྒྱ་མཚོར་རྐྱང་པ་དང་། ལྟེ་བ་ནས་རྩྭ་སྐྱེས་སྟེ་ནམ་མཁའ་ལ་འཕགས་ནས་འདུག་པ་དང་། རོའི་སྟེང་ན་བདག་ཉིད་འཆགས་པ་རྨིས་སོ། །དེ་ནས་རྒྱལ་བྱིན་གྱིས་བསྐུལ་བ། བློ་གྲོས་བཟང་པོ་བཞེངས་ཅིག་བཞེངས། །ས་ནི་སྤངས་སྟེ་བཞུད་མཛོད་ལ། །ཐམས་ཅད་མཁྱེན་ཉིད་མཉེས་ནས་

33a

༄༅།       །ནི། །འགྲོ་བ་དག་ནི་བསྒྲོལ་བར་མཛོད། །ཞེས་པ་དང་། རྒྱལ་པོ་བཞིས་ཀྱང་གཞོན་ནུ་འདོན་པར་བྱ་བའི་ཕྱིར་ལག་ན་རྡོ་རྗེ་བཞི་ལ་སྨྲས་པ། གྲོགས་པོ་དག་དོ་ནོད་ནམས་ཀྱི་གུང་ལ་རྒྱལ་བུ་ཁབ་ནས་འབྱུང་གིས་རྟའི་རྨིག་པ་བཞི་ནས་ཐེགས་ཅིག་ཞེས་པས་ཁས་བླངས་སོ། །རྒྱལ་བྱིན་ན་རེ་བོ་ན་བདག་གིས་སྒོ་དབྱེ་བོ་ཞེས་སོ། །ལྷ་ཞི་བའི་བློ་གྲོས་ན་རེ་ཁོ་བོས་ཤཀྱ་རྣམས་གཉིད་ལོག་པར་བྱ་བོ་ཞེས་སོ། །ལྷའི་བུ་ཡང་དག་བསྐུལ་ན་རེ་བདག་གིས་གཞོན་ནུ་གཟིམས་མལ་ནས་བླང་ངོ་ཞེས་སོ། །དེ་ནས་གནོད་སྦྱིན་ལྔ་རྩེན་གྱིས་སྐས་གཙུགས། དེ་ནས་ཤཀྱ་བ་རྣམས་གཉིད་ལོགས་པར་རིགས། ནམ་གྱིས་གུང་ལ་སྐར་མ་རྒྱལ་ལ་ཡང་བབས་པར་རིགས་ནས་གཞོན་ནུས་མོས་པ་ལ་སྨྲས་པ། བདུན་པ་ལོངས་ཀྱིས་ཁྱིམས་ནས་མྱུར་དུ་ནི། །ངའི་རྟ་པོ་རིན་ཆེན་རྔོག་ལྡན་ལོངས། །སྔོན་གྱིས་རྒྱལ་བས་ལོངས་སྤྱོད་དགའ་ཐུལ་མཚལ། །ཐུབས་རྣམས་དགྱེས་པར་མཛད་པས་ང་གཤེགས་སོ། །མདུན་པས་མིག་ཕྱེ་ནས་སྨྲས་པ། ཇོ་བོ་ཁྱོད་ནི་དུ་ལགས་སམ། །ལྷ་ཁྱོད་སྐྱིད་མོས་ཚལ་གྱིས་དུས་ལ་བབས། །དེས་པ་ཁྱོད་དང་འགའ་ཞིག་འཁོན་མ་མཆིས། །ཁྱོད་ལ་དགྲ་བོ་སུ་ཡང་མ་མཆིས་ན། །དགུང་ཕྱེད་ཁྱོད་ལ་ཆིབས་ཀྱིས་ཅི་ཞིག་བྱ། །ཞེས་གསུང་པས་མདུན་པ་ཁྱོད་ཀྱིས་ལན་འགའ་ཡི། །ངའི་ཚིག་ནི་མ་བཅག་ན། །ངའི་དེང་དུས་ཐ་

33b

མ་ལ། །ཁྱོད་ཀྱིས་ངག་ནི་མ་བཅག་གཅིག །ཁྱོད་ཀྱིས་ཚོགས་ཀྱང་དོ་ནུབ་རྫོགས་པར་འགྱུར། །དུས་ལ་བབས་ཀྱིས་སྔགས་ལྡན་མྱུར་དུ་ལོངས་ཞེས་པ་དང་། མཚན་མོ་ནི་འཇིགས་པའི་དུས་དེ་བདག་གི་རྟ་མི་ལོན་ཏོ་ཞེས་སོ། །དེ་ནས་ཉིད་ཀྱིས་བཞུད་ནས་རྟ་ལ་སྨྲས་པ། སྔགས་ལྡན་ཐ་མ་ཡི་ནི་ཁུར་ལོང་ཅིག །དཀའ་ཐུབ་ནགས་སུ་མ་ཐོགས་ང་སྐྱོལ་ཅིག །བྱང་ཆུབ་ཐོབ་ནས་མྱུར་དུ་འགྲོ་བ་ཀུན། །བསམ་གཏན་རྣམ་ཐར་ཆར་གྱིས་ཚིམ་པར་བྱ། །ཞེས་གསུངས་པས། དེ་ནི་ཆོས་ཉིད་དེ། གདམས་ན་དུད་འགྲོ་ཡང་ཕྱི་ལང་མི་བྱེད་པར་ལྕོག་གེ་འདུག་གོ །དེ་ནས་མོས་པས་ཤཀྱ་བ་རྣམས་སླངས་པས་མ་སད་དེ་སྨྲས་པ། བདག་གི་ཁྱེད་ལ་ཁུས་བཏབ་ཀྱང་། །དགོན་པར་འོ་དོན་བོས་པ་བཞིན། །གཅིག་ཀྱང་སད་པར་མ་གྱུར་ཏོ། །ཞེས་ནས་མོས་པས་རྟ་ཕོ་བླངས་པ་དང་། མིང་ཆེན་གྱིས་ཚོར་ནས་མ་བཞུད་ཞེས་སྨྲས་ནས་བཤུད་དོ། །དེ་ལ་གསུངས་པ། གང་ཞིག་འབར་བའི་ཁྱིམས་ཆེན་ན། །མཁས་རྣམས་མྱུར་དུ་འབྱུང་པ་ལས། །ལེགས་མིན་སྨྲ་བ་མི་འོས་ཀྱིས། །ལེགས་ཞེས་སྨྲས་ན་འོས་པ་ཡིན། །དེ་བཞིན་རྒ་ནད་འཆི་བ་ཡིས། །རབ་འབར་སྲིད་པའི་གཟེབ་ལས་ནི། །འབྱུང་བར་འདོད་འགྱུར་གང་ཡིན་ལ། །འདི་ནི་མི་རིགས་ཅི་ཞིག་མཐོང་། །ཞེས་གདུང་དྲགས་པོས་སྒོ་ནས་སྤྱོས་སོ། །མིང་ཆེན་གྱིས་སྨྲས་པ། ཀྱི་ཧུད་དེར་དུ་རྒྱལ་པོ་ཟས་གཙང་ནི། །སྲས་ཀྱིས་མྱ་ངན་གྱིས་བརྡུངས་ནས། །

34a

༄༅།       །ལགས་པ་བསྒྲེངས་ཞིང་སྡུག་བསྔལ་སྟེ། །མི་བཟོད་སྒྲ་ནི་འབྱིན་པར་འགྱུར། །ས་འཚོ་གྲགས་འཛིན་རི་དགས་སྐྱེས། །དེ་བཞིན་བཙུན་མོའི་འཁོར་རྒྱས་པ། །དོན་གྲུབ་དང་ནི་བྲལ་གྱུར་པ། །ཤིན་ཏུ་སྡུག་བསྔལ་མྱོང་པར་འགྱུར། །ཞེས་པ་དང་། དེ་གྲགས་མཛིན་མས་བླངས་སྟེ་སྨྲས་པ། དོན་འགྲུབ་འདི་ནི་གཤེགས་གྱུར་གྱིས། །ཁྱིམས་བདག་སྡུག་བསྔལ་གྱིས་བརྡུངས་ནས། །སྡུག་བསྔལ་ཉམས་ཐག་དུ་མ་སོང་། །ཁྱིམས་ཐབས་སྡུག་བསྔལ་དེ་བཟློག །ཁྱོད་ཀྱིས་ཁྱིམ་ཐབས་གཤེགས་གྱུར་འདི་འདྲ་མཐོང་དཀའ་སྟེ། །ཁྱོད་ཀྱིས་འདི་ལྟོས་ཁྱིམས་ཐབས་མཐོང་པའི་ཐ་མ་ཡིན། །ཀྱི་ཧུད་ཕོངས་པ་བདག་གིས་མཚན་མོ་ཁུས་བཏབ་ཀྱང་། །སུས་ཀྱང་ལན་མ་སྟེར་བས་བདག་གི་མ་ལན་ཏོ། །དེས་ནི་འདི་ལྟར་ཁུས་བཏབ་ཀྱང་། །འདི་ལྟར་ལྷ་རྣམས་བྱིན་རླབས་ཀྱིས། །དགོན་པར་འོ་དོད་བོས་པ་བཞིན། །འགའ་ཡང་སད་པར་མ་གྱུར་ཏོ། །ཞེས་སོ། །དེ་ནས་རྒྱལ་བུས་ཡབ་ལ་སྒྲན་ཏེ། བསྐོར་བ་བྱས་ནས་གསུངས། བདག་ཀྱང་ཡིད་ལ་རྩེར་ལྡན་མང་། །བདག་ཀྱང་ཉེ་དུ་རྣམས་ལ་དགའ། །འོན་ཀྱང་འཁོར་བ་རང་བཞིན་ངན། །འདི་མཐོང་ནས་ནི་མཆི་བ་ལགས། །གལ་ཏེ་རྒ་ནད་འཆི་བ་དང་། །སྡུག་པའི་གཉེན་བྲལ་ལས་བྱུང་པའི། །གནོད་བྱེད་སྡུག་བསྔལ་མ་མཆིས་ན། །དེ་ནི་འོངས་པར་སུ་ཞིག་དགྱིད། །གང་ཕྱིར་མི་འདོད་བཞིན་དུ་ནི། །རབ་ཕྱེ་གཉེན་གྱིས་དཀྱིལ་འཁོར་དང་། །མཛའ་ཤེས་ཆུང་མ་

34b

དབང་ཕྱུག་རྣམས། །ཡུན་མི་རིངས་པར་འཁོར་བར་འགྱུར། །དེ་བས་མ་ཆགས་ཡིད་ཀྱིས་ནི། །འཁོར་བ་ལས་ནི་རྣམ་གྲོལ་ཕྱིར། །བརྩེར་ལྡན་ཉེ་དུ་སྤངས་ནས་ནི། །སྐྱེ་བོ་མི་ནག་རྟེན་པ་ལ། །ལུས་ཅན་འདུས་པར་ངེས་པ་ནི། །མཐར་ནི་འབྲལ་བར་འགྱུར་བ་ལགས། །བདག་གི་རྗེས་སུ་དགོངས་ནས་ནི། །རྨོངས་པའི་ཐུགས་ངན་མ་མཛད་ཅིག །ཅེས་གསུངས་ནས་ཆས་སོ། །དེ་ནས་མིང་ཆེན་གྱིས་ཟས་གཙང་མ་ལ་སྨྲས་པ། དོན་གྲུབ་འདི་ནི་བཞུད་ལགས་ཀྱིས། །ས་བདག་དེ་ནི་བཟློག་པར་མཛོད། །སྲས་ཀྱིས་མྱ་ངན་གྱིས་ཟིན་ནས། །སྡུག་བསྔལ་གྱིས་བརྡུང་བཤུམ་གྱུར་མཆི། །བདག་གིས་སྒྲན་ཀྱང་མ་སད་དོ། །དེ་ནས་བརྒྱ་བྱིན་གྱིས་མྱུ་གུ། མ་གུ་ར། ལོ་མ་གྱོན། འོད་ཟེར་ཅན་དང་བཞི་ལ་ཐེགས་ཅེས་སྒོ་ནས་རྟ་རྨིག་ནས་སྟེན་ནས། ལྔ་རྩེན་གྱི་སྐས་ལས་བབས་ཏེ། གཤེགས་ཁར་རྒྱལ་བུས་སྔགས་ལྡན་སྤྲོ་སྲིང་པའི་ཕྱིར་སྨྲས་པ། མ་སྐྱོ་མ་སྐྱོ་སྟོབས་ནི་གཟུང་པར་གྱིས། །འགྲོ་དོན་འབྲས་བུ་དེ་ནི་དེ་རིང་ལོང་། །མི་རིང་བྱང་ཆུབ་ཐོབ་ནས་འགྲོ་བ་རྣམས། །བསམ་གཏན་རྣམ་ཐར་གྱིས་ནི་ཚིམ་པར་བྱ། །ཞེས་གསུངས་ནས་མོས་པའང་རྟ་འཕོངས་ལ་སྐྱོན་ཏེ་གཤེགས་པ་ལས། ཤཀྱའི་ཡུལ་དང་ཀེ་ཏའི་ཡུལ་དང་གྱད་ཡུལ་ཀྱང་འདས་པའི་དཔག་ཚད་གསུམ་དུ་ཕྱིན་པ་དང་། གྲོང་ཁྱེར་དཔེ་མེད་དུ་སླེབས་ཏེ་ནམས་ལངས་ནས་འདུག་པ་ལ། མེ་

35a

༄༅།       །ནེ་ཡའི་ཡུལ་གྲོང་ཁྱེར་རབ་ཏུ་ས་གས་པ་ནས་རྟ་དང་གོས་བརྒྱན་ལ་སོགས་པ་བསྐུར་ཏེ་མོས་པ་ལ་སྨྲས་པ། ཁ་ལོ་བསྒྱུར་ཁྱོད་ངའི་རྟ་འདི་དང་། །བརྒྱན་འདི་དག་ཀྱང་སྙེན་པོ་རྣམས་ལ་བྱིན། །ང་ནི་འདོད་པ་རྒྱ་ཆེན་སྤངས་ནས་སུ། །ད་ལྟ་འདིར་ནི་རབ་ཏུ་བྱུང་པར་བྱ། །འདོད་པ་དག་ནི་སྤུ་གྲིའི་སོ་འདྲ་ཞིང་། །མེ་འོབས་འབར་དང་མཚུངས་ཤིང་མཐའ་ངན་པར། །འཇིག་རྟེན་ཕན་ཕྱིར་སྙིང་རྗེས་ས་སྤངས་སྟེ། །དགོན་པར་སོང་ནས་ཁྱིམས་ཀྱི་ཕྱིར་མི་ལྡོག །དེ་ནས་འདུན་པས་མིག་མཆི་མས་གང་ཏེ་སྨྲས་པ། སེང་གེ་སྟག་གིས་བལྟམས་པ་དང་། །ཐུགས་རྗེས་བལྟམས་པའི་ནགས་ཚལ་དུ། །འབའ་ཞིག་སྐུ་སྙེན་དང་བྲལ་བས། །འཕགས་པ་ཇི་ལྟར་སྤྱོད་པར་འགྱུར། །འབུད་དྷེས་གསུངས་པ། སྐྱེས་བུ་འདི་ནི་སྐྱེ་ནའང་གཅིག་བུ་ཏེ། །དེ་བཞིན་འཆི་ན་འང་ཅིག་བུ་འཆི་བར་འགྱུར། །འདི་ནི་ན་སུས་སྡུག་བསྔལ་མྱོང་འགྱུར་གྱིས། །འཁོར་བ་ལ་ནི་གྲོགས་ཡོད་མ་ཡིན་ནོ། །སྨྲས་པ། ཀྱི་ཧུད་གཞོན་ནུས་སྡུག་བསྔལ་མ་གཟིགས་ཏེ། །ཞབས་འཇམས་གླང་ཆེན་རྟ་ལ་བཅིབས། །གོམས་པས་ས་གཞི་རྩ་དང་རྡོ་བས་ལྟམས་ཙུབ་པར། །ཇི་ལྟར་ཞབས་ཀྱིས་གཤེགས་ཤིང་གང་དུ་རྒྱུ། །ཞེས་གསུངས་པས། འཆི་བདག་འཇིགས་པ་དེ་ནི་ལན་འགའ་ཡང་། །སྐྱིད་པ་བཅོམ་མེད་དེ་ཡང་ལན་འགའ་ཡིན། །མགོན་བཅས་ལ་མིན་རིགས་བཙུན་ལ་མ་ཡིན། །དཔའ་དང་བཙོན་མིན་སྐྱེ་བོ་དགའ་མ་ཡིན། །དགའ་བས་འཆི་བདག་འཇིགས་པ་དག །སྐྱེད་ནས་འོང་པར་འབྱུང་ཞེས་གྲགས། །

35b

དོན་མ་བྱས་ཤིང་མ་རྩམ་པར། །འཆི་བར་ཡང་ནི་འགྲོ་བར་འགྱུར། །སྨྲས་པ། རྒྱལ་པོ་བསྒྲེས་པོ་ནི་སྲས་ཀྱི་མྱ་ངན་གྱིས་གདུངས་ནས་འཆི་ངེས་སོ། །དེ་ནས་འདུན་པ་སོང་པའི་ཤུལ་ཏུ་མཆོད་རྟེན་རྩིག་པ་ལ་འདུན་པ་ཕྱིར་ལོག་གི་ཏེ་རྩ་ཟེར། དེ་ནས་མཆོད་རྟེན་རྣམ་དག་གི་རྩར་བྱོན་པ་དང་། དེ་ནས་རབ་བྱུང་བསྒྲེས་པོ་ཅིག་འདུག་ནས་དེ་ལ་རབ་ཏུ་འབྱིན་པར་ཞུ་བྱས་པ་དང་། ཁྱོད་ཙཀྲ་བར་ཏི་ཡིན་མི་འབྱིན་ཟེར། དེར་ཕྱག་གཡོན་པ་མཁན་པོར་བྱིན་གྱིས་རླབས། གཡས་པ་སྤུ་གྲིར་བྱིན་གྱིས་བརླབས་ནས། དབུ་སྐྲ་བཞར་རོ། །དེ་མར་མེ་མཛད་རྩ་ན་རབ་བྱུང་ཡིན་ཟེར། དབུ་སྐྲ་བརྒྱལ་བྱིན་གྱིས་ཁྱེར་ནས་རིགས་ཀྱིས་བུ་མི་འཁུ་འམ་མི་ལྡོག་གམ་ཟེར་ནས། ནམ་མཁའ་ལ་ཁྱེར་ནས་སུམ་བཅུ་རྩ་གསུམ་ན་གཙུགས་ཕུད་བླངས་པའི་ཏེ་རྩ་བྱ་བ་ཡོད་སྐད། དེ་ལྟར་སྤྲེ་ལོའི་དབྱར་ཟླ་འབྲིང་པོའི་ཚེས་བརྒྱད་ལ་རབ་དུ་བྱུང་ངོ་། །དེ་ལྟར་མོས་པས་ལོགས་ནས་ཕྱིན་པ་དང་། ཤཀྱ་བ་རྣམས་གཞོན་ནུ་གཏོར་བ་འཚོལ་བ་དང་ཕྲད་ནས། མཐོང་ངམ་དྲིས་པས་ངས་སྐྱལ་ཟེར་ད་རུང་བཟློག་དུ་འདེང་ངམ་ཟེར་བས། ང་ཁབ་ཏུ་མི་ཟེར་བས་མི་ཟློག་བྱས་སོ། །དེ་ནས་མོས་པས་རྟ་དང་བརྒྱན་ཁྱེར་ནས་བཙུན་མོའི་འཁོར་དུ་བྱོན་ནས། ས་འཚོ་མས་རྟའི་འགུལ་ནས་འཁྱུད། རྟ་མཆོག་ཁྱོད་ཀྱིས་མི་མཆོག་ག་རུ་སྐྱལ། །བདག་གིས་ཁྱེད་ལ་ནོངས་པ་ཅི་ཞིག་བགྱིས། །ཞེས་ནས་བཙུན་མོའི་ཚོགས་ཀྱིས་ངུས་སོ། །དེ་ནས་ས་འཚོ་མས་སྨོད་བོར་བ་འདི་

36a

༄༅།       །སྐད་དོ། །བོར་མོ་ཡུགས་ས་བྱེ་མོ་གསུམ། །བཙུན་ཆེན་རྣམས་ཀྱིས་ཆུང་མར་ཤོག །དཔུང་བརྟུར་སྤུ་མེད་གོང་མེད་གསུམ། །བན་དྷེ་བདག་གི་གོས་སུ་ཤོག །སོ་འཚམས་ཐང་ཁོབ་ཆུ་མེད་གསུམ། །བཙུན་ཆེན་རྣམས་ཀྱི་ཡུལ་ཏུ་ཤོག །རྟ་རྒན་བོང་རྒན་དྲེལ་རྒན་གསུམ། །བཙུན་ཆེན་རྣམས་ཀྱིས་ནོར་དུ་ཤོག །ཨ་དབྱར་བཅུད་མེད་རྡོར་མེད་གསུམ། །བན་དྷེ་དག་གི་ཟས་སུ་ཤོག །ཅེས་སྨྲས་སོ། །དེ་ནས་རྒྱལ་པོའི་གན་དུ་ཕྱིན་པས་རྒྱལ་པོ་ན་རེ། རྒྱལ་སྲིད་བུ་སྨད་བོར་ཏེ་གན་དུ་སོང་། །ཁྱོད་ཀྱིས་བདག་ལ་ཚུལ་འདི་ལེགས་པར་སྨྲོས། །མོས་པས་སྨྲས་པ། ལྷ་ཅིག་བདག་ལ་ལེགས་པར་གསོན། །དགུང་ཕྱེད་གྲོང་ཁྱེར་བུས་པ་རྒན་པོ་གཉིད་ལོགས་ཚེ། །མོས་པས་རྟ་རྒྱལ་ང་ལ་བྱིན་ཅིག་གསུངས། །བདག་གིས་སྐྱེས་པ་བུད་མེད་ཚོགས་ཀྱང་སླང་། །དེ་དག་གཉིད་ལོགས་རབ་ཏུ་མྱོས་པས་ཚོགས་མ་ཐོས། །གཞོན་ནུའི་བཀའ་ཡང་མ་ཚོགས་གཤེགས་པ་ཡིན་ནོ་ཞེས། །དེ་ལྟར་རི་བོ་དགའ་སྐྱིད་ཆུ་གླང་ཉམས་དགའ་དེ། ཏེ་རྩ་རྣམ་དག་གི་རྩར་རབ་དུ་བྱུང་ཏེ། དབུ་སྐྲ་ཡང་རང་གིས་བཞར་ཏེ། ཡབ་ཀྱི་ཆད་པས་འཇིགས་ནས་གཞན་འཇར་འཁན་མེད་དོ། །དེ་ནས་ཆོས་གོས་ངུར་མིག་མེད་པ་ལས། རྒྱ་བྱིན་གྱིས་ཁྱིམས་བདག་ཕྱུག་པོའི་ཆུང་མ་ཤི་བའི་གོས་ཤིང་གི་ལྷ་མོ་ལ་ཕུལ་བ་བླངས་ནས་སྔོན་པ་རྒན་པོར་སྤྲུལ་ཏེ་དོན་འགྲུབ་ལ་ཕུལ་ནས། རྒྱལ་བུ་

36b

ཡི་ཀ་ཤིའི་གོས་ཏེ་རྒྱལ་བྱིན་གྱིས་ཁྱེར་རོ། །དེ་ནས་བྲམ་ཟེ་རིགས་ལྡན་དང་། པདྨ་ལ་སོགས་པས་འགྲོན་དུ་བོས་སོ། །དེ་ནི་རབ་ཏུ་བྱུང་པའི་མཛད་པའོ། །